འཁོར་བའི་དབྱངས།

ཚ་བས་མནར་བའི་གྲོང་ཁྱེར་ཞིག་ན་ཚོར་སྐྱེན་ལྡོམ་པོ་ས་ལ་འབྱར། །

ངལ་ཞིང་དུབ་པའི་ཡིད་བརྙན་ཐར་ཐོར་ཡི་གེའི་གཟུགས་ཀྱིས་སྙན་དངགས་བཞེངས། །

འཁྱེར་དམན་ཐོ་ཡོར་བོད་པ་ཞིག་གིས་ཡོས་འབྲུ་འཆའ་བཞིན་སྟོན་ལ་སྒུག །

འཁོར་བའི་དབྱངས་ཞེས་ཅི་ཡང་ཡིན་ལ་གང་ཡང་མིན་པའི་འགྲེལ་བརྗོད་ཅིག།

གླིང་བཞི་གླིང་ཕྲན་བརྒྱད་ཀྱི་དགེ་མཚན་ཀུན། །

མ་ལུས་ཡོངས་སུ་རྫོགས་འདྲའི་ལང་ཇུ་འདིར། །

དྲི་ཟའི་འཇིག་རྟེན་ས་ལ་བབས་པའམ། །

སྨིག་རྒྱུའི་གྲོང་ཁྱེར་ཡིན་ནམ་འཕྱང་མོ་ཉུག །

People are gradually getting older, and then if your ability doesn't grow, I think it's really a wine bag. But if as you grow older, your experience increases, your knowledge increases, and your burden becomes heavier and heavier, it is really worthy of your life.

ལྷིང་འཇགས་སུ་གནས་པའི་ཆུ་ངོས་སུ་ད་གཟོད་མཛེས་སྡུག་གི་གཟུགས་རིས་འཆར་ཐུབ་པ་ལྟར། སེམས་པ་ལྷིང་འཇགས་སུ་གནས་པའི་མིས་ད་གཟོད་འཚོ་བའི་བདག་པོ་བྱེད་ཐུབ།

ལྷིང་འཇགས་ནི་ཕྱིའི་འཚོ་བའི་ལྷིང་འཇགས་ཀྱི་རྣམ་པ་དེ་མིན་པར། འཚོ་བར་འགྱུར་ལྡོག་ག་འདྲ་བྱུང་ཡང་ནང་སེམས་ཀྱི་ལྷིང་འཇགས་སྲུང་རྒྱུ་དེར་བརྗོད་པ་ཡིན་ཏེ། ཆུ་རྙོག་ཕོར་བ་གང་དེ་ཡུན་རིང་གི་ལྷིང་འཇགས་བརྒྱུད་རྗེས་རང་བཞིན་གྱིས་འདམ་སྙིགས་གཏིང་དུ་བྱིངས་ནས། དྭངས་ཤིང་གཙང་བར་འགྱུར་སྲིད་པ་ལྟར། ལྷིང་འཇགས་ཀྱིས་ཀྱང་རྙོག་འཛིང་དང་རྫུན་བཅོས་ལྡན་པའི་སྤྱི་ཚོགས་ཀྱི་དོན་བྱ་མོད་པོ་ཞིག་གིས་ལྷད་པའི་ནང་སེམས་ལ་ཕྱི་དོར་ལེགས་པོ་བྱེད་ཐུབ། ---ཚངས་སྲས་དགེས་པའི་ཐིག་ལེ་ནས།

སྒྱུ་མའི་འཕྲུལ་གྱིས་བསྐྲུན་འདྲའི་གྲོང་ཁྱེར་འདིའི། །

བྱང་ཕྱོགས་གླང་ཆེན་ཉལ་འདྲའི་ལྷུན་པོའི་རྩེར། །

རབ་དཀར་བྱིན་རླབས་ཅན་གྱི་མཆོད་པའི་རྟེན། །

ས་པཎ་ཡབ་སྲས་ཟུང་གི་མཛད་རྗེས་ལགས། །

人生而是悦己的,而非苛求于人,每个灵魂都是一朵独特的花.

རང་དབང་ནི་གནམ་སྔོན་པོ་འགུལ་བཞིན་པའི་སྤྲིན་དཀར་གྱི་ཚོམ་བུ་ཞིག་ཡིན།རང་དབང་ནི་འདང་རྒྱག་ཅི་ཡང་མེད་པའི་བྱེའུ་ཞིག

Freedom is a white cloud fluttering in the blue sky, and freedom is a carefree bird.

མ༷་བཅོས་མཛེས་སྡུག་ལྡན་པའི་སྐྱེད་ཚལ་འདིའི། །

མ༷་བྲིས་ཉམས་འགྱུར་སྟོང་གིས་མཛེས་པའི་གཟུགས། །

མ༷་སྨད་དགེ་མཚན་འབུམ་གྱི་ལྟད་མོ་ལ། །

མ༷་བོས་སྐྱེ་བོ་ཁྲི་སྟོང་མགྲོན་དུ་ཕྱོགས། །

མཛེས་སྡུག་ནི་ཁྲོན་པའི་མེ་ལོང་གི་ནང་དུ་ཤར་བའི་དཀར་གསལ་གྱི་ཟླ་གཟུགས་གོར་མོ་དེ་ཡིན་ནམ།

ཞི་འཇམ་གྱི་སེམས་པ་ཞིག

རྒྱ་ཆེ་ཞིང་སྨག་གནག་པའི་འཆི་བར་སྡང

འོད་སྟོང་གི་འདས་སོང་ཁྲོད་ནས

རྟགས་མཚན་ཡོད་ཚད་འཚོལ་སྡུད་བྱེད

ཁྱོད་ལ་ལན་ཀྲུ་ཞེས་བཏགས་མོད

ལོ་རྒྱུས་ཀྱི་གླེགས་བམ་ལས་ལང་ཇུ་ཞེས་འབོད

རྒྱང་རིང་གི་ཐ་སྙད་དེ་དག་གིས

དགུན་ཟླ་ཞིག་རུམ་ནས་བཞུད

---ཚངས་སྲས་དགེེས་པའི་ཐིག་ལེ་འབོད་པ་པོས་སྦྱར་བའོ།།