དེ་རིང་གྲོ་ཚང་ཚང་བོད་སྐད་ཡིག་ལས་དོན་མཐུན་ཚོགས་ལ་ཆེད་དུ་ཕེབས་པ་དང་ཚོགས་གཙོས་ལོ་གཉིས་ལྷག་གི་ལས་དོན་སྙན་ཞུ་བྱས། བསྟན་འཛིན་དང་བསོད་དགའ། ཚེ་རིང་ཐར། པདྨ་རྡོ་རྗེ་བཅས་ནས་ཁོང་ལ་དྲི་མེད་དར་འཐེན།

ད་རུང་ཁོང་གིས་སྦྱིན་པའི་ཕྱག་ཟུང་བརྐྱངས་ཏེ་བོད་སྐད་ཡིག་ལས་དོན་ལ་རྒྱབ་སྐྱོར་དུ་མ་འོང་བའི་བྱ་བ་ལ་མཛུབ་སྟོན་གནང་མ་ཟད་རོགས་དངུལ་གནང་བ་རེད།

གྲོ་པཎ་ཆེན་གྱིས་ས་གནས་དང་རང་རྫོང་མི་དམངས་ལ་རང་གི་སྐད་ཡི་གེ་དར་སྤེལ་བཏང་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཞབས་ཞུ་གང་ལེགས་བསྒྲུབ་དགོས་པའི་བཀའ་གསུང་སྩལ་བ་རེད།

མཛོད་དགེ་རྫོང་བོད་སྐད་ཡིག་ལས་དོན་མཐུན་ཚོགས།

若尔盖县藏语言文字协会

༢༠༢༥•༡•༡༡ 2025·1·11