༼སྐྱང་སྲས།༽的美篇

美友12131136

<p class="ql-block">  ༧ དཔལ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་ཡོངས་རྫོགས་ཀྱི་བྱིན་རླབས་དོན་གྱི་ཆུ་བོ་གཅིག་ཏུ་འདུས་པའི་གཉེར་དཔོན། མཁས་གྲུབ་བྱེ་བའི་གཙུག་རྒྱན་ལྷར་བཅས་འགྲོ་བའི་མགོན་པོ་སྐྱང་སྤྲུལ་བླ་མའི་དགུང་གྲངས་དགུ་བཅུར་ཕེབས་པའི་དུས་བཟང་རྨད་བྱུང་གདུལ་བྱ་རྒྱ་མཚོའི་དཔལ་དུ་ཚེས་པའི་སྐབས་བསྟུན། གཡུང་དྲུང་བསམ་འགྲུབ་དགོན་པ་འདུས་སྤྱི་ནས། བདེ་གཤེགས་འདུས་པ། ཀུན་གསལ་བྱམས་མའི་ཚོགས་བརྒྱ། དྲན་པ་ཚེ་སྒྲུབ། ཚེ་དབང་བོད་ཡུལ་མ་བཅས་སོགས་ཀྱི་གཞུང་བསྲངས་ཏེ་སྐུ་ཕྱྭ་རིམ་གྲོ་བསྒྲུབས་ཤིང་སྐུ་གསུང་ཐུགས་རྟེན་ལ་སོགས་ཀྱི་མཆོད་པ་ཕུན་སུམ་ཚོགས་པ་ཕུལ་ཏེ་བརྟན་བཞུགས་རྒྱས་འབུལ་ཞུས་པའི་ཟུར་གཅིག། </p> <p class="ql-block">དེ་ལྟར་བགྱིས་པའི་རྣམ་དཀར་དགེ་ཚོགས་ཀྱིས་ངེས་དོན་བྱང་སེམས་ཀྱི་བདག་ཉིད་ཆེན་མོ་བཀའ་དྲིན་བཞི་ལྡན་གྱི་དཔལ་ལྡན་བླ་མ་དམ་པ་གང་གི་ཞབས་པད་ཡུན་ནས་ཡུན་དུ་བརྟན་ཅིང་བཞེད་དགོངས་འབད་མེད་ལྷུན་གྲུབ་ཡོང་བ་དང་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་པར་ཤོག་ཅིག་གུ🙏🙏🙏 </p><p class="ql-block"> ཞེས་བསམ་འགྲུབ་དགོན་བླ་མ་གྲྭ་ཚང་འདུས་སྤྱི་ནས།</p><p class="ql-block"> ༢༠༢༤ ་ ༩ ་ ༢༢</p>