美友294594603的美篇

美友294594603

ཆུང་དུས་ནས་བྱིས་པ་རྣམས་ལ་དཔེ་ཀློག་གི་གོམས་གཤིས་གསོ་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་དང་།་དཔེ་ཀློག་ལ་དགའ་བས་ཕྲུ་གུའི་ཀླད་པ་འགུལ་ནས་གནད་དོན་ལ་བསམ་གཞིགས་བྱེདཤེས་པར་བྱ་བ་དང་།འབྱུང་མཐའ་སློབ་སྦྱོང་ལ་ཇེ་དགའ་རུ་འགྲོ་ངེས་ཡིན་ཞིང་།རང་གཤིས་ལྷིང་འཇགས་དུ་གནས་ནས་བསམ་བློ་འགུལ་སྐྱོད་བྱེད་ནུས་པ།རངགི་རང་ཉིད་གཅུན་ཐུབ་པར་བྱེད་པ་དང་།ཤེས་རྒྱ་ཇེ་ཆེར་རུ་འགྲོ་ཐུབ་ངེས་ཡིན།

བྱིས་པ་ཚོ་དཔེ་ཆ་ལ་བལྟ་བར་དགའ་རུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེ།དཔེ་དེབ་འདེམས་སྐབས་རྩ་དོན་གཉིས་ལ་དོ་སྣང་བྱེད་དགོས་གཅིག་ནི་ཕྲུ་གུའི་ལོ་ཚད་ལ་གཞིགས་དགོས་པ་དང་གཉིས་ནི་ཕྲུ་གུའི་དགའ་ཕྱོགས་ལ་གཞིགས་དགོས།

བྱིས་པའི་འཚོ་བའི་ཉམས་མྱོང་ལ་ཚད་དམའ་བས་འཁྲབ་བྱའི་མི་སྣ་དང་།རྒྱབ་ལྗོངས།་བརྗོད་བྱ་བཅས་ཚང་མ་ཁོ་ཚོའི་འཚོ་བའི་ཁྲོད་རྒྱུན་དུ་མཐོང་རྒྱུ་ཡོད་པ་ཞིག་ཡིན་དགོས།

།མ་གཞི་བྱིས་པའི་འཚོ་བ་དང་མཐུན་དགོས་པའི་བརྗོད་བྱ་འདེམས་འབྲི་བྱས་ཏེ་ཁ་བདེ་ལྕེ་བདེ་དང་གོ་སླ་བའི་ཡི་གེ་སྤྱད་ཚེ་ཕྲུ་གུས་རྣམས་ཀྱིས་གཞི་ནས་དང་ལེན་བྱེད་སླའོ།

ཁོང་ཚོ་ནི་འཛིན་གྲྭ་འབྲིང་བའི་བྱིས་པ་ཡིན་པས།ཁོ་ཚོའི་དཔེ་ཆ་ཀློག་སྐབས་ལ་ལར་གང་འདོད་དུ་འཇོག་པ་དང་གང་འདོད་དུ་གཡུག་པ་སོགས་ཡོད་པས།དེའི་རྐྱེན་གྱིས་བྱིས་པར་རང་ཉིད་ཀྱི་དཔེ་ཆ་གྲ་སྒྲིག་ནས་འཇུག་རྒྱུ་ནི་ཧ་ཅང་གལ་ཆེ།

མི་ཚེའི་བདེ་སྐྱིད་ལོངས་སུ་སྤྱོད་པ་ནི་དཔེ་ཀློག་ཡིན་ཞིང་།དཔེ་ཀློག་ལ་དགའ་བའི་བྱིས་པ་ཞིག་གསོ་སྐྱོང་བྱེད་ཐུབ་ན།ད་གཟོད་བྱི་པ་ཚོ་ལ་འོད་སྟོང་ལྡན་པའི་མི་ཚེ་ཞིག་གཅེས་སྐྱོང་བྱེད་ཐུབ་པ་ཡིན