གཉེན་སྟོན་གྱི་པར་རིས།

啊夏📹摄影

བརྩེ་བའི་ཨ་ལོང་དམ་ནས་དམ་དུ་སྦྲེལ།།རྒྱུ་འབྱོར་ལོངས་སྤྱོད་ཆུ་གཏེར་དཔལ་ལ་འགྲན།།བུ་དང་ཡང་ཚ་གཟུགས་མཛེས་རྣམ་དཔྱོད་བཀྲ།།ཚེ་རིང་ནད་མེད་བདེ་དགའི་དཔལ་གྱིས་འཚོ།། མི་གཤིས་ལེགས་ཤིང་ཕྱི་ཐག་རིང་བའི་ཁམས་པ་འཇམ་དབྱངས་དཔལ་བཟང་དང་བསོད་ནམས་དབང་མོ་གཉིས་ཀྱི་གཉེན་སྟོན་ལ་རྟེན་འབྲེལ་ཞུ་མཚོན་དུ་་་་་་ལྡོང་ཡོན་ཏན་རྒྱ་མཚོས་བྲིས། བཀྲ་ཤིས་དམ་པའི་མེ་ཏོག་དཀར་བོ་བསོད་ནམས་མཚོ་མོའི་དཔལ་དུ་བཀྲ་ཤིས་རིགས་དང་ཚེ་ཡི་བཀྲ་ཤིས་ཤོག། བཀྲ་ཤིས་མི་ཆོས་བསུང་ཞིམ་མངར་བོ་བསོད་ནམས་མཁའ་ཡི་དཔལ་དུ་བཀྲ་ཤིས་བདེ་དང་སྐྱིད་ཀྱི་བཀྲ་ཤིས་ཤོག། བཀྲ་ཤིས་དཔལ་གྱི་འབྲས་བུ་མངར་བོ་བསོད་ནམས་དབང་བའི་དཔྱིད་དུ་བཀྲ་ཤིས་དཔལ་དང་འབྱོར་བའི་བཀྲ་ཤིས་ཤོག། བཀྲ་ཤིས་བཟང་བོའི་རྟེན་འབྲེལ་མགོ་མ་བསོད་ནམས་བུ་མོའི་གསོས་སུ་བཀྲ་ཤིས་གཡང་གི་ཁྱིམ་འདིར་བཀྲ་ཤིས་ཤོག། སློབ་དཔོན་ཆེན་ཤེས་རབ་བསྟན་དར་ལགས་ཀྱིས། ཤིས་ཚིག ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་དད།། སྔོན་བསགས་བསོད་ནམས་བཟང་པོ་བོད་ཡུལ་སྐྱེ། བྱམས་དང་སྙིང་རྗེ་བླ་མའི་བཀའ་དགོངས་སྒྲུབ། མི་ཚེ་བྱམས་བརྩེའི་དགེ་ལས་དང་དུ་བླངས།། ཅི་བསམ་ཆོས་བཞིན་འགྲུབ་པའི་རེ་བ་དེ། སྐྱེ་འགྲོ་ཐམས་ཅད་འདོད་པའི་རེ་བ་ཡིན། ང་ཚོ་ཚང་མས་སྨོན་པའི་རེ་བ་དེ། མྱུར་དུ་སྨོན་འདུན་འགྲུབ་པའི་རེ་བ་ཡོད། དུས་དེ་རིང་དགའ་སྤྲོའི་ལྷན་འཛོམས་ཡིན། དུས་དེ་རིང་འཆམ་མཐུན་རྟེན་འབྲེལ་ཡིན། དུས་དེ་རིང་ཁ་གཡང་སྨོན་ཚིག་མང་། དུས་དེ་རིང་བཀྲ་ཤིས་རྟེན་འབྲེལ་འགྲུབ། ༑ཟིལ་དཀར་དགོན་ཚེ་འབར་བཅོ་ལྔ་པས་བྲིས། གཞིས་ལ་གཡང་ཆགས་སྐྱིད་པའི་འཚོ་བ་དར།། མི་ལ་གཡང་ཆགས་ཚེ་བསོད་རླུང་རྟ་དར།། ནོར་ལ་གཡང་ཆགས་དཔལ་དང་འབྱོར་བ་རྒྱས།། བཀྲ་ཤིས་གཡང་གི་མཚོ་མོ་གཡས་སུ་འཁྱིལ།། མཛའ་གཅུགས་མི་འགྱུར་གཡུང་དྲུང་རིས་སུ་བརྟན།། ཚེ་བསོད་མི་ཉམས་ཞོ་འཐུང་རུས་པའི་ཟླ།། བུ་རབས་ཚ་བརྒྱུད་རྨ་འབྲུའི་རྒྱུན་ལྟར་རིང་།། མདོར་ན་བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ།། ཁྱིམ་ལ་ཆོས་བསོད་རྒྱས་པའི་བཀྲ་ཤིས་ཤོག། ཆོས་ཀྱིས་སེམས་རྒྱུད་ཕྱུག་པའི་བཀྲ་ཤིས་ཤོག། སེམས་ལ་ཞི་བདེ་འབྱུང་བའི་བཀྲ་ཤིས་ཤོག། ཞི་བདེས་འཛམ་གླིང་ཁྱབ་པའི་བཀྲ་ཤིས་ཤོག། དགེན་གྱི་ལིང་འཇིགས་མེད། གཡང་ལ་གཡང་རེ་ཆགས་ནས།། གཡང་དཀར་ལྷས་ལ་འཁོར་ཤོག། གཡང་དཀར་འཚོ་བའི་བུ་མོར།། གཡང་དཀར་ཁ་ལས་དར་ཤོག། མཆོད་ཆང་ལྷ་དར་དཀར་པོ།། ལག་ཐལ་མོས་ཕུལ་བའི་ཆང་ཕུད་འདི།། ལས་དཀར་པོ་དར་བའི་ནས་ཆུང་ཡིན།། ཆང་གོང་མ་དཀོན་མཆོག་གསུམ་ལ་མཆོད།། ཆོས་མ་ཉམས་སྟོན་པ་དར་བ་ཤོག།། དར་དཀར་པོས་སྣ་འདྲེན་བར་ཆང་འདི།། ཞིང་བདེ་ཆེན་སྐྱེ་བའི་ནས་ཆང་ཡིན།། ཆང་བར་མ་དྲིན་ཆེན་ཕ་མ་འབུལ།། དྲིན་ཕ་མ་སྐུ་ཚེ་རྒྱལ་མཚན་བརྟན།། ལས་རྟེན་འབྲེལ་བཟང་བའི་སུམ་ཆང་འདི།། ཚེ་བསོད་ནམས་རྒྱས་པའི་ནས་ཆང་ཡིན།། ཆང་གསུམ་པ་གྲོགས་པོ་ཡོངས་ཀྱིས་བཞེས།། གྲོགས་ཤ་ཉེ་ཕྱི་ཐག་རིང་བ་ཤོག།། ཁ་བཏགས་དྲི་མེད་བཀྲ་ཤིས་དགུ་མཚོན་ཞིག།། ཁ་དོག་མི་འདྲ་སྟོང་ལྡན་གོས་ཆེན་ཞིག།། ཁ་རྗེ་བསོད་ནམས་འཕེལ་བའི་འབྲུ་སྣ་ལྔ།། ཕོ་གསར་མོ་གསར་གཉིས་ལ་མཆོད་པ་འབུལ།། 十年修得同船渡,百年修得共枕眠。于茫茫人海中找到她,分明是千年前的一段缘,祝你俩幸福美满,共谐连理。 恭喜你们步入爱的殿堂,祝百年好合! 托清风捎去衷心的祝福,让流云奉上真挚的情意! 愿你们的爱情,比美酒更美。比膏油更加馨香。比蜂房下滴的蜜更甜。且比极贵的珍宝更加宝贵! 让这缠绵的诗句,敲响幸福的钟声。愿你俩永浴爱河,白头偕老! 白首齐眉鸳鸯比翼,青阳启瑞桃李同心 无数的偶然堆积而成的必然,怎能不是三生石上精心镌刻的结果呢?用真心呵护这份缘吧,真爱的你们。恭喜你找到好的归宿! སྤྲོལ་སང་སང་ཡིས་འགྱུར་ཁུག་འདིའི་ཁྲོད་ནས་སྙིན་ལྷང་ལྷང་གི་ཁུ་བྱུག་དེ་གྲགས་སོང་།