美友3262059的美篇

ཅོ་ཚེ་གྲུབ།

ཤིས་ཚིག་དབྱངས་ཀྱི་མཆོད་པ།

——གཞས་ཚིག

ཤར་རི་རྒྱལ་ལྷུན་པོའི་རི་རྩེ་ནས།།

གསེར་ཁྲི་གདུགས་ཉི་མའི་ཟེར་གྱི་མདངས།།

འོད་གླིང་བཞིའི་མུན་པ་གསལ་ལེ་འཆར།།

རྗེ་དྲིན་ཅན་བླ་མའི་གཟི་བྱིན་རེད།།

དབྱར་ཟླ་གསུམ་མེ་ཏོག་མཛེས་ཀྱིས་རྒྱན།།

བྱ་ཁུ་ལོའི་དྲུག་འགྱུར་སྙན་ཞིང་འཇེབས།།

མ་སེམས་ཅན་སྙན་དབང་གསོས་པའི་སྨན།།

མགོན་བླ་མ་ཁོང་གིས་ཆོས་སྒྲ་རེད།།

ལྷའི་ཁང་བཟང་རྣམ་པར་རྒྱལ་བྱེད་དེར།།

ཡུལ་ཆོས་དཔལ་ཞིང་ན་བཞེངས་སུ་བསྐྲུན།།

གྲྭ་སློབ་གཉེར་མང་བོའི་དགོན་གནས་གྱུར།།

ཕ་བླ་མ་དཀར་པོའི་ཐུགས་དགོངས་རེད།།

གནས་ལྕང་ལོ་ཅན་གྱི་གཞལ་ཡས་ནས།།

དཔལ་གསང་བདག་མི་ཡིས་གར་མཛད་པ།།

རྗེ་བླ་མའི་ཚུལ་གྱི་གནས་འདིར་ཕེབས།།

ངེད་ཆས་པའི་འབངས་ཀྱི་སྐྱབས་མགོན་རེད།།

དགུང་སྐར་ཚོགས་ས་ལ་ཕེབས་འདྲ་བོ།།

དགོན་མ་ལག་བརྒྱ་ཡི་བུ་དགོན་དེར།།

ཡུལ་མདོ་སྨད་ཆས་པའི་ཆོས་སྡེ་ཆེ།།

འབངས་མི་སེར་ཡོངས་ཀྱི་ཞིང་ས་རེད།།

གནས་རྒྱབ་རི་རིགས་གསུམ་མགོན་པོ་འཛོམས།།

མདུན་རྒྱལ་སྲིད་སྣ་བདུན་ཚང་བའི་ཡུལ།།

ཆུ་ཡན་ལག་བརྒྱད་ལྡན་དྭངས་ཤིང་བསིལ།།

ས་ཡར་འགག་མར་འགག་འཛོམས་གནས་རེད།།

བྲག་རང་བྱུང་ནོར་བུའི་ཕོ་བྲང་ན།།

འབྲོང་དར་མ་རྒོད་པོ་ཆིབས་སུ་བཅིབས།།

གཉན་དཔལ་བྱིན་དབང་གི་རྒྱལ་བོ་དེར།།

ཡུལ་ཆས་པའི་ཡུལ་ལྷ་དཔལ་རྒན་རེད།།

ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་གི་ཚོགས་ཆེན་འདུ་ཁང་ལེགས་འགྲུབ་མཛད་སྒོའི་ཤིས་ཚིག་དབྱངས་ཀྱི་མཆོད་པ་ཞེས་པ་འདིར་འབྲས་ལྡན་སྤྲིན་བཟང་ཟླ་བའི་དམར་ཕྱོགས་སྟོང་པ་དང་པོ་ཉིན་ལ་ཅོ་ཚེ་གྲུབ་ཏུ་འབོད་པས་ཤར་མར་བྲིས།