རྫ་སྟོད་རྫོང་བྱིས་སློབ་ཁང་གསུམ་པས་བྱིས་པའི་རོགས་སྐྱོར་དྲིལ་བསྒྲགས་སྒྲོག་འགྲེལ་བྱ་འགུལ་སྤེལ་བ།

杂多县第三幼儿园资助宣传宣讲活动

རྒྱལ་ཁབ་ཀྱི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ང་ཚོའི་བྱིས་སློབ་ཁང་གི་ཕྲུ་གུར་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་དང་། བྱིས་པའི་རོགས་དངུལ་སྤྲོད་པའི་སྲིད་ཇུས་མི་ཚང་མས་ཤེས་པར་ཁག་ཐེག་བྱ་ཆེད། 2021ལོའི་ཟླ་11ཚེས་4ཉིན་ངེད་གླིང་གིས་སླར་ཡང་རོགས་དངུལ་དྲིལ་བསྒྲགས་སྒྲོག་འགྲེལ་བྱ་འགུལ་སྤེལ་ཞིང་། ངེད་གླིང་གིས་མཐོང་ཆེན་བྱས་ནས་ཏང་ཀྱི་སློབ་ཞུགས་གོང་གི་སློབ་གསོར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལ་འགྲེལ་བཤད་ཞིབ་ཕྲ་བྱས་པ་མ་ཟད།ཁྱིམ་བདག་ལ་དྲིལ་བསྒྲགས་ཞིབ་ཚགས་བྱས་པ་དང་འབྲེལ་བློ་རྩེ་གཅིག་སྒྲིམ་གྱིས་འབྲེལ་ཡོད་དོན་དག་འགྲེལ་བཤད་བརྒྱབ་པ་ཡིན།

为了深入贯彻落实国家教育资助政策,全面推进我园幼儿资助工作的开展。确保幼儿资助政策人人知晓。2021年11月4日,我园再次开展资助宣传宣讲活动。我园高度重视,把党和国家对学前教育资助的政策进行细致讲解,并对家长进行细致宣传,并用心讲解相关事宜。

རྒྱལ་ནང་དུ་རིམས་ནད་བསྐྱར་དུ་ཐོན་པ་དང་།མི་སྣ་གཅིག་སྡུད་མི་ཡོང་བ།སྤྱི་པའི་བྱེད་སྒོ་སྤེལ་ཡུལ་དང་དེ་བཞིན་དུད་ཚང་ཚང་མར་དྲིལ་བསྒྲགས་རོགས་སྐྱོར་སྲིད་ཇུས་ལ་ཚོད་འཛིན་ཕོག་པ་བཅས་དང་བསྟུན་ནས་ངེད་གླིང་གིས་འཛིན་གྲྭ་རེའི་ཁྱིམ་བདག་དང་ཁྱིམ་བདག་ཨུ་ཡོན་ལ་རོགས་དངུལ་སྤྲོད་པའི་སྲིད་ཇུས་སྒྲོག་འགྲེལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་བྱེད་སྒོ་སྤེལ། བྱིས་པའི་རོགས་སྐྱོར་དྲིལ་བསྒྲགས་སྲིད་ཇུས་ཡག་པོ་བཟོ་བ་དང་ཁྱིམ་བདག་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཡག་པོ་སྤྱད་ནས་ཁྱིམ་བདག་ལ་བྱིས་པའི་རོགས་སྐྱོར་སྲིད་ཇུས་ལ་དེ་བས་འཕྱུགས་མེད་ཀྱི་ངོས་འཛིན་ཐུབ་པ་དང་།ཁྱིམ་བདག་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ།དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་བྱིས་པ་མྱོང་ཚོར་དང་དྲོ་སྐྱིད་སྦྱིན་པ།གནད་སྨིན་དབུལ་སྐྱོར་གྱི་ཁྱིམ་ཚང་ལ་འབྲེལ་ཟམ་བརྟན་པོ་ཞིག་འཛུགས་པ་བཅས་བྱས།

随着国内疫情反弹、做好疫情防控常态化,宣传疫情防护知识,我园利用每班家长委员进行资助政策宣讲暨疫情防控措施活动。做好幼儿资助宣传政策,做好家长的疫情防控措施,让家长对幼儿资助政策有了更准确的认识,提高家长疫情防控意识,让有经济困难的幼儿感受到温暖,巩固脱贫攻坚成果,助力乡村振兴。

རིམས་ནད་ནི་བཀའ་ཞིག་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཞིག་རེད། རིམས་ནད་སྔོན་འགོག་ཚོད་འཛིན་ནན་པོ་བྱེད་པའི་འགག་རྩའི་དུས་སྐབས་སུ་ངེད་གླིང་གིས་མུ་མཐུད་ནན་པོ་དང་།ཞིབ་ཚགས།མི་གཅིག་ཀྱང་མ་ལུས་པ་བཅས་བྱས་ནས་ཁུག་ལུས་ས་མི་ཤོར་བ་བྱ་རྒྱུ་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་ལྷོད་གཡེང་དུ་མི་གཏོང་བར་སེམས་ཤུགས་གཅིག་སྒྲིལ་གྱིས་བདེ་ཐང་སྲུང་དགོས།

疫情就是命令,防控就是责任。在疫情防控严峻的关键时期,我园将继续严加严,细加细,不漏一人,不留死角。疫情防控不松懈 ,齐心协力守健康。

རོགས་དངུལ་སྤྲོད་པའི་སྲིད་ཇུས་སྒྲོག་འགྲེལ་དང་ཆབས་ཅིག་ཁྱིམ་བདག་ཨུ་ཡོན་ལ་རིམས་ནད་སྔོན་འགོག་གི་དངོས་པོ་སྤྲོད་པ། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ལས་དོན་ཐུན་མོང་ཐོག་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་བྱེད་པའི“འགོག་སྲུང་གྱང་”ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་དགོས།

资助政策宣讲的同时,给家委会发放疫情物资。共同做好疫情防控常态化工作,全力筑牢抗疫“防护墙”。

ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག།

致家长的一封信

སྙིང་ཉེ་བའི་ཁྱིམ་བདག་ཚོ།

སྐུ་ཁམས་བཟང་།

亲爱的家长朋友们:

您好!

མིག་སྔར་རྒྱལ་ནང་དུ་ཡང་བསྐྱར་གཏན་ཁེལ་ནད་པའི་ནད་དཔེ་བྱུང་བར་དམིགས་ནས། ང་ཚོའི་མདུན་དུ་ལྷགས་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ཧ་ཅང་ཛ་དྲག་ཡིན། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྔར་བཞིན་ཚང་མས་གཞོགས་འདེགས་རྒྱུན་འཁྱོངས་བྱ་དགོས། བྱིས་སློབ་ཁང་གིས་གློ་གསར་ནད་དུག་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་ཁྱིམ་བདག་གིས་གཞོགས་འདེགས་ཧུར་ཐག་བྱས་ཏེ་རྒྱུན་གཏན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་། གཅིག་སྡུད་མི་བྱེད་པ། ཕྱིར་བསྐྱོད་སྐབས་ཕྲུ་གུར་བཟོ་དབྱིབས་འཚམ་པོའི་ཁ་ཐུམ་ཞིག་བདམས་ནས་བྱིས་པ་སྐྱེལ་བསུ་བྱ་རྒྱུ་དང་བྱིས་སློབ་ཁང་དུ་ཡོང་སྐབས་ཁྱིམ་བདག་གིས་ཁ་ཐུམ་ཡག་པོ་དཀྲི་རྒྱུ་མཐའ་འཁྱོངས་བྱས་ནས་ང་ཚོའི་བྱིས་སློབ་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་རེ་བ་ལ་གཞིགས་ནས་ལག་བསྟར་ནན་པོ་བྱ་རྒྱུའི་རེ་བ་ཡོད།

鉴于当前国内又出现确诊病例,我们面临的疫情防控形势非常严峻,常态化疫情防控仍需大家的坚持和配合,在幼儿园切实做好新冠病毒疫情防控工作的同时,希望家长能积极配合,做好常态化疫情个人防护,不聚集,外出时为幼儿选择合适型号的口罩,来园接送幼儿时请家长坚持佩戴好口罩,我园将严格按照疫情防控工作要求执行。

གཅིག ཁྱིམ་བདག་གིས་རང་འགུལ་དང་དུས་ཐོག་ཏུ་སོང་ས་བསྡོད་གནས་ཞུ་འབུལ་བྱེད་དགོས། གལ་ཏེ་དུས་གཅིག་ཏུ་གསར་རྙེད་གཏན་ཁེལ་ནད་པ་དང་ནད་པའི་བྱ་སྤྱོད་ཁྱབ་ཁུངས་ལ་འབྲེལ་བ་་དང་དེ་བཞིན་བདེ་ཐང་ཨང་རྒྱུན་ལྡན་མིན་པའི(ཨང་རྟགས་སེར་པོའམ་ཨང་དམར)མི་སྣ་ཡོད་ཚེ་འཕྲལ་དུ་འཛིན་གྲྭའི་དགེ་རྒན་ལ་ཐོ་འགོད་བྱེད་པ་དང་འབྲེལ་སྡེ་ཁུལ་ལ་རིམས་ནད་གྲལ་བཤེར་དང་།ཉིང་རྡུལ་གྱི་བརྟག་འཇལ་བཟོ་བ།བརྟག་འཇལ་ལྟ་ཞིབ་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་བསྟར་བྱེད་དགོས།

1.请家长主动并及时报备行程。如果同时段内与新发现确诊病例人员活动轨迹有交集及健康码异常(黄码或红码)的人员,请第一时间向班级教师报备,并配合社区执行疫情排查、核酸检测、隔离观察等防控措施。

གཉིས།རང་ཉིད་དང་ཁྱིམ་མིའི་བདེ་ཐང་དོ་དམ་ཡག་པོ་བྱེད་དགོས། གལ་སྲིད་ཚ་བ་རྒྱག་པ་དང་།སྐམ་ལུ་རྒྱག་པ།ལུས་ཤུགས་ཟད་པ།མིད་པ་ན་བ།ཤ་གནད་ན་བ།ཁོག་པ་བཤལ་བ།སྣ་ཤེས་ཉམས་པ།གློ་ལུ་རྒྱག་པ་སོགས་ཀྱི་ནད་རྟགས་ཐོན་ཚེ་འཕྲལ་མར་འཛིན་གྲྭའི་དགེ་རྒན་ལ་སྙན་སེང་ཞུ་དགོས་པ་དང་ཉེ་འགྲམ་གྱི་སྨན་བཅོས་སྒྲིག་གཞིའི་ཚ་སྐྱེས་སྒོ་བསྟེན་ཁང་དུ་སྨན་པ་བསྟེན་པར་འགྲོ་དགོས།སྨན་པ་བསྟེན་སྐབས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་མི་སྡོད་པར་འབྲེལ་ཡོད་ཀྱི་མགྲོན་ཁང་དུ་སྡོད་པ་དག་གི་ལོ་རྒྱུས་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས།

2.做好自身及家人的健康管理。一旦出现发热、干咳、乏力、咽痛、肌痛、腹泻、嗅觉减退、咳嗽等症状,请第一时间向班级教师报备,及时就近到医疗机构发热门诊就诊,就诊时请避免乘坐公共交通工具,如实报告相关的旅居史和接触史。

གསུམ།མི་སྒེར་གྱི་དང་ཁོར་ཡུག་གི་འཕྲོད་བསྟེན་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས། སྟབས་བདེ་བའི་འགུལ་སྐྱོད་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ།རྒྱུན་དུ་ལག་པ་བཀྲུ་བ་དང་རླུང་རྒྱུག་པ།ཉུང་ཙམ་བསྡུ་བ།ཐུན་མོང་གི་ཐུར་མ་སྤྱོད་པ།ཟ་མ་བགོ་བའི་ལམ་ལུགས།བཟའ་བཏུང་བདེ་འཇགས་སོགས་མི་སྒེར་གྱི་གཙང་སྦྲའི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་འཇུག་དགོས།

3.保持良好个人和环境卫生。尽量保持简单的行动轨迹,做到勤洗手、常通风、少聚集、用公筷、分餐制、饮食安全等良好个人卫生习惯。

ང་ཚོའི་བདེ་འཇགས་དང་བདེ་ཐང་ཡོང་ཆེད་ཚང་མས་མ་མཐའི་མཚམས་ཐིག་གི་བསམ་བློ་བརྟན་པོ་བཙུགས་ནས་དུས་དང་རྣམ་པ་ཀུན་ཏུ་མི་མངོན་པའི་ཉེན་ཁ་འགོག་ཟོན་གྱི་རྩ་བ་དེ་དམ་པོར་བཅངས་ཏེ་ལྷོད་གཡེང་བསམ་བློ་དང་།འཐབ་འཛིང་མི་འདོད་པའི་བསམ་པ།སྟེས་དབང་བསམ་པ།ལྷོད་གཡེང་གི་བསམ་པ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་གྲོས་འགོ་དེའི་ནང་ཁྱིམ་བདག་ཚོས་ནན་ཏན་ངང་ལྟ་ཀློག་དང་ལག་བསྟར་བྱེད་དགོས། ང་ཚོས་མཉམ་དུ་“ནད་ཡམས་”མཇུག་སྒྲིལ་བར་རྒྱུན་འཁྱོངས་བྱ་དགོས།

为了我们的健康和平安,呼吁大家牢牢树立底线思维,时刻绷紧防范潜在风险这根弦,坚决克服麻痹思想、厌战情绪、侥幸心理、松劲心态,始终如一落实好常态化疫情防控措施,在此倡议,请各位家长仔细阅读并实施。让我们一起坚持到“战疫”结束!