加吾乡寄宿制小学的美篇

加吾乡寄宿制小学

རྒྱལ་བོ་བཅའ་སྡོད་སློབ་ཆུང་གིས་རྒྱལ་སྟོན་དུས་ཆེན་སྐབས་སུ་

ཁྱིམ་བདག་ལ་སྤྲིངས་བའི་འཕྲིན་ཡིག

ཁྱིམ་བདག་རྣམ་པ་བདེ་མོ།

རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག བྱིས་པ་ཚོས་བདེ་འཇགས་དང་དོན་སྙིང་ལྡན་པའི་དུས་ཆེན་ཞིག་རོལ་ཆེད་ཁྱིམ་བདག་གིས་རང་སློབ་གྲྭར་གཞོགས་འདེགས་ཧུར་ཐག་བྱས་ཏེ་ལས་དོན་ཡག་པོ་འགའ་བསྒྲུབ་རྒྱུ་གཤམ་གསལ་ལྟར།

གཅིག རྒྱལ་སྟོན་གུང་གསེང་གི་དུས་ཚོད།

སློབ་གྲྭ་དང་ཁ་བྲལ་བའི་དུས་ཚོད། སློབ་མ་ཡོངས2023ལོའི་ཟ་9ཚེས28ཉིན་གྱི་ཕྱི་དྲོའི་ཆུ་ཚོད5ཡི་ཐོག་སློབ་གྲྭ་ནས་གནང་བ་སྟེར་བ་དང་།སློབ་གྲྭར་ལོག་པའི་དུས་ཚོད་ནི2023ལོའི་ཟླ10བའི་ཚེས6ཉིན་གྱི་ཕྱི་དྲོའི་དུས་ཚོད4དང་སྐར་མ50ཏག་ཏག་ཡིན།

གཉིས། སློབ་གྲྭས་བཏོན་པའི་གཞོགས་འདེགས་བླང་བྱ།

1.ཆུར་ནུབ་པར་སྔོན་འགོག་སློབ་གསོ། ཉེ་ཆར་ཆར་ཆུ་མོད་པ་དང་བསྟུན་ནས་ཆུར་ནུབ་ནས་ཤི་བའི་དོན་རྐྱེན་འབྱུང་སླ་བ་རེད། དེ་བས་ཁྱིམ་བདག་ཚང་མར་ཆུར་ནུབ་པར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན་པ་དང་། བྱིས་པ་དག་རང་དགར་ཆུ་བོ་དང་། རྫིང་བུ། ཆུ་འགྲམ་བཅས་སུ་རྩེད་མོ་རྩེ་བར་གཏན་འགོག་དང་། ཉེན་ཁ་ཆེ་བའི་ཆུ་ཁོངས་ཀྱི་གམ་དུ་ཆུར་ནུབ་པའི་རྐྱེན་ངན་མི་ཡོང་བར་སྔོན་འགོག་བྱ་དགོས།

2.མེ་འགོག་བདེ་སྲུང་སློབ་གསོ། བྱིས་པའི་ལུས་སུ་མེ་ཆ་དང་འབར་ཞུན་སོགས་མི་འཁྱེར་བའི་སློབ་གསོ་གཏོང་བ་དང་། བྱིས་པར་རི་མགོ་རུ་སྤྲོ་གསེང་དུ་མི་འགྲོ་བ་དང་། མེ་རྩེད་པ། བསྲེགས་ཟས་ཟ་བ། གང་སར་རྩྭ་དང་ཤོག་བུ་མེར་མི་སྦར་བ། ཤོག་སྦག་མི་རྒྱག་པ་སོགས་ཀྱི་སློབ་གསོ་བཏང་ནས་མེ་སྐྱོན་གྱི་ཉེན་ཁ་མི་ཡོང་བར་སྔོན་འགོག་བྱ་དགོས།

3.འགྲིམ་འགྲུལ་བདེ་འཇགས་སློབ་གསོ། བྱིས་པར་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་དགོས་པའི་སློབ་གསོ་གཏོང་དགོས་པ་སྟེ། རླངས་འཁོར་ནང་སྡོད་སྐབས་ཉེན་ཆེའི་དངོས་རྫས་མི་འཁྱེར་བ་དང་། ཁྱིམ་བདག་གིས་ཞིབ་བཤེར་ནན་མོ་བྱ་དགོས་པ་དང་འགྲོ་ལམ་ངོས་འཛིན་གསལ་བོ་བྱེད་དགོས།

4.ཟས་རིགས་བདེ་འཇགས་སློབ་གསོ། བྱིས་པར་ལམ་འགྲམ་དུ་ལག་རྟགས་མེད་པར་གཉེར་བའི་ཚོང་ཁང་ཆུང་བ་དང་། ཚོང་པ་ཚད་ལྡན་མིན་པའི་བཏུང་བྱ་དང་བཟའ་བཅའ་གང་བྱུང་དུ་ཉོ་མི་རུང་བའི་སློབ་གསོ་གཏོང་དགོས་པ་དང་། ཟས་དུག་མི་ཕོག་པའི་སྔོན་འགོག་བྱ་དགོས། བྱིས་པར་གཟུགས་པོ་འཁྲུ་བ་དང་། ལག་པ་བཀྲུ་བ། སེན་མོ་འབྲེག་པ་བཅས་བྱས་ནས་ནད་རིགས་སྔོན་འགོག་གི་སློབ་གསོ་གཏོང་དགོས།

5.རང་སྲུངའདུ་ཤེས་ཀྱི་སློབ་གསོ།ཕ་མས་ལྟ་སྐྱོང་གི་འགན་འཁྲི་ལག་བསྟར་བྱས་ནས་བྱིས་པ་ལ་ཕྱོགས་གང་ཅིའི་ཐད་ཀྱི་བདེ་འཇགས་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བྱིས་པར་བདེ་འཇགས་འདུ་ཤེས་དང་རང་སྲུང་བྱེད་ནུས་ཆེ་རུ་བཏང་ནས་རྐུ་འཕྲོག་དང་རྨས་སྐྱོན་མི་ཡོང་བ་བྱ་དགོས།

6. རྒྱལ་གཅེས་སློབ་གསོ།རྒྱལ་སྟོན་གྱི་གུང་གསེང་རིང་བྱིས་པ་དང་མཉམ་དུ་རྒྱལ་གཅེས་བྱ་འགུལ་མང་ཙམ་སྤེལ་བ་དང་། དོན་སྙིང་ལྡན་པའི་བྱ་འགུལ་ལ་མང་ཙམ་ཞུགས་ནས་བྱིས་པའི་རྒྱལ་གཅེས་འདུ་ཤེས་ཇེ་མཐོར་གཏོང་དགོས།

7. སེམས་ཁམས་སློབ་གསོ།རྒྱལ་སྟོན་གྱི་གུང་གསེང་གི་སྐབས་སུ་ཁྱིམ་བདག་གིས་བྱིས་པའི་རྒྱུན་གཏན་གྱི་ངལ་གསོའི་དུས་ཚོད་རྒྱུན་འཁྱོངས་བྱས་ཏེ་སེམས་ཁམས་བརྟན་པོའི་ངང་སློབ་གྲྭར་ལོག་པར་ཁེག་ཐེག་བྱེད་དགོས།

8.ཁྱིམ་ཚང་གི་བདེ་འཇགས་སློབ་གསོ།སློབ་གྲོགས་ཚོས་ཁྱིམ་བདག་གི་མཛུབ་སྟོན་འོག་ཁྱིམ་སྤྱོད་གློག་ཆས་དང་།སོལ་རླངས་ཐབ་ཀ འཕྲོད་བསྟེན་ཁྲུས་ཆས་སོགས་བེད་སྤྱོད་ཡང་དག་པ་བྱེད་ཤེས་པ་དང་། བདེ་འཇགས་ངང་གློག་དང་མེ་སྤྱོད་པའི་ཤེས་བྱ་སློབ་སྦྱོང་བྱ་དགོས་པ་མ་ཟད། “མི་འགྲོ་གློག་གཟིམ”གྱི་གོམས་གཤིས་བཟང་པོ་ཆགས་པར་བྱས་ནས་མེ་སྐྱོན་མི་འབྱུང་བར་ཁེག་ཐེག་བྱེད་དགོས་།

9.ཞོད་འགོག་སློབ་གསོ། རི་ཉིལ་བ་དང་། ས་རྡིབ་པ། བྱེ་འདམ་གྱི་ཉེན་ཁ་ཆེ་བའི་ས་ཁོངས་སམ་ཉེན་ཁ་ཅན་གྱི་ཁང་པའི་ནང་མི་འདུག་པ། ཆུ་རྒྱས་པའི་དུས་སུ་རི་ཉིལ་བ་དང་ས་རྡིབ་པ། འདམ་རྡོ་དང་ཆུ་རྒྱས་པ་སོགས་ཀྱི་རང་བྱུང་གནོད་འཚེ་འབྱུང་སླ་བ་བཅས་ལ་སྔོན་འགོག་གང་ལེགས་བྱེད་དགོས་བ་བཅས་སོ།

རྒྱལ་བོ་ཞང་བཅའ་སྡོད་སློབ་ཆུང་ནས།

2023ལོའི་ཟླ9བའི་ཚེས29ཉིན།

寄宿制

加吾乡

美篇

小学