ཐོས་པའི་སྒྲོ་འདོགས་གཅོད། །བགྲོས་པས་རིགས་ལམ་ཕྱེ། །

དེང་གི་སློབ་གསོ་བྱ་བའི་ཆོད་སེམས་ཇེ་བརྟན་དང་སྙིང་སྟོབས་རྒྱུན་འཁྱོངས། “འཛིན་གསུམ་སྐུལ་གསུམ”གྱི་དམིགས་ཡུལ་གཙོར་འཛིན་། སློབ་སྦྱོང་དང་སློབ་གསོའི་ཐད་སྟོབས་ཤུགས་ཡོད་རྒུ་འདོན་པ། ནུས་པ་མཐོར་འདེགས་དང་བྱ་བའི་སྤྱོད་ལམ་ཇེ་ལེགས་སུ་གཏོང་ཆེད།

ཟླ་འདིའི་ཚེས་༤ཉིན། རང་རེའི་རྫོང་ཁོ་ཚེ་གྲོང་རྡལ་ལྟེ་བའི་སློབ་ཆུང་དང་བླ་བྲང་གྲོང་རྡལ་ལྟེ་བའི་སློབ་ཆུང་གཉིས་ཀྱིས་བོད་སྐད་ཡིག་སློབ་དཔྱོད་སྐོར་གྱི་ཉམས་མྱོང་བརྗེ་རེས་ཞེས་པའི་སློབ་ཁྲིད་སློབ་གསོའི་བྱ་འགུལ་སྤེལ། བླ་བྲང་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་དགེ་རྒན་རྟ་མགྲིན་སྒྲོལ་མ་དང་པདྨ་མཚོ་གཉིས་ཀྱིས་སྔ་གཞུག་ཏུ་ལོ་རིམ་དང་བོའི་སློབ་ཚན་གསུམ་པ་ཁ་ཕྱོགས་དང་ལོ་རིམ་ལྔ་བའི་ཤེས་བྱའི་དགའ་ཚལ་གྱི་གཏམ་དཔེ་གཉིས་དཔེ་སྟོན་སློབ་ཁྲིད་བྱས་ཤིང་། དགེ་རྒན་གཉིས་ཀྱི་དཔེ་ཁྲིད་ལ་གོ་རིམ་ལྡན་ཞིང་བྱང་ཆ་ལྡན། སློབ་མ་གཙིགས་འཛིན་དང་ཉམས་མྱོང་ཕུན་སུམ་ཚོགས་པས་དགེ་སློབ་ཚང་མ་དགའ་གུས་ཡིད་སྨོན་ཤོར།

དེ་བཞིན་དུ་འབྲེལ་ཡོད་བླ་བྲང་གྲོང་རྡལ་ལྟེ་བའི་སློབ་གྲྭའི་མགོ་ཁྲིད་དང་བོད་སྐད་སློབ་དཔྱོད་ཀྱི་མགོ་གཙོའི་སྣེ་ཁྲིད་འོག ཁྲིད་ཡིག་དཔེ་ལྟ་དང་ཉམས་མྱོང་བརྗེ་རེས་སོགས་ཕན་ཚུན་གཞོགས་འདེགས་ཀྱི་ནུས་པ་བླ་ལྷག་ཐོན་པའི་སློབ་ཁྲིད་སློབ་གསོའི་བྱ་འགུལ་ཡག་པོ་སྤེལ་ཞིང་། སློབ་གཙོ་ཟུར་བ་རྟ་མགྲིན་ཐར་ལགས་ཀྱིས་ཐེངས་འདིའི་བྱ་འགུལ་གྱི་དོན་སྙིང་དང་རིན་ཐང་ཐད་ནས་གནད་དུ་ཁེལ་བའི་གཏམ་བཤད་གནང་སྟེ་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུས་པའོ། །