༄༅། །རང་སེམས་ལྷོད་ན་མེ་ཚེ་སྐྱིད། །

美友7508107

མི་ཚེ་ནི་སྐྱིད་སྡུག་འདྲེས་མའི་འཚོ་བ་ཞིག་ཡིན།

སྐབས་རེ་དགའ་སྤྲོས་ཕྱུག་ཅིང་།

སྐབས་རེ་དུཿཁའི་ཁུང་བུར་འཛུལ་འགྲོ

གང་ལྟར་ཡང་།

མི་ཚེ་ནི་དགའ་སྡུག་འདྲེས་མ་ཞིག་རེད།

འོན་ཀྱང་གནའ་གཏམ་དུ།

སྡུག་པོ་སྔོན་ལ་མྱང་ན་སྐྱིད་པོ་རྗེས་སུ་འོང་ཟེར།

ཟེར་རྒྱུ་དེ་ལྟར་ཟེར་རུང་།

དུས་དེང་སང་གཞོན་སྐྱེས་ཚོ་ཕལ་ཆེར་སྔ་མོ་ལྟར།

དགོང་ཕྱི་ཉལ་ཞོགས་སྔ་ལངས།

རྐང་ས་འོག ལག་ཆུ་སྦངས།

དེ་ལྟའི་དཀའ་སྡུག་ཟེར་བ་མྱང་དགོས་མི་འདུག

ཅིག་བྱས་ན།

སྤྱི་ཚོགས་ཀྱི་འཕེལ་རིམ་མམ།

ཡང་ན་ཚན་རིག་གི་དྲིན།

ཡང་ན་འགྲོ་བ་མིའི་རིགས་སྤྱིའི་འཕེལ་རྒྱས་ལས།

དེང་དུས་མི་རྣམས་གནའ་དུས་ལྟར་སྡུག་པོ་དེ་ཙམ་མྱོང་དགོས་མེད།

ཡིནའང་། སེམས་ཀྱི་སྡུག་སྔལ་དེ་ཇེ་སྡུག་ནས་ཇེ་སྡུག་འགྲོ་བཞིན་མཆིས།

གང་ལགས་ཤེ་ན།

སྤྱི་ཚོགས་ཀྱི་འཕེལ་རིམ་ལས་སྤྲད་པའི་གནོན་ཤུགས་དེ།

སེམས་ནང་ལྗིད་ཏིག་ཏིག་ཏུ་གནས་ཤིང་།

གང་ཞིག་འཚོ་བའི་ཆ་རྐྱེན་ཇི་ཙམ་གྱི་ལེགས་རུང་།

དེ་ཙམ་གྱི་རང་སེམས་སྡུག་སྔལ་གླིང་དུ་མང་བ་ཚུད་བཞིན་ཡོད།

དེས་ན་རང་སེམས་རང་གིས་བཅུན་ཏེ།

འཚོ་བའི་གནོན་ཤུགས་མེད་པ་ཅི་གང་ཐུབ་ཀྱི་བཟོ་དགོས།