2022年同仁市逸夫民族中学六一儿童节

美友80209960

༢༠༢༢ལོའི་རེབ་གོང་དབྱི་ཧྥུ་མི་རིགས་སློབ་འབྲིང་གི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཡུལ་དངོས།

六一”是孩子们的天堂,“六一‘将令你心花怒放;“六一”是你的期望,“六一”你可以激情奔放,“六一”里你也可以享受天伦之乐。总之,“六一”将令你无比激动,无比快乐!

ཤིས་ཚིག

མི་རིགས་སློབ་གསོའི་ལས་རྐང་ན་རང་ཉིད་ཀྱི་ལང་ཚོ་རླུང་ལ་སྤུར་བཞིན་པའི་ངའི་སྙིང་ཁོང་གི་དགེ་གྲོགས་རྣམ་པ། རྫ་འདབ་དང་རི་གྲོང་ན་དཀའ་སྡུག་རྔུལ་ཆུ་ལ་བརྗེས་ཀྱང་སེམས་པ་བུ་ཕྲུག་ལ་ཤོར་བའི་ཕ་མ་རྣམ་པ། རེ་བ་དང་རྨི་ལམ་རུམ་ནས་མི་ཚེའི་ཞུན་བརྡར་ལ་འབུངས་པའི་ངའི་སྙིང་གི་སློབ་བུ་རྣམ་པ། ཁྱེུད་རྣམ་པའི་སྐུ་ཁམས་བཟང་ང།

འཇིག་རྟེན་ན་འཚོ་བའི་ང་ཚོ་འགྲོ་བ་མི་ཞིག་ལ་མཚོན་ན།རེ་ཞིང་སྙེགས་པའི་ལམ་དམ་པ་ནི་ཐོས་བསམ་ལ་འབད་ནས་རང་གི་མི་ཚེ་དོན་ལྡན་དུ་བསྒྱུར་རྒྱུ་དེ་ཡིན་ལ། སྔོན་བྱོན་མེས་པོ་དག་གི་གསུང་ལས་ཀྱང་༼ རིག་པ་གཞོན་པའི་དུས་སུ་སློབ ༽ ཞེས་པ་ལྟར།མི་རེ་རེར་ན་ཆུང་ལང་ཚོའི་དུས་སྐབས་འདི་གཅིག་པུ་ལས་མེད་ལ། དུསཚོད་་འདི་ནི་མི་ཚེའི་ལམ་ཕྲན་སྟེང་གི་གསེར་བཙོ་མ་ལྟ་བུའི་དུས་དེའང་ཡིན་ནོ། དེ་བས་བློ་མཐུན་ཞིན་ཅིན་ཕིན་གྱིས་༼བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་བ་དང་།མི་རིགས་ཀྱི་རེ་བ།ཁྱིམ་ཚང་གི་རྟེན་ཕུར་ལྟ་བུ་ཡིན་༽ཞེས་གསུང་བ་ལྟར། ཆེ་ས་ནས་རྒྱལ་ཁབ་དང་མི་རིགས། ཆུང་ས་ནས་རང་གི་ཁྱིམ་ཚང་གི་རེ་བ་བཅོལ་ས་ནི་འུ་ཅག་ན་ཆུང་བྱིས་པ་དག་མ་ཡིན་ནམ།

རེ་ཡ། ཞོགས་པའི་སྐྱ་མདའ་ཐོད་ལ་བཟུང་ནས་རང་གི་བུ་ཕྲུག་ལ་ཞོགས་ཟས་ཙམ་ཡང་སྟེར་ཁོམ་མེད་པར། སློབ་ཁང་གི་གྲུ་ཟུར་རེ་རེ་ན། སློབ་ཕྲུག་ཚོའི་འདོན་རྟ་དབྱངས་གསུམ་ལ་འཐམས་པའི་དགེ་རྒན་དེའི་ལས་ཀ་དེ་སུ་ཞིག་གི་ཆེད་དུ་ཡིན་ནམ། མཚན་མོའི་སྐར་ཚོགས་ཀྱི་བཀྲག་མདང་འོག་ནས། མལ་ཁང་གི་གྲུ་ཟུར་རེ་རེ་ན་སློབ་བུ་ཚོའི་གཞང་གཅིན་དང་གད་སྙིགས་ཉར་བཞིན།སང་ཉིན་ལ་འཆར་གཞི་འདོན་པའི་དགེ་བཟོ་བ་དེའི་ཀུན་སློང་དེ་སུ་ཞིག་གི་ཆེད་དུ་ཡིན་ནམ། རྫ་རྒན་མཐོན་པོ་དེའི་རྩེ་མོ་ནས་གྲང་ངར་གདོང་གིས་བསུས་ཤིང་ཁྱིམ་ཚང་གི་འཚོ་ཚིས་ལ་འཐམས་ནས་སེམས་པ་བུ་ཕྲུག་ལ་ཤོར་བའི་སྐྱེ་བོ་དེའི་མཛད་པ་དེ་སུ་ཞིག་གི་ཆེད་དུ་ཡིན་ནམ། རྨོ་ཞིང་གྲུ་བཞིའི་ཞིང་ཚུགས་བར་ནས།གཉེར་མས་ཁེབས་པའི་ལག་ཟུང་ཐོད་ལ་བཟུང་ནས་རྒྱང་གི་ལམ་ཕྲན་ནས་རང་གི་བུ་ཕྲུག་སླེབས་པར་རེ་ཞིང་སྒུག་པའི་མཛངས་མ་དེའི་མཛད་པ་མཐའ་དག་སུ་ཞིག་གི་ཆེད་དུ་ཡིན་ནམ། ལྕགས་ཁེམ་ཟད་པོ་རེ་ལག་ཏུ་བཟུང་ནས་ལུས་པོ་ཨར་འདམ་གྱིས་སྦགས་ཀྱང་། སེམས་པ་བུ་ཆུང་གི་སློབ་སྦྱོང་ལ་ཕྱོགས་པའི་ཕ་རྒན་འདིའི་ཀུན་སློང་གཙང་མ་དེ་སུ་ཞིག་གི་ཆེད་དུ་ཡིན་ནམ།

རེད་ཡ། སྙིང་ཉེ་བའི་སློབ་བུ་རྣམ་པ། ལག་ཟུང་བྲང་ཁར་ཞོག་ལ་འདང་རེ་རྒྱོབས་དང་། སྤོབས་པས་བརྟས་པའི་སློབ་གྲོགས་རྣམ་པ། སེམས་པ་ནང་དུ་ཁུག་ལ་བསམ་བློ་རེ་ཐོངས་དང་། ཁོ་ཚོས་ང་ཚོར་ཕུལ་བ་མང་དྲགས་འདུག ང་ཚོས་ཁོ་ཚོར་ཕུལ་བ་ཉུང་དྲགས་པ་མ་ཡིན་ནམ།

དེ་བས།དེ་རིང་བྱིས་པའི་དུས་ཆེན་གྱི་ཉིན་མོ་འདིར། ང་ཚོས་གླུ་གར་གྱི་མཆོད་པ་འདི་དག་རང་གི་དྲིན་ཆེན་གྱི་ཕ་མ་དང་དགེ་བའི་བཤེས་གཉེན་དག་ལ་དྲིན་གཟོ་ཙམ་དུ་ཕུལ་ནས། ཁོ་ཚོའི་དྲིན་ལན་མི་བརྗེད་པར་མ་འོངས་པར་སློབ་སྦྱོང་ལ་འབད་ནས་རང་གི་མི་ཚེ་དོན་ལྡན་དུ་བསྒྱུར་རྒྱུ་དང་། སྤང་བླང་གི་གནད་མ་ནོར་བར་སྐྱེ་བོ་ངན་པ་དང་སྤྱོད་ལམ་ངན་དག་རིང་དུ་དོར་ནས།གཤིས་ཀ་ལེགས་ཤིང་འཇོན་ཐང་ལྡན་པ། ཤེས་རབ་འཛོམས་ཤིང་སྤྱི་ཚོགས་དང་མི་རིགས་ལ་མཁོ་བ། རང་གི་ཁྱིམ་ཚང་ལ་ཕན་ཞིང་ཕ་མར་དྲིན་གཟོ་ཤེས་པའི་མི་བུ་འཇོན་ཐང་ཅན་ཞིག་བྱ་རྒྱུར་འབད་ན་མི་ལེགས་སམ།

六一

将令

无比

逸夫

儿童节

2022

天伦之乐

心花怒放

同仁

奔放