同仁市保安镇下庄小学2024年秋季寒假致家长的一封信

同仁市隆务镇牙浪寄宿制小学

ཁྱིམ་བདག་ལ་སྤྲིངས་པའི་འཕྲིན
家长您好!

随着2024年秋季学期圆满结束,我们即将迎来愉快的寒假时光。在此,我们衷心感谢您一直以来对学校工作的理解与支持,以及对孩子无微不至的关爱与陪伴。为了确保孩子们能度过一个安全、健康、充实的寒假,我们特此致信,与您共同关注孩子的假期安全教育等问题。
一、假期安全提示🔔
1. 交通安全:

寒假期间,孩子们外出活动增多,请务必教育孩子遵守交通规则,不在马路上追逐打闹,不随意穿越马路。未满12周岁不得骑自行车上路,未满16周岁不得驾驶电动自行车或摩托车。同时,家长应尽量避免让孩子单独外出,确需外出时,应了解孩子的行程安排,确保安全。

2. 居家安全:

寒假期间,家长应加强对孩子居家安全的监管。教育孩子不随意触碰电器、煤气等危险物品,不攀爬窗户、阳台等高处,避免发生触电、火灾、坠落等意外。同时,提醒孩子注意网络安全,不轻信陌生人,不泄露个人信息,不沉迷网络游戏。

3.饮食安全:

寒假期间,孩子们的饮食应规律、健康。家长应引导孩子养成良好的饮食习惯,不吃过期、变质的食物,不暴饮暴食,少吃零食,多吃蔬菜水果,保持营养均衡。此外,还应教育孩子注意个人卫生,饭前便后洗手,预防食物中毒和传染病的发生。

4. 防溺水安全:

寒假期间,气温虽低,但仍需警惕孩子私自到水库、池塘等水域玩耍滑冰,以免发生摔伤或溺水事故。

5.心理健康:

寒假期间,家长应关注孩子的心理健康状况,与孩子保持良好的沟通,了解孩子的想法和需求,给予孩子足够的关爱和支持。鼓励孩子积极参加有益身心的活动,如阅读、运动、绘画等,培养孩子的兴趣爱好,缓解学习压力,促进身心健康发展。

6. 冬春季传染病预防:

冬春季是流感病毒、新冠病毒、肺炎支原体、诺如病毒、手足口病、水痘等传染病高发季节,请家长朋友提醒学生保持良好的卫生健康习惯,加强个人防护,做好传染病防控。
二、假期学习活动建议
1. 假前作业:

鼓励家长认真督促孩子每天按时完成当天作业,并进行适当的检查和指导。

2. 亲子阅读:

鼓励家长与孩子共同阅读,按照学校推荐的精选阅读书目和古诗词,培养孩子的阅读兴趣和阅读习惯,培养亲子感情。力争实现每天至少阅读两个小时以上,每天背诵一首古诗词。

3. 假期练字:

鼓励家长给孩子选择合适的楷体练字帖,一至三年级坚持每天练写一页,四至六年级坚持每天练写二页,提高学生的书写能力。

4. 体育锻炼:

寒假期间,家长应引导孩子积极参加体育锻炼,如跑步、跳绳、打球等,坚持每天锻炼1小时,增强体质,提高免疫力。

5. 兴趣培养:

根据孩子的兴趣和特长,音乐、舞蹈、绘画等爱好培养,丰富孩子的假期生活,提升孩子的综合素质。

6.德育活动:

鼓励家长配合学校积极引导孩子开展“情暖冬日,孝老爱亲在行动”德育主题活动。即:“家庭劳动我担当”“陪伴时光共分享”“感恩之情我表达”主题活动。
三、家校合作
寒假期间,学校将深入开展家访活动,并定期通过家校微信群等方式,与家长保持沟通,了解孩子的假期生活和学习情况。同时,家长也应积极与学校联系,反馈孩子的成长问题和需求,共同为孩子的健康成长保驾护航。

让我们携手合作,共同为孩子的健康成长营造一个安全、和谐的环境。祝愿您和您的家人寒假快乐,身体健康,万事如意!

同仁市保安镇下庄小学

2025年元月10日

རྒྱ་ཆེ་བའི་ཁྱིམ་བདག་རྣམ་པ།

ཁམས་བཟང་།

དུས་རྒྱུན་དུ་ཁྱེད་ཁྱིམ་བདག་གིས་ངེད་སློབ་གྲྭའི་སློབ་གསོའི་བྱ་བ་ཕྱོགས་ཡོངས་ནས་རོགས་རམ་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ད་ནི2024ལོའི་སྟོན་དུས་སློབ་སྐབས་མཇུག་རྫོགས་ཏེ་དགུན་གནང་གཏོང་བའི་དུས་ལ་ཐོན་སོང་། བྱིས་པ་རྣམས་བདེ་འཇགས་དང་།བདེ་ཐང་།ཕུན་སུམ་ཚོགས་པའི་དགུན་གནང་གི་འཚོ་བ་ཞིག་རོལ་ཐུབ་པར་འགན་ལེན་བྱ་ཆེད། ང་ཚོས་ཆེད་དུ་འཕྲིན་ཡིག་བསྐུར་ནས་ཁྱིམ་བདག་ལ་རེ་བ་འགའ་བཏོན་པར་གཙིགས་སུ་འཛིན་རྒྱུ་རེ་བ་ཞུ།

གཅིག དགུན་གནང་གི་བདེ་འཇགས་དྲན་སྐུལ།

1.འགྲིམ་འགྲུལ་བདེ་འཇགས། དགུན་གནང་གི་སྐབས་སུ་བྱིས་པ་ཚོ་ཕྱི་རོལ་དུ་འགུལ་སྐྱོད་བྱེད་ཚད་མང་བས་ངེས་པར་དུ་བྱིས་པ་ཚོར་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་དགོས་པ་དང་།གཞུང་ལམ་ཐོག་རྗེས་འདེད་དང་རྩོད་པ་མི་བྱེད་པ།གང་འདོད་དུ་གཞུང་ལམ་བརྒལ་མི་ཆོག་པའི་སློབ་གསོ་གཏོང་དགོས། ལོ12མ་ལོན་གོང་ལ་ལྕགས་རྟ་ཞོན་ནས་ལམ་དུ་བསྐྱོད་མི་ཆོག་པ་དང་།ལོ16མ་ལོན་གོང་ལ་གློག་སྒུལ་ལྕགས་རྟའམ་ཡང་ན་འཕྲུལ་རྟ་བསྐོར་མི་ཆོག དེ་དང་ཆབས་ཅིག་ཁྱིམ་བདག་གིས་བྱིས་པ་ཕྱི་ལ་འགྲོ་དགོས་སྐབས་འགྲུལ་ལམ་བཀོད་སྒྲིག་ལ་རྒྱུས་ལོན་བྱས་ནས་བདེ་འཇགས་འགན་ལེན་བྱེད་དགོས།

2.ཁྱིམ་སྡོད་བདེ་འཇགས། ཁྱིམ་བདག་གིས་བྱིས་པ་ཁྱིམ་དུ་སྡོད་པའི་བདེ་འཇགས་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་དགོས། བྱིས་པ་རྣམས་ལ་གློག་ཆས་དང་དྲོད་རླངས་སོགས་ཉེན་ཁ་ཆེ་བའི་དངོས་རྫས་ལ་གང་འདོད་དུ་མི་རེག་པ་དང་།སྒེའུ་ཁུང་དང་ཁང་ཀླད་སོགས་མཐོ་སར་མི་འགོ་པ། གློག་དགྲ་དང་།མེ་སྐྱོན་བྱུང་བ།ལྷུང་བ་སོགས་ཀྱི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་མི་ཡོང་བ་སྔོན་འགོག་བྱེད་དགོས། དེ་དང་ཆབས་ཅིག་བྱིས་པ་རྣམས་ལ་དྲ་རྒྱའི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་། རྒྱུས་མངའ་མེད་པའི་མི་དང་།དྲ་ཚིགས་ལ་དྲ་འབྲེལ་མི་བྱེད་པ།དྲ་རྒྱའི་རོལ་རྩེད་ལ་མི་ཞུགས་པ་སོགས་ཀྱི་དྲན་སྐུལ་བྱེད་དགོས།

3.བཟའ་བཏུང་བདེ་འཇགས། དགུན་གནང་གི་སྐབས་སུ་བྱིས་པ་ཚོའི་བཟའ་བཏུང་ཐད་བདེ་ཐང་ཡིན་དགོས། ཁྱིམ་བདག་གིས་བྱིས་པར་བཟའ་བཏུང་གི་གོམས་གཤིས་བཟང་པོ་ཞིག་ཆགས་པར་ཁྲིད་སྟོན་བྱེད་དགོས་པ་སྟེ། དུས་ལས་ཡོལ་བའི་ཟས་རིགས་མི་ཟ་བ་དང་།སྔོ་ཚལ་དང་ཤིང་ཏོག་མང་ཙམ་ཟ་བ་བཅས་བྱས་ནས་འཚོ་བཅུད་དོ་མཉམ་རྒྱུན་འཁྱོངས་བྱས་ཏེ་བྱིས་པའི་མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས། ཟ་མ་མ་ཟོས་གོང་ལ་ལག་པ་བཀྲུ་དགོས་པ་དང་། ཟས་དུག་ཕོག་པ་དང་འགོས་ནད་འབྱུང་བར་སྔོན་འགོག་བྱེད་དགོས་པའི་སློབ་གསོ་གཏོང་དགོས།

4.ཆུས་ཆུབ་པའི་བདེ་འཇགས།དགུན་གནང་གི་སྐབས་སུ་གནམ་གཤིས་དྲོད་ཚད་དམའ་བ་ཡིན་མོད།འོན་ཀྱང་བྱིས་པ་ཚོ་ཆུ་མཛོད་དང་རྫིང་བུ་ཡོད་སར་་དོགས་ཟོན་ནན་མོ་བྱེད་དགོས།

5.སེམས་ཁམས་བདེ་ཐང་། ཁྱིམ་བདག་གིས་དུས་རྒྱུན་དུ་བྱིས་པའི་སེམས་ཁམས་བདེ་ཐང་གནས་ཚུལ་ལ་དོ་སྣང་བྱེད་པ་དང་།བྱིས་པ་དང་འབྲེལ་འདྲིས་མང་ཙམ་བྱེད་པ།བྱིས་པའི་བསམ་ཚུལ་དང་དགོས་མཁོ་རྒྱུས་ལོན་བྱས་ཏེ།བྱིས་པར་གཅེས་སྐྱོང་དང་རྒྱབ་སྐྱོར་བྱེད་དགོས། བྱིས་པ་ཧུར་ཐག་གིས་ལུས་སེམས་ལ་ཕན་པའི་བྱེད་སྒོར་ཞུགས་པར་སྐུལ་མ་གཏོང་དགོས།དཔེར་ན་དཔེ་ཀློག་དང་།ལུས་རྩལ་།རི་མོ་སོགས་ཀྱིས་བྱིས་པའི་དགའ་ཕྱོགས་གསོ་སྐྱོང་དང་།སློབ་སྦྱོང་གི་གནོན་ཤུགས་ཇེ་ཆུང་དུ་གཏོང་བ།ལུས་སེམས་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

6.དགུན་དང་དཔྱིད་དུས་འགོས་ནད་སྔོན་འགོག་བྱ་རྒྱུ།དགུན་དང་དཔྱིད་དུས་ནི་ཆམ་རིམས་ནད་དུག་དང་།གློ་བའི་ཚ་ནད་སོགས་འགོས་ནད་འབྱུང་སླ་བའི་དུས་ཚིགས་ཡིན་པས།ཁྱིམ་བདག་གིས་བྱིས་པར་འཕྲོད་བསྟེན་བདེ་ཐང་གི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་དང་།མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་འགོས་ནད་སྔོན་འགོག་དང་ཚོད་འཛིན་ལེགས་པོ་བྱེད་དགོས་པའི་དྲན་སྐུལ་གནང་རོགས།

གཉིས།དགུན་གནང་གི་སློབ་སྦྱོང་བྱེད་སྒོའི་རེ་འདུན།

1.ལས་བྱ་བཀོད་སྒྲིག་ཡོངས་འགྲུབ། དགུན་གནང་གི་སྐབས་སུ་ཁྱིམ་བདག་གིས་བྱིས་པར་ཉིན་རེར་དུས་ཐོག་ཏུ་ལས་བྱ་ལེགས་འགྲུབ་ཡོང་བར་ནན་ཏན་གྱིས་བལྟ་སྐུལ་བྱེད་དགོས་པ་མ་ཟད།ཞིབ་བཤེར་དང་མཛུབ་སྟོན་འོས་འཚམ་གནངས་དགོས།

2.ཕ་མ་དང་བྱིས་པའི་དཔེ་ཀློག་།ཁྱིམ་བདག་དང་བྱིས་པས་མཉམ་དུ་དཔེ་ཀློག་བྱེད་པར་གོམས་གཤིས་སུ་གཏོང་དགོས།སློབ་གྲྭས་འོས་སྦྱོར་བྱས་པའི་ལྟ་ཀློག་གི་དཔེ་ཆ་ལྟར་དུ་བྱིས་པའི་དཔེ་ཀློག་གི་སྤྲོ་བ་དང་དཔེ་ཀློག་གི་གོམས་གཤིས།ཕ་མ་དང་བྱིས་པའི་བརྩེ་དུང་གསོ་སྐྱོང་བྱེད་དགོས། ཉིན་རེར་ཉུང་མཐར་ཡང་ཆུ་ཚོད་གཉིས་ཡན་ལྟ་ཀློག་བྱེད་པར་བརྩོན་ལེན་བྱེད་དགོས།

3.དགུན་གནང་སྐབས་སུ་ཡིག་གཟུགས་འབྲི་སྦྱོང་བྱེད་དགོས། ལོ་རིམ་དང་པོ་ནས་གསུམ་པས་ཉིན་རེར་ཤོག་ངོས་གཅིག་འབྲི་སྦྱོང་བྱེད་པ་དང་།ལོ་རིམ་བཞི་བ་ནས་དྲུག་པས་ཉིན་རེར་ཤོག་ངོས་གཉིས་རེར་འབྲི་སྦྱོང་བྱས་ནས་སློབ་མའི་འབྲི་ནུས་མཐོར་འདེགས་གཏོང་དགོས།

4.ལུས་རྩལ་སྦྱོང་བརྡར།དགུན་གནང་གི་སྐབས་སུ་ཁྱིམ་བདག་གིས་བྱིས་པ་ཧུར་ཐག་གིས་ལུས་རྩལ་སྦྱོང་བརྡར་ལ་ཞུགས་པར་ཁྲིད་སྟོན་བྱེད་དགོས།དཔེར་ན། རྒྱུགས་མཆོང་དང་།ཐག་ལྡིང། སྤོ་ལོ་སོགས་ཉིན་རེར་ཆུ་ཚོད་གཅིག་ལ་སྦྱོང་བརྡར་བྱས་ནས་ལུས་ཕུང་ཇེ་དྲག་ཏུ་གཏོང་བ་དང་རིམས་འགོག་ནུས་པ་ཇེ་མཐོར་གཏོང་དགོས།

5.སྤྲོ་སྣང་གསོ་སྐྱོང་།བྱིས་པའི་སྤྲོ་སྣང་དང་དགའ་ཕྱོགས་ལ་གཞིགས་ནས་རོལ་དབྱངས་ དང་།ཞབས་བྲོ།རི་མོ་སོགས་དགའ་སྣང་སྐྱེད་བསྲིངས་བྱས་ཏེ་བྱིས་པའི་དགུན་གནང་གི་ འཚོ་བ་ཕུན་ཚོགས་སུ་གཏོང་བ་དང་བྱིས་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་。དགོས།

6.ཀུན་སྤྱོད་གསོ་སྐྱོང་།ཁྱིམ་བདག་གིས་སློབ་གྲྭར་གཞོགས་འདེགས་བྱས་ནས་བྱིས་པ“རྒན་རྒོན་ལ་སྲི་ཞུ་དང་གཉེན་ཉེ་ལ་དགའ་བ”“ཁྱིམ་ཚང་གི་ངལ་རྩོལ་ངས་འགན་འཁུར་རྒྱུ་ཡིན།”“རོགས་རམ་བྱེད་པའི་དུས་ཚོད་མཉམ་སྤྱོད་བྱེད་རྒྱུ།”“བཀའ་དྲིན་གྱི་བརྩེ་དུང་ངས་མཚོན་རྒྱུ་”སོགས་བརྗོད་གཞི་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུའི་སྐུལ་མ་གཏོང་དགོས།

གསུམ། ཁྱིམ་དང་སློབ་གྲྭའི་མཉམ་ལས།

དགུན་གནང་གི་སྐབས་སུ་སློབ་གྲྭས་ཁྱིམ་བཅར་བྱ་འགུལ་སྤེལ་རྒྱུ་མ་ཟད།དུས་རྒྱུན་ཁྱིམ་བདག་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་བྱིས་པའི་དགུན་གནང་གི་འཚོ་བ་དང་སློབ་སྦྱོང་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་ཁྱིམ་བདག་གིས་ཀྱང་སློབ་གྲྭ་དང་འབྲེལ་འདྲིས་བྱས་ནས་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཐུན་མོང་གིས་སྲུང་སྐྱོབ་བྱེད་དགོས།

ང་ཚོས་ལག་གདང་སྦྲེལ་ནས་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བདེ་འཇགས་དང་འཆམ་མཐུན་གྱི་ཁོར་ཡུག་ཅིག་བསྐྲུན་དགོས། མཐར་ཁྱེད་བཟའ་མི་ཡོངས་ཀྱི་དགུན་གནང་གི་འཚོ་བ་སྤྲོ་སྐྱིད་ལྡན་པ་དང་།ལུས་ཕུང་བདེ་ཐང་ཡོང་བ་།བྱ་བ་ཐམས་ཅད་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།།

ཐུན་རིན་གྲོང་ཁྱེར་ཐོ་ཀྱྰ་གྲོང་རྡལ་བོད་སྐོར་སློབ་ཆུང་ནས།

2025ལོའི་ཟླ1པོའི་ཚེས10ཉིན།