碌曲县藏族小学疫情期间告家长的一封信,(藏文版)

࿑ལྡོང་སྨུག་པོ། 桑

༄༅། །ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་ཁྱིམ་བདག་རྣམས་ལ་

སྤྲིངས་པའི་འཕྲིན་ཡིག

རྒྱ་ཆེ་བའི་ཁྱིམ་བདག་ལྷན་རྒྱས་སྐུ་ཁམས་བཟང་།

ཉེ་ཆར།རང་རེའི་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་ཡོད་པས་རྒྱ་ཆེའི་སློབ་མའི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན་པས།ང་ཚོའི་ཁྱིམ་ཚང་དང་སློབ་གྲྭ་མཉམ་འབྲེལ་དང་དཀའ་ངལ་མཉམ་སེལ་གྱིས་ཁྱིམ་ཚང་ནི་སློབ་གྲྭ་དང་པོ་དང་ཁྱིམ་བདག་ནི་དགེ་རྒན་ཐོག་མ་ཡིན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ནན་ཏན་ངང་ཚན་རིག་དང་མཐུན་པ།ཚད་ལྡན་དང་གཟབ་ནན་གྱི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ནས་ཕྲུ་གུ་ཚང་མའི་ལུས་སེམས་བདེ་ཐང་དང་དགའ་སྤྲོའི་ངང་འཚར་ལོངས་ཡོང་བའི་འགན་ལེན་རྒྱུན་སྐྱོང་བྱ་དགོས།

ཁྱེད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་དང་བྱེད་ཐབས་ཀྱི་བླང་བྱར་ཕྱོགས་ཡོངས་ནས་རྒྱུས་མངའ་ཡོད་པ་དང་།ས་གནས་དེ་ག་དང་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱེད་པ།མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་འབྲེལ་རང་འགུལ་ངང་ས་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་བཅས་བྱེད་དགོས། ཁྱེད་ཀྱིས་དུས་ཐོག་ཏུ་རིམས་ནད་བྱུང་ཚུལ་གྱི་འབྲེལ་ཡོད་ཆ་འཕྲིན་ཤེས་རྟོགས་དང་།རིམས་འགོག་ཤེས་བྱ་ཡག་པོ་སྦྱོང་བ།བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ཏེ་བླང་བྱ་ལྟར་བཟའ་མི་དང་ཕྲུ་གུའི་འགྲོ་བསྐྱོད་དང་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རོགས།

ཁྱེད་ཀྱིས་ཚན་རིག་དང་མཐུན་པའི་རིམས་འགོག་དང་རིམས་ནད་ལས་རྣམ་པར་རྒྱལ་བར་ཡིད་ཆེས་ཀྱིས་ཁེངས་པ་དང་། སློབ་གྲྭར་སློབ་གསོ་ཁྲིད་སྟོན་གྱི་ལས་ཀ་ཡག་པོ་སྒྲུབ་རོགས། བྱིས་པའི་ཚེ་སྲོག་གི་བདེ་འཇགས་གཙིགས་འཛིན། རིམས་འགོག་བྱ་བའི་སྒྲིག་ལམ་བརྩི་བསྲུང་བཅས་སློབ་གསོ་ནན་མོ་གཏོང་བ།

ཁྱེད་རང་ངེས་པར་དུ་ཕྱིར་འགྲོ་མི་དགོས་ཚེ་མི་འགྲོ་པ་དང་།མི་ཚོགས་འདུ་འཛོམས་ཡོད་སར་མི་བསྐྱོད་པ།ཉེན་ཁའི་ས་ཁུལ་ནས་ཡོང་བའི་མི་སྣ་དང་ཐུག་འཕྲད་མི་བྱེད་པ། ཉེན་ཁ་ཆེ་བའི་ས་ཁུལ་དུ་མི་བསྐྱོད་པ།འདུ་འཛོམས་རང་བཞིན་གྱི་བྱེད་སྒོའི་ནང་མི་ཞུགས་པ་བཅས་བྱེད་དགོས།

ཁྱེད་ཀྱིས་དུས་ཐོག་ཏུ་བཟའ་མིར་རྒྱུན་གཏན་གྱི་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པ་དང་གལ་སྲིད་ཚ་བ་རྒྱག་པ་དང་གློ་ལུ་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་འཕྲལ་དུ་རིམས་འགོག་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་།འགོག་སྲུང་ཡག་པོ་བྱེད་དགོས་པ་མ་ཟད།ཆེད་ལས་སྨན་བཅོས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱོད་དགོས།དེ་དང་ཆབས་ཅིག་སློབ་གྲྭའི་གཏན་འབེབས་ལྟར་ཕྲུ་གུ་ཁྱིམ་དུ་སྡོད་པའི་གནས་ཚུལ་དང་བདེ་ཐང་གནས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་རེད།

ཁྱེད་ཀྱིས་ཕྲུ་གུ་དང་མཉམ་དུ་དཔེ་དེབ་ཀློག་པ་དང་ལུས་ཕུང་སྦྱོང་བརྡར་དང་། ཁོང་ཚོ་དང་མཉམ་དུ་སློབ་གྲྭས་བཀོད་སྒྲིག་བྱས་པའི་ལས་ཀ་དང་། གཉིད་དང་ཁ་པར། སློབ་གསེང་གི་ཀློག་དེབ། གཟུགས་གཞི་བདེ་ཐང་སོགས་དོ་དམ་གྱི་བླང་བྱ་ལྔ་ལེགས་པར་བསྒྲུབ་དགོས།

ཁྱེད་ཀྱིས་བྱིས་པའི་ཚེ་སྲོག་སློབ་གསོ་དང་། ཚན་རིག་སློབ་གསོ། ཀུན་སྤྱོད་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ། སྤྱི་དམངས་ཀྱི་འགན་འཁྲི་བཅས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་ཁོ་ཚོར་རང་ཉིད་སྲུང་སྐྱོང་དང་། མི་གཞན་ལ་གཅེས་སྐྱོང་བྱེད་ཤེས་སུ་འཇུག་དགོས།

ཁྱིམ་ཚང་རེ་རེར་བདེ་སྐྱིད་ལྡན་ཞིང་བྱིས་པ་ཚང་མ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུ།

༢༠༢༡ལོའི་སྤྱི་ཟླ་༡༠བའི་ཚེས༢༧ཉིན།