四川省甘孜藏族自治州新龙县甲依寺

雪山达瓦堪布

༄༅། ཨེ་མ་ཧོ།

ན་མོ་བོན་སྐུ་བཀྲ་ཤིས་ཞིང་དག་ནམས་མཁའི་དབྱིངས།

ལོངས་སྐུ་བཀྲ་ཤིས་མཚན་དཔེའི་གཞའ་ཚན་བཀྲའ།

སྤྲུལ་སྐུ་བཀྲ་ཤིས་ཕྱོཊ་བཅུ་ལོ་འདེས་རྒྱས།

སྐུ་གསུམ་བཀྲ་ཤིས་དུས་གསུམ་གནས་སུ་དག

རིག་ལྔ་བཀྲཤིས་དུག་སྔ་རང་ས་ཞི།

སྟོན་པ་བཀྲ་ཤིས་སངས་རྒྱས་དར་བ་ཤོག

ཕྱི་སྣོད་བཀྲ་ཤིས་ལྷ་ཡི་གཞལ་ཡས་ཁང་།

ནང་བཅུ་བཀྲ་ཤིས་ཡི་དམ་ལྷ་བོཊ་གང་།

དཔོན་གསས་བཀྲ་ཤིས་བོན་སྐྱི་ལོ་འདེབ་རྒྱས།

རིག་འཛིན་བཀྲ་ཤིས་ཚེ་ཡི་དངོས་གྲུབ་ཐོ།

མཁའ་འགྲོ་བཀྲ་ཤིས་ཁམས་གསུམ་དབང་དུ་བསྡུད།

བོན་སྐྱོངས་བཀྲ་ཤིས་དགྲ་བགེགས་ཤུག་གྱི་སྒྲལ།

སྡེ་བརྒྱད་བཀྲ་ཤིས་བསྟན་པ་ཡངས་སུ་བསྲུངས།

ནོར་ལྷ་བཀྲ་ཤིས་ཟད་མེད་གཏེཊ་ལ་སྤྱོད།

ས་བདག་བཀྲ་ཤིས་ཡུལ་རྟེན་འཕང་འགྱུར་མེད།

ཀླུ་གཉན་བཀྲ་ཤིས་རིག་རྒྱུད་དར་ཞིང་རྒྱལ།

གཞི་བདག་བཀྲ་ཤིས་བདཙན་ཕྱུག་འཕེན་དར་སྐྱེད།

གཡང་ལྷ་བཀྲ་ཤིས་བཀོར་ཕྱུག་བོའུ་ལུག་འཕེན།

མཚོན་མགོན་བཀྲ་ཤིས་མི་ཚེ་མཐའ་རུ་ཕྱིན།

རིགས་དྲུག་བཀྲ་ཤིས་ཐར་ལམ་ཟིན་པར་ཤོག

གནམ་ལ་བཀྲ་ཤིས་ཉི་ཟླ་གཟའ་སྐར་བཀྲའ།

བར་སྣང་བཀྲ་ཤིས་ཆ་ཆུ་དུས་སུ་འབབ།

ས་གཞིའ་བཀྲ་ཤིས་འབྲས་བུ་ལོ་ཏོ་རྒྱས།

བླ་མཆོད་བཀྲ་ཤིས་སྟོན་པ་དར་ཞིང་རྒྱས།

ཡེན་བདག་བཀྲ་ཤཀས་བདེ་སྐྱིད་ཕུན་སུམ་འཚོཊ།

ཐམས་ཅད་བཀྲ་ཤིས་སྨོན་ལམ་ལྷུན་གྱིས་གྲུབ།

བཀྲ་ཤིས་བདེ་ལེཊ་མཐའ་མཉམ་ཤོག།།