དྲང་གཏམ་ཚིག་གི་རྔ་སྒྲ།

ཅོ་ཚེ་གྲུབ།

དྲང་གཏམ་ཚིག་གི་རྔ་སྒྲ།

---------ཅོ་ཚེ་གྲུབ་ཀྱིས།

ལུང་སྟོང་ནང་ལ་མདའ་ཞིག་འཕངས་ནས།།

རི་སྤྱང་རྒོད་པོའི་སྙིང་ལ་ཕོག་སོང་།།

སྙིང་རྩ་དམར་བོའི་ན་ཟུག་མ་བཟོད།།

རྫ་མགོར་རྒྱུགས་ནས་ལུག་ཁྱུ་གཏོར་སོང་།།

དྲང་གཏམ་གཡང་གི་མདའ་དར་བཟུང་ནས།།

ཁྲོམ་པའི་ཚོམས་ལ་གཡང་སྐོར་རྒྱག་དུས།།

འདམ་ཆུའི་ནང་གི་སྦལ་བ་ལྕོང་མོས།།

སྙིང་གི་མ་བཟོད་འཕག་འཚག་བྱས་སོང་།།

དྲང་སྲོང་བཟོད་པས་དཀའ་ཐུབ་སྤྱད་ནས།།

ཏིང་འཛིན་ཟས་ཀྱི་འཚོ་བཅུད་རོལ་དུས།།

ལང་ཀའི་རྒྱལ་བོ་དོགས་པ་སྐྱེས་ནས།།

གྲི་རིང་བཟུང་ནས་མདུན་དུ་ཐོན་བྱུང་།།

ཁྲ་ཡག་རྫ་མགོའི་ནོར་གནག་རྗེས་སུ།།

རྫི་བོ་གཞོན་ནུའི་གླུ་སྐད་གྱེར་དུས།།

རོང་བ་རྒན་མོའི་རྣ་ལ་མ་སྙན།།

མིག་ལོག་བར་ནས་སྡིགས་དམོད་བཏང་བྱུང་།།

ཁ་སང་བཤད་པ་ང་ཡི་མ་བརྗེད།།

དེ་རིང་ལབ་པ་སེམས་སུ་ཉར་ཡོད།།

ནངས་པ་སྐྱ་རེངས་མ་ཤར་གོང་ལ།།

ལྷ་བསང་བཏང་ནས་གཉན་ལ་ཞུས་ཆོག།

མ་གསང་དྲང་གཏམ་གཞན་ལ་མ་ལབ།།

གབ་ཚིག་ཅིག་གི་ཁུངས་སུ་སྦ་ནས།།

སྨྲ་མཁན་ནེ་ཙོར་སྐད་ཅིག་གཏོང་བ།།

ནེ་ཙོས་མ་ཤེས་ཁྲོམ་ལ་བཀྲམ་སོང་།།

སྤྱི་ལོ ༢༠༡༨ལོའི་ཟླ ༨ པའི་ཚེས ༨ ཉིན།