称多县珍秦镇中心寄宿制学校积极开展2022年春季学期开学准备工作

གྲ་སྒྲིག་བཟང་པོས་་སློབ་སྐབས་གསར་པ་བསུ།

ནན་ཏན་སྒོ་ནས་རྣམ་པ་གསར་པ་གཏོད།

ཟླ་བ་གསུམ་པར་མ་གཞི་བྱས་ན་བྱ་དངོས་མཐའ་དག་སླར་གསོ་སྟེ་དཔྱིད་ཀྱི་དཔལ་མོ་བསུ་བའི་བཀྲ་ཤིས་དུས་བཟང་ཡིན་མོད།འོན་ཀྱང་མཚོ་བོད་ས་མཐོའི་དབུས་ཆགས་པའི་ཁྲི་འདུ་རྫོང་དྲན་ཆེན་གྲོང་རྡལ་ལྟེ་གནས་བཅའ་སྡོད་སློབ་གྲྭར་ཆ་མཚོན་ན་སྔར་བཞིན་གྲང་རླུང་ལྡང་གི་ཡོད།

积极准备,喜迎新学期

一丝不苟,开创新局面

3月,本是万物复苏、春回大地的时节,但是对于处在青藏高原腹地的称多县珍秦镇中心寄宿制学校来说依然是春寒料峭、寒风刺骨。

འོན་ཀྱང་རང་རེའི་སློབ་གྲྭས་2022ལོའི་དཔྱིད་དུས་ཀྱི་སློབ་སྐབས་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་དང་སློབ་གྲྭའི་དགེ་སློབ་ལ་བདེ་འཇགས་དང་སྐྱིད་སྣང་དོད་པའི་སློབ་སྦྱོང་གི་ཁོར་ཡུག་གཏོད་ཆེད།ཟླ་3ཚེས་1ཉིན་སློབ་སྐབས་གསར་པ་སློབ་འགོ་ཚུགས་པའི་སྐབས་སུ་རང་རེའི་སློབ་གྲྭའི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་མི་སྣས་སློབ་འགོ་ཚུགས་པའི་སྔ་སྐབས་ཀྱི་གྲ་སྒྲིག་ལས་དོན་ཁག་ཧུར་ཐག་ངང་སྤེལ་བ་རེད།

但是为了使我校能够顺利开始2022年的春季学期工作,给学校师生营造安全、舒适的学习工作环境,3月1日,在新学期开学之际,我校后勤工作人员积极认真地开展了开学前期各项准备工作。

ཐོག་མར་སློབ་གྲྭའི་ཟ་ཁང་ལ་གཙང་སྦྲ་དང་ཟས་སྣོད་ལ་དུག་སེལ་བྱེད་པ་མ་ཟད།ནན་ཏན་གྱིས་སློབ་གྲྭའི་གཙང་སྦྲ་དང་གཙང་སྦྲའང་བྱས། གཉིས་ནས་སློབ་གྲྭའི་གློག་ལམ་དང་།མེ་གསོད་ཡོ་བྱད།ལྟ་སྐུལ་ཚོད་འཛིན་སོགས་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་བདེ་འཇགས་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་པ། གསུམ་ནས་ཟ་ཁང་གི་མཛོད་ཁང་ནང་གི་བཟའ་བཅའི་རྒྱུ་ཆ་སྣ་ཚོགས་ཀྱི་བདེ་འཇགས་བེད་སྤྱོད་ཀྱི་དུས་བཀག་དང་།ངོ་བོ་འགྱུར་ཡོད་མེད་དང་རུལ་ཡོད་མེད་སོགས་ཀྱི་གནད་དོན་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་ལྟ་ཞིབ་བྱས་པ་མ་ཟད།ཁྲི་འདུ་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་གཅིག་གྱུར་གྱི་སྦྱོང་ཚན་འབྲི་དེབ་ལ་ཞིབ་བཤེར་བྱས་ནས་དང་བསྒྲིགས་ཡོད་པ་རེད།首先,对学校食堂进行了卫生清理及餐具清洁消毒,并认真对校园卫生进行了彻底的打扫清理;其次,认真检查了学校电路、灭火器、监控等设施设备的安全情况;再次,仔细地查看了食堂仓库中各种食材的安全使用期限及是否变质、霉烂等问题,并对称多县中小学统一的作业本进行了清点和摆放。

ད་ཐེངས་ཀྱི་སློབ་འགོ་ཚུགས་པའི་སྔོན་གྱི་་གྲ་སྒྲིག་ལས་དོན་ནང་རང་རེའི་སློབ་གྲྭས་ད་དུང་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གཙོ་གནད་ཐོག་སྤེལ་ཡོད། འགོག་སྲུང་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ང་ཚོས་སློབ་མའི་ཉལ་ཁང་དང་སློབ་ཁྲིད་ཐོག་ཁང་སོགས་ལ་ཚན་རིག་དང་མཐུན་པའི་དུག་སེལ་སྨན་གཏོར་ལས་དོན་སྤེལ་ནས་འགོག་སྲུང་དངོས་ཟོག་གྲབས་གསོག་བྱས་ཚུལ་ལ་ནན་ཏན་ངང་ལྟ་ཞིབ་བྱས་པ་ཡིན།

在此次开学前期准备工作中,我校还重点对校园疫情防控开展了工作。在做好防护工作的前提下,我们对学生宿舍、教学楼等进行了科学的消毒喷洒工作,认真查看了防控物资储备情况。

རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་མི་སྣས་སློབ་གྲྭའི་ཁོར་ཡུག་འཕྲོད་བསྟེན་གཙང་སེལ་དང་།གློག་ལམ་ཞིབ་བཤེར།སློབ་གྲྭའི་ནང་གི་དུག་སེལ།སློབ་གྲྭའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་སོགས་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་སྤེལ་བ་བརྒྱུད་རང་རེའི་སློབ་གྲྭའི་དགེ་སློབ་ཚོ་བདེ་བླག་ངང་བདེ་འཇགས་དང་2022ལོའི་དཔྱིད་དུས་ཀྱི་སློབ་སྐབས་སློབ་འགོ་ཚུགས་པའི་ལས་དོན་ལ་དགེ་མཚན་ལྡན་པའི་སྔོན་འགྲོའི་ཆ་རྐྱེན་མཁོ་འདོན་བྱས་པ་རེད།

通过此次后勤工作人员对校园环境卫生清理、检查电路、校园消毒及校园安全隐患排查等开学前期准备工作的开展,为我校师生顺利、安全、有效开启2022年春季学期开学工作提供了积极的先决条件。