尖扎县马克唐镇加让寄宿制完全小学“党建引领民族语文教学”听课活动,于2023年4月7日至4月21日在本校认真开展,此次活动中老师们展现了各各年级的民族语文教学结合思政课授课,讲述更加精彩,方法更加多样化、效果更加显著,参与的老师们受益匪浅,都感到党的教育教学工作中是一种特色的教学方法,老师们更加坚定四个自信,能够做到为人民满意的教育打下了坚实的基础。

༡ ཁུག་རྟའི་ཚུགས་ཀ། ༢ ཁུག་རྟས་དཔྱིད་ཀ་གསོན་ཉམས་ལྡན་པར་བྱས།

༣ ཁུག་རྟའི་འཕུར་རྩལ། ༤ ཁུག་རྟའི་ངལ་གསོ་སྟངས་སོགས་ལས་འཕྲོས་པའི་

སློབ་མའི་ཚུགས་ཀ། སློབ་མས་སློབ་གྲྭ་གསོན་ཉམས་ལྡན་པར་བྱས། སློབ་མའི་རིག་རྩལ།

སློབ་མའི་ངལ་གསོ་སྟངས།

གྲང་ལྷགས་ཀྱི་མཚན་མོ།

སྦྲ་ནག་ཏུ་སྡོད་པའི་མཚན་མོ་དེར། གྲང་ལྷགས་ཀྱིས་གནག་ཕྱུགས་ལ་སོ་སྒྲ་འཆའ་བར་བྱས། སྒོ་ཁྱི་དེ་གཅོང་སྐད་ཀྱིས་ཟུག། ནམ་མཁའི་སྐར་མའང་ཁོང་འདར་བྱེད་པར་བྱས་པའི་གསོན་ཉམས་ལྡན་པའི་སྙན་ངག་གི་བྲོ་བ་སློབ་མར་མྱོང་བར་བྱས་ཏེ། ད་ལྟ་ཏང་གིས་དབུ་ཁྲིད་བྱས་པའི་ཀྲུང་གོ་གསར་བའི་མི་དམངས་ལ་བདེ་སྐྱིད་ལྡན་པའི་སྡོད་ཁང་དང་ཕུན་སུམ་ཚོགས་པའི་འཚོ་བ་ཞིག་ཡོད་པ་དང་། ང་ཚོ་ནི་ཏང་དང་མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་བ། ཚན་རིག་ལ་དགའ་བ། ཕ་ཡུལ་ལ་དགའ་བའི་ཏང་གི་དང་མེས་རྒྱལ་གྱི་མ་འོངས་བའི་རྗེས་འཛིན་པ་དང་འཛུགས་སྐྲུན་པ་ཞིག་ཡིན་པའི་ངོས་ཟིན་ཐོབ་པར་བྱས།

ལྕོང་མོའི་ཨ་མ་ཞེས་པའི་སློབ་ཚན་ལས་ལྕོང་མོའི་སྐྱེས་ཁམས་འགྱུར་ལྡོག་གི་གོ་རིམ་གསལ་བོརཤེས་སུ་བཅུག་སྟེ་བྱིས་པའི་སྐྱེས་ཁམས་འགྱུར་ལྡོག་གི་གོ་རིམ་ཡང་འགུལ་རིས་ཀྱི་ལམ་ནས་སློབ་མར་རྟོགས་པར་བྱས་ལ། མེས་རྒྱལ་ཨ་མའི་་མིང་ལ་ཀྲུང་གོ་དང་མིང་ཧྲིལ་བོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའང་ཤེས་སུ་བཅུག་སྟེ། རང་བྱུང་ཁམས་ཀྱི་སྲོག་ཆགས་ལ་གནོད་འཚེ་མི་གཏོང་བར་སྐྱེས་ཁམས་ལ་སྲུང་སྐྱོང་བྱ་དགོས་པའི་གནས་ལུགས་རྟོགས་པར་བག་ཆགས་ཟབ་མོ་བཞག

དཔེ་སྟོན་ཀྱི་ཀློག་དང་ཕྲལ་ཀློག། སྦྱོར་ཀློག། མཛུབ་ཀློག། རྗེས་བཟླས་ཀྱི་ཀློག་སོགས་ཆ་འཕྲིན་ལག་རྩལ་དངའབྲེལ་ཏེ་་སློབ་མ་ཀློག་ལ་བྱང་བར་བྱས་པ་མ་ཟད། སློབ་ཚན་ལས་བསྟན་པའི་མིང་ཚིག་རྣམས་དཔོད་བྲིས་གཏོང་ནུས་པར་བྱས་ཏེ་སློབ་མ་དཔེ་ཀློག་ལ་དགའ་བའི་སྤྲོ་སྣང་ཇེ་ཆེར་བརྟས་སུ་བཅུག

སྐྱེ་བོའམ་མི་ལས་མཁས་པ་དང་བླུན་པོ་བརྗོད་གཞིར་བྱས། མཁས་བླུན་གྱི་ཁྱད་པར་འབྱེད་པ་ལ་ཡོན་ཏན་ཡོད་མེད་དང་ལེགས་བཤད་གོ་དང་མི་གོ། ཉེས་པའམ་སྐྱོན་སེལ་བར་ནུས་དང་མི་ནུས། ཡོན་ཏན་གྱི་གཏིང་དཔོག་དང་མི་དཔོག། མདོར་ན་བླང་དོར་བྱ་བའི་བློས་གྲོས་ཀྱི་རྩལ་ཏེ་ཤེས་རབ་ལྡན་མིན་་གྱིས་མཁས་བླུན་སོ་སོར་འབྱེད་པའི་གནས་ལུགས་རྟོགས་སུ་བཅུག་པ་མ་ཟད། ཚིག་བཅད་ཤོ་ལོ་ཀ་རེའི་ནང་གི་དཔེ་དཔེ་ཅན་གྱི་སྙན་ངག་ལ་བྲོ་བ་མྱོང་བར་བྱས།

རིག་འཛིན་རྡོ་རྗེ་ཡིས་དོག་སྡེ་ཆུ་ཤུགས་གློག་འདོན་ས་ཚོགས་གསར་གཏོད་བྱས་པའི་བྱས་རྗེས་ལ་དགེ་སློབ་ཚང་མས་རྗེས་སུ་ཡི་རང་དང་ཁོའི་སློབ་སྦྱོང་གི་སྙིང་སྟོབས་དང་ཕ་ཡུལ་ལ་བཅིངས་པའི་བརྩེ་སེམས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། སློབ་གྲོགས་ཚོ་ཡང་ཚན་རིག་ལ་དགའ་བ་དང་གསར་གཏོད་ཀྱི་ལས་ལ་སྤྲོ་བ། མ་འོངས་པར་ཏང་དང་མེས་རྒྱལ་ལ་མཁོ་བའི་མི་སྣ་གལ་ཆེན་ཞིག་ཏུ་བརྩོན་ལེན་བྱ་བའི་བག་ཆགས་བརྟན་པོ་ཡིད་ལ་བཞག

སློབ་གཙོ་ལགས་ཀྱིས་དགེ་རྒན་རྣམ་པས་སྦྱོང་བ་གསུམ། བཤད་པ་གསུམ་དང་མི་བཤད་པ་གསུམ་རྩ་དོན་དུ་བཟུང་བའི་སྔོན་སྦྱོང་རྗེས་ཁྲིད་ཀྱི་སློབ་ཁྲིད་བྱེད་ཐབས་ལས། ལྷག་པར་ཐུན་མོང་མ་ཡིན་པའི་ཐབས་ལམ་དེ་འདྲ་བེད་སྤྱད་དེ་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་དེ་ཏང་གི་བསམ་བློ་དང་ཆབ་སྲིད་ལ་འབྲེལ་ནས་སློབ་ཁྲིད་བྱེད་ཐབས་ལ་ཅུང་ཟད་དཔྱད་པའི་སྒོ་ནས་སྤྱི་སྡོམ་མཛད།