དགའ་བདེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་ དབྱར་གནང་སྐབས་སུ་ཁྱིམ་བདག་ལ་ཕུལ་བའི་འཕྲིན།

甘德县民族寄宿制小学

བརྩེ་བའི་ཁྱིམ་བདག་རྣམ་པ་ཁམས་བཟང་།

ཁྱེད་ཅག་གིས་རྟག་པར་ངེད་སློབ་གྲྭའི་བྱ་བར་རྒྱབ་སྐྱོར་ཚད་མེད་གནང་བར་ཐུགས་རྗེ་ཆེ་ཞུ། ད་ཡང་དབྱར་གནང་་སྐབས་ངལ་གསོ་ལ་ཁེལ་བས་སློབ་གྲོགས་ཚོས་ཁྱིམ་བདག་དང་མཉམ་དུ་བདེ་འཇགས་དང་སྤྲོ་སྣང་གིས་ཁེངས་བའི་ངལ་གསོ་སྐྱིད་པོ་ཞིག་ཡོང་ཕྱིར། གོང་རིམ་གྱི་བཀོད་སྒྲིག་གཞིར་བྱས་གནང་བའི་དུས་ཚོད་བཀོད་སྒྲིག་དང་དོ་སྣང་དགོས་པ་རེ་འགའ་གཤམ་གསལ་ལྟར།

གཅིག ཆུར་ལྷུང་བར་འཛེམ་པ།

ཁྱིམ་བདག་གིས་བདེ་འཇགས་ཀྱི་འདུ་ཤེས་བརྟན་པར་བྱས་ཏེ་ལྟ་སྐྱོང་གི་འགན་འགྲུབ་ཏུ་བཅུག་ནས་བྱིས་པར་སློབ་གསོ་དང་དོ་དམ་བྱ་དགོས་ལ། ནམ་རྒྱུན་བྱིས་པ་ཆུར་རྐྱལ་བ་དང་། ཆུ་འགྲམ་ནས་རྩེད་པར་སྔོན་འགོག་ནན་མོ་བྱ་དགོས། མ་ཟད་བྱིས་པ་ཕྱི་རོལ་རུ་འགྲོ་སྐབས་ཁྱིམ་བདག་གིས་སློབ་མ་གང་དུ་སོང་བ་དང་། སུ་ལ་འགྲོགས་པ། ཅི་བྱེད་དུ་སོང་བ། ནམ་ཕྱིར་སླེབས་པ་བཅས་ངེས་པར་བྱས་ཏེ་སློབ་མའི་བདེ་འཇགས་སྤྱི་དང་ལྷག་པར་ཆུར་ལྷུང་བར་འཛེམ་དགོས།

གཉིས། ཁྱིམ་གྱི་བདེ་འཇགས།

༡ སློབ་མར་མེ་སྐྱོན་སྔོན་འགོག་དང་རྡོ་དུག་སྔོན་འགོག་གི་འདུ་ཤེས་ཆགས་སུ་འཇུག་དགོས། ༢ ཁེ་གྲི་དང་གྲི་སོགས་མཚོན་ཆའི་རིགས་དང་སྨན་རྫས་སྣ་ཚོགས་བྱིས་པའི་མི་མཐོང་སར་སྦེད་པའམ་དེ་དག་གི་གནོད་སྐྱོན་ཐེབས་པར་དོ་སྣང་བྱ་དགོས།

༣ བྱིས་པར་ཁྱི་དང་ཞི་ལ་སོགས་དང་ལྷན་དུ་རྩེད་མོ་བྱེད་པ་དང་ཁ་གཙེ་བ་སོགས་བྱེད་དུ་འཇུག་མི་ཉན་ཏེ། དེ་དག་གིས་རྨས་སྐྱོན་བཟོ་ཉེན་ཡོད་པར་མ་ཟད་རིམས་ནད་སྣ་ཚོགས་ཀྱང་འགོ་བར་བྱེད།༤ བྱིས་པར་གནང་བའི་སྐབས་སུ་ནང་དོན་མི་ལེགས་པའི་བརྙན་འཕྲིན་སོགས་བལྟ་རུ་མི་འཇུག་པར་སློབ་ཕྱིའི་དཔེ་དེབ་ཀློག་པར་སྐུལ་བ་དང་། ཡ་རབས་ཀྱི་འཚོ་བའི་གོམས་གཤིས་ཆགས་པར་སློབ་གསོ་གཏོང་དགོས།

གསུམ། ཟས་རིགས་བདེ་འཇགས།

གནང་བའི་སྐབས་སུ་སློབ་མར་ཡོང་ཁུངས་མི་གསལ་བའི་ཟས་རིགས་མི་ཉོ་བ་དང་། དུས་ཚོད་བརྒལ་བ་དང་གད་སྙིགས་ཟས་རིགས་སོགས་ཟ་རུ་འཇུག་མི་ཉན།

བཞི། རིམས་ནད་སྔོན་འགོག

སློབ་མར་ལག་པ་གཙང་མར་བཀྲུས་ཏེ་ཟས་ལ་རོལ་བ་དང་། ནམ་རྒྱུན་མགོ་རྐང་བཀྲུ་བ་སོགས་གཙང་སྦྲའི་འདུ་ཤེས་རྒྱུན་འཁྱོང་བྱེད་དུ་འཇུག་དགོས། མ་ཟད་གནམ་གཤིས་ཀྱི་འགྱུར་བ་དང་བསྟུན་གོན་པའི་སྲབ་མཐུག་བརྗེ་བར་སྐུལ་མ་བྱ་དགོས། སློབ་མར་ཆམ་པ་ཕོག་པ་དང་། ཚ་བ་རྒྱས་པ་སོགས་མི་བདེ་བའི་སྣང་ཚུལ་བྱུང་ཚེ་དུས་ལྟར་སྨན་པར་སྟོན་དགོས།

དགའ་བདེ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་ནས། 2024ལོའི་ཟླ7ཚེས10ཉིན།