དམེ་ཤུལ་དཀྱིལ་སྙིང་སློབ་གྲྭའི་བོད་ཡིག་རྨང་གཞིའི་ཤེས་བྱ་འགྲན་སྡུར་གྱི་བྱ་འགུལ།

教研活动

麦秀镇中心完小藏文知识竞赛
རྫོང་སློབ་དཔྱོད་ཁང་གི་ཡིག་ཆའི་དགོངས་དོན་ལ་སློབ་སྦྱོང་བྱས་དང་།ངེད་དཀྱིལ་སྙིང་སློབ་གྲྭའི་འགོ་ཁྲིད་ཚན་ཆུང་གཙོས་བོད་ཡིག་བསླབ་ཁུར་དགེ་གྲོགས་ཡོངས་ནས་བོད་ཡིག་རྨང་གཞི་ཡར་རྒྱས་གཏོང་བའི་ཕྱོགས་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས་པ་བརྒྱུད་སློབ་སྐབས་འདིར་ལོ་རིམ་དང་པོ་དང་གཉིས་པར་ཀློག་གི་རྨང་འདིང་བ་གཙོར་འཛིན་རྒྱུ་དང་།ལོ་རིམ་གསུམ་པ་དང་བཞི་བར་ལྟ་ཀློག་དང་དབྱེ་ཞིབ་ཀྱི་རྨང་འདིང་བ།ལོ་རིམ་ལྔ་བ་དང་དྲུག་པར་རྩོམ་ཡིག་འབྲི་སྦྱོང་གི་ནུས་པ་སྐྱེད་བསྲིང་བྱ་རྒྱུ་དེ་གཙོར་བཟུང་ཡོད།

སྤྱི་ཟླ4ཚེས14ནས24ཉིན་བར་ངེད་སློབ་སྟོན་ཁང་ནས་བོད་ཡིག་བསླབ་ཁུར་དགེ་གྲོགས་ཡོངས་ཀྱི་སློབ་སྐབས་འདིའི་འཆར་གཞི་ལག་བསྟར་གྱི་ཆ་ལ་ཚད་འཇལ་དང་རྒྱུས་ལོན་རེ་བྱ་ཆེད་ཀློག་འདོན་དང་ལྟ་ཀློག་དབྱེ་ཞིབ།རྩོམ་འབྲི་བཅས་བྱ་འགུལ་རྣམ་པ་གསུམ་དུ་དགར་ནས་བསྟུད་མར་གཟའ་འཁོར་གཉིས་རིང་ལ་སྤེལ་བ་ཡིན་ལ། འགྲན་སྡུར་གྱི་ཡུལ་དངོས་སུ་འགོ་ཁྲིད་ཚན་ཆུང་གཙོས་སྐད་ཡིག་བསླབ་ཁུར་དགེ་རྒན་ཡོངས་དང་། དཔྱད་འདེམས་དགེ་རྒན། འཛིན་བདག་སོགས་འབྲེལ་ཡོད་ཀྱི་མི་སྣ་དག་དང་། གཞན་འཛིན་གྲྭ་སོ་སོའི་འགྲན་ཞུགས་སློབ་མ102 ཞུགས་ཡོད།

སློབ་སྟོན་ཁང་གི་སློབ་གཙོ་ཟུར་ཁུར་བ་གཡང་འབུམ་བཀྲ་ཤིས་ལགས་ནས་ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་དང་སྒྲིག་ལམ་སོགས་ཐོག་མའི་གླེང་སློང་གི་བརྗོད་གཞི་དང་ཆབས་ཅིག་བྱ་འགུལ་གྱི་འགོ་དངོས་སུ་བརྩམས་པ་ཡིན། དེ་དང་ལྷན་དུ་བྱ་འགུལ་གྱི་གོ་རིམ་ལྟར་དཔྱད་འདེམས་དགེ་རྒན་ཡོངས་ནས་ནན་ཏན་དང་ཞིབ་ཚགས་ཀྱི་སྒོ་ནས་འགྲན་ཞུགས་སློབ་གྲོགས་ཡོངས་ལ་ཚད་འཇལ་གྱི་སྐར་མ་རྒྱབ་པ་ཡིན།

ཀློག་འདོན་འགྲན་སྡུར་གྱི་བྱ་འགུལ་ཁྲོད་སློབ་གྲོགས་མང་ཤོས་ཀྱི་ཀློག་སྟངས་ཅུང་ཚད་ལྡན་ཡིན་ལ་ལྷག་པར་དུ་སློབ་གྲོགས་རེ་འགའི་ཀློག་སྟངས་ལ་སྐད་གདངས་མཐོ་ཞིང་སྤོབས་པས་ཁེངས་བ། སྨྲ་བརྗོད་དག་པ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པས་འགྲན་ཞུགས་ཡུལ་ངོས་ཀྱི་སློབ་གྲོགས་སྤྱི་ལའང་སྐུལ་སློང་གི་ནུས་པ་བླ་ལྷག་ཐོབ་བྱུང་འདོད། ཡིན་ཡང་སློབ་གྲོགས་ཉུང་ཤོས་ནས་ཕྲལ་ཀློག་གི་སྒྲའི་དག་ཆ་དང་སྦྱོར་ཀློག་གི་བྱང་ཚད་ཐད་ལ་སློབ་གྲོགས་གཞན་དང་སྡུར་ན་ཅུང་མི་འདང་ས་མོད་པས་རྗེས་ཕྱོགས་བསླབ་ཁུར་དགེ་གྲོགས་དག་གིས་ཉམས་མྱོང་བརྗེ་རེས་ཀྱི་ཚུལ་གྱིས་རང་རང་གི་སློབ་མའི་ཀློག་འདོན་སྐབས་ཀྱི་ཞན་ཆ་དག་གནད་སར་བཟུང་སྟེ་མུ་མཐུད་དུ་མཛུབ་ཁྲིད་དང་ཤུགས་སྣོན་རྒྱབ་སྟེ་སྒྲ་དག་སྒྲོས་གཙང་གི་ཀློག་འདོན་རྒྱུན་གོམས་ཕྱོགས་ལ་སླེབས་ཅི་ཐབས་བྱ་རྒྱུ་རེ་བ་ལགས

ལྟ་ཀློག་དང་དབྱེ་ཞིབ་ཀྱི་འགྲན་སྡུར་ཁྲོད་སློབ་གྲོགས་རེ་འགའ་ནས་དབྱེ་ཞིབ་དང་བསམ་གཞིག་གཏོང་སྟངས་སོགས་ཅུང་ཞིབ་ཚགས་ཡིན་ལ།བརྗོད་བྱ་གང་དེ་བཀླགས་རྗེས་ཀྱི་སེམས་ཚོར་བྲིས་པ་དེའང་དོན་དངོས་རང་བཞིན་དང་ཤེས་རྟོགས་རང་བཞིན་གྱི་ཕྱོགས་སུ་ཆས་ཡོད་འདོད། རྗེས་ཕྱོགས་དགེ་རྒན་གྱི་མཛུབ་ཁྲིད་འོག་མུ་མཐུད་དུ་ལྟ་ཀློག་གི་རྒྱུ་ཆ་དང་དུས་ཚོད་མཁོ་སྤྲོད་བྱས་ཏེ་ལྟ་ཀློག་གི་ཐབས་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཧ་ཅང་གལ་ཆེ་བར་འདོད་དོ།

རྩོམ་ཡིག་འབྲི་སྦྱོང་ཁྲོད་སློབ་གྲོགས་མང་ཤོས་ཀྱི་བརྩམས་ཆས་རྩོམ་ཡིག་གི་རེ་འདུན་དང་མཐུན་པ། ཡི་གེ་གྲལ་དག་པ།ཡིག་འབྲུའི་གྲངས་ཚད་རན་པ་སོགས་ཀྱི་ཁྱད་ཆས་མངོན་ཡོད་ནའང་། ནང་དོན་བསྐྱར་ཟློས་དང་ཚིག་སྦྱོར་མི་བདེ་བ། ཕྲད་ཀྱི་འཇུག་ཡུལ་ལ་མཉམ་འཇོག་མི་བྱེད་པ། བརྗོད་བྱའི་ནང་དོན་གནད་ཁེལ་མིན་པ་སོགས་སྐྱོན་དུ་མ་མཆིས་པས། རྗེས་ཕྱོགས་རྩོམ་འབྲི་སྦྱོང་གི་ཐད་ལ་སྔར་ལས་ལྷག་པའི་རྨང་འདིང་དགོས་ན།ད་ནས་བཟུང་རྒྱུན་གཏན་འཚོ་བའི་བྱ་དངོས་ཡོད་དོ་ཅོག་ལ་ལྟ་ཞིབ་དང་བསམ་གཞིག་ནན་ཏན་བྱེད་པའི་བསམ་བློའི་མཛུབ་ཁྲིད་ཐུབ་ཚེ་གཞི་ནས་རྩོམ་འབྲིའི་རྒྱུ་ཆ་ཕུན་སུམ་ཚོགས་པོ་གསོག་ཐུབ་ངེས་ཡིན་པ་དང་། དེ་རྗེས་བསགས་པའི་རྣམ་པ་འདྲ་མིན་གྱི་རྒྱུ་ཆ་དེ་དག་ལ་བརྟེན་ནས་ཉིན་ཐོ་འབྲི་བའི་གོམས་གཤིས་འཇགས་ན་རྩོམ་ཡིག་འབྲི་བའི་བསམ་བློ་སྐྱེད་སྲིང་ཐུབ་པ་དང་། གོམ་པ་རིམ་བགྲོད་ཀྱིས་རྩོམ་ཡིག་འབྲི་བར་བྱང་ཆུབ་པ་དང་སྤྲོ་སྣང་གིས་ཁེངས་རྒྱུ་གདོན་མི་ཟའོ།

བྱ་འགུལ་ཁྲོད་ཞུགས་པའི་འགྲན་ཞུགས་སློབ་མ102དང་འཛིན་གྲྭ17ལས་དམའ་རིམ་འཛིན་གྲྭའི་ཀློག་འདོན་འགྲན་སྡུར་ཁྲོད་གཉིས་གཅིག་འཛིན་གྲྭ་ལ་བོད་ཡིག་ཀློག་འདོན་ཕུལ་བྱུང་འཛིན་གྲྭའི་ཐུན་མོང་བྱ་དགའ་དང་།གསུམ་གཉིས་འཛིན་གྲྭ་ལ་འབྲིང་རིམ་འཛིན་གྲྭའི་ལྟ་ཀློག་དང་དབྱེ་ཞིབ་འགྲན་སྡུར་ཁྲོད་ཐུན་མོང་བྱ་དགའ་ཨང་དང་པོ།ལྔ་གཅིག་འཛིན་གྲྭ་ལ་མཐོ་རིམ་འཛིན་གྲྭའི་རྩོམ་ཡིག་འགྲན་སྡུར་ཁྲོད་ཐུན་མོང་བྱ་དགའ་ཨང་དང་པོ་བཅས་གདམས་ཏེ་ཐེངས་འདིའི་བྱ་འགུལ་ཁྲོད་འཛིན་གྲྭ་གསུམ་དང་སློབ་གྲོགས30ལ་སྐུལ་འདེད་ཀྱི་རྟགས་མ་གནང་བ་ཡིན།

འགྲན་ཞུགས་ཁྲོད་བྱ་དགའ་ཐོབ་པའི་སློབ་མ་དག

མདོར་ན་རྒྱའི་སློབ་གསོ་བ་ཆེན་མོ་ཆིན་ལི་ཆོན་ལགས་ཀྱིས་སློབ་གསོ་ཟེར་བ་ནི་དཔེ་ཀློག་ལ་མོས་པའི་སློབ་གཙོ་དང་།དཔེ་ཀློག་ལ་མོས་པའི་དགེ་རྒན་གྱིས་སྣེ་ཁྲིད་ནས་སློབ་མ་དང་མཉམ་དུ་དཔེ་ཆ་ཀློག་དགོས་པ་དེ་ཡིན་ཟེར་བ་ལྟར།སྤུས་ཚད་སློབ་གསོའམ་ལག་ལེན་སློབ་གསོ་ནི་སློབ་མའི་རྒྱུད་དུ་བསླབ་གཞི་ཁག་གི་ཤེས་བྱ་ཙམ་འཇོག་རྒྱུ་དེ་མི་ཡིན་པར།འཆར་གཞི་ཡོད་པའི་སྒོ་ནས་སློབ་མའི་ལག་ལེན་དང་བཀོལ་སྤྱོད་རང་བཞིན་།ལྟ་ཞིབ་དང་དབྱེ་ཞིབ་སོགས་ཀྱི་སློབ་སྦྱོང་གི་ནུས་པ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་པ་མ་ཟད།སློབ་མའི་བློ་ཁ་དང་འཚམས་པའི་དྲི་བའམ་གནད་དོན་གང་རུང་བཏོན་ནས།སློབ་མར་གནད་དོན་གང་དེར་དམིགས་ནས་དཔེ་ཀློག་དང་བགྲོ་གླེང་།སློབ་སྦྱོང་བྱེད་པའི་གོམས་གཤིས་ཆགས་སུ་འཇུག་རྒྱུ་ནི་སློབ་ཁང་སློབ་ཁྲིད་ཀྱི་དམིགས་པ་གལ་ཆེན་དུ་འཛིན་དགོས་འདོད།

སློབ་སྟོན་ཁང་ནས །

2022ལོའི་ཟླ4བའི་ཚེས27ཉིན་ལ

麦秀镇

完小

藏文

竞赛

知识

中心