CAlDAN的美篇

CAlDAN

2023ལོའི་ཟླ4ཚེས23ཉིན།གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོས་འཛམ་གླིང་དཔེ་ཀློག་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཕྱོགས་མང་པོ་ནས་སྤེལ།

བོད་ཀྱི་སློབ་གསོ་བ་ཆེན་མོ།སློབ་གཙོ་མིང་གྲགས་ཅན་དོ་རྒྱ་བསོད་ནམས་ཚེ་རིང་ལགས་ཀྱིས་དཔེ་ཆའི་ངོས་འཛིན་དང་།དཔེ་ཀློག་གི་དགེ་མཚན་དང་ཉེས་དམིགས།དཔེ་ཀློག་བྱེད་ཐབས་སོགས་ཀྱི་སྐོར་ནས་འཆད་ཁྲིད་གྱ་ནོམ་པ་གནངས་སོང་།

དོ་རྒྱ་བསོད་ནམས་ཚེ་རིང་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།

ན་གཞོན་རྩོམ་པ་པོ་མིང་གྲགས་ཅན་གཅན་རང་སད་ལགས་ཀྱིས་དཔེ་ཀློག་གི་གལ་ཆེན་རང་བཞིན་དང་དཔེ་ཀློག་བྱེད་ཐབས་ཀྱི་སྐོར་ནས་མཛུབ་སྟོན་གནད་དུ་འཁེལ་བ་གནངས།

གཅན་རང་སད་ལགས་ཀྱིས་མཛུབ་སྟོན་གནང་བཞིན་པ།

དགེ་སློབ་ཐམས་ཅད་ཀྱིས་འཆད་ཁྲིད་ལ་ཉན་བཞིན་པ།

ན་གཞོན་ཤེས་ཡོན་ཅན་དགེ་རྒན་རིག་ལྡན་ལགས་ཀྱིས་རྒྱལ་ནང་རྒྱལ་སྤྱིའི་དཔེ་ཀློག་གནས་ཚུལ་ངོ་སྤྲོད་དང་དཔེ་ཆའི་ཀློག་ཐབས་ལེགས་ཤོས་འཚམས་སྦྱོར་གནང་།

སློབ་གྲྭའི་བུད་མེད་ལྷན་ཚོགས་ཀྱི་ཀྲུའུ་རིན་སྐལ་བཟང་སྐྱིད་ལགས་ཀྱིས་ན་གཞོན་ཤེས་ཡོན་ཅན་དགེ་རྒན་གཡང་མོ་སྐྱིད་དང་དགེ་རྒན་རིན་ཆེན་སྒྲོལ་མ་གཉིས་གདན་དྲངས་ནས་སློབ་གྲོགས་བུད་མེད་རྣམས་ལ་ཆེད་དུ་དཔེ་ཀློག་གི་རིན་ཐང་དང་དཔེ་ཀློག་བྱེད་ཐབས་སྐོར་ནས་མན་ངག་གནང་བཞིན་པ།

སློབ་སྟོན་ཁང་གི་ཀྲུའུ་རིན་ཚེ་བརྟན་ལགས་ཀྱིས་དཔེ་ཀློག་ནི་མི་ཚེའི་རྒྱགས་ཕྱེ་ཡིན་པའི་སློབ་གསོ་གནང་བཞིན་པ།

འཛིན་གྲྭ་སོ་སོ་ནས་དཔེ་ཀློག་གི་རིན་ཐང་གླེང་བ་དང་དཔེ་ཀློག་གི་མྱོང་ཚོར་བརྗེ་རེས་ཀྱི་བྱ་འགུལ་སྤེལ་བ།