བཀུར་འོས་པའི་ཁྱིམ་བདག་རྣམ་པ།

ཐོག་མར་ཁྱེད་ཅག་གིས་དུས་དང་རྣམ་པ་ཀུན་ཏུ་ངེད་སློབ་གྲྭའི་བྱ་བར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུ།ད་ལྟ་སློབ་སྐབས་གཅིག་གི་སློབ་གསོའི་ལས་ཀ་རེ་ཞིག་རྫོགས་ནས་དབྱར་གནང་ལ་སླེབས་ལ་ཉེ་ཞིང་།སློབ་མ་ཚོའི་དབྱར་གནང་གི་འཚོ་བ་ཕུན་སུམ་ཚོགས་པ་དང་སློབ་སྐབས་རྗེས་མར་སློབ་སྦྱོང་གི་རྨང་ལེགས་པོ་ཞིག་འདིང་ཆེད།དབྱར་གནང་གི་སྐབས་སུ་སྐུ་ཉིད་ཀྱིས་མུ་ནས་རང་ཉིད་ཀྱི་བུ་དང་བུ་མོའི་སློབ་སྦྱོང་ལ་སྐུལ་ལྕག་བྱེད་པར་མཁྱེན་མཁྱེན།

དང་པོ། སློབ་མའི་དབྱར་གནང་གི་དུས་ཚོད་ལ་གཅེས་འཛིན་དང་དོ་སྣང་བྱེད་པ།

གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱི་བརྡ་སྦྱོར་ལྟར།སྤྱི་ལོ༢༠༢༡ལོའི་ཟླ་༧པོའི་ཚེས་པ༢༠ཉིན་གྱི་སྔ་དྲོའི་ཆུ་ཚོད༨པ་ནས་སྤྱི་ལོ༢༠༢༡ལོའི་ཟླ༨པའི་ཚེས་པ༣༡ཉིན་གནང་པ་ཡིན།ཟླ༨པའི་ཚེས་པ༣༡གྱི་དགོང་མོར་སློབ་གྲྭར་འབྱོར་དགོས།

གཉིས་པ། བདེ་འཇགས་སློབ་གསོ་ལག་ལེན་དོན་འཁྱོལ་ཡོང་བར་བྱེད་པ།

དབྱར་གནང་གི་སྐབས་སུ།བུ་རྒྱུད་ཡུལ་སྐོར་ལྗོངས་རྒྱུ་དང་།གཉེན་གྲོགས་མཇལ་འཛོམས་ལ་ཕྱིན་ན་ངེས་པར་དུ་བདེ་འཇགས་གཙིགས་སུ་འཛིན་དགོས་ཏེ།

༼ ༡༽ ཏོག་དབྱིབས་ནད་དུག་གི་སྔོན་འགོག་ལས་ཀ་གཙིགས་འཛིན་གྱིས་ལག་པ་རྒྱུན་བཀྲུ་དང་།སྒོ་ཕྱིར་ཉུང་འགྲོ །མི་མང་འདུ་སར་ཁ་རས་རྒྱག་པ་སོགས་བྱེད་དགོས།

༼ ༢༽ འགྲིམ་འགྲུལ་བདེ་འཇགས་ལ་དོ་ཁུར་བྱེད་པ།འགྲིམ་འགྲུལ་སྒྲིག་ལམ་བརྩི་སྲུང་དང་།གཞུང་ལམ་བརྒལ་སྐབས་མི་བགྲོད་ལམ་ཐིག་སྟེང་དུ་འགྲོ་བ།གཞུང་ལམ་གྱི་དཀྱིལ་ནས་རྩེད་མོ་མི་རྩེ་པ་སོགས་གང་ཅིའི་ཐད་ནས་སློབ་མ་དང་ཁྱིམ་བདག་ཡོངས་ཀྱིས་གཟབ་དགོས།

༼ ༣༽ ཉེན་སྲུང་བདེ་འཇགས་ལ་དོ་སྣང་བྱེད་པ།གློག་ཆས་སྣ་ཚོགས་ལ་དོ་དམ་བཟང་པོ་བྱེད་དགོས་ཤིང་།ལྕགས་ཐབ་ལ་རྡོ་སོལ་སོགས་འབུད་སྐབས་ཁང་པའི་མཁའ་དབུགས་རྒྱུ་བར་གཟབ་སྟེ་སོལ་རླངས་ཀྱི་དུག་མི་ཕོག་པར་སྔོན་འགོག་བྱེད་དགོས།

༼ ༤༽ བཟའ་བཏུང་བདེ་འཇགས་ལ་དོ་སྣང་བྱེད་པ།དུས་འཁྱོལ་བྱུང་བའི་ཟས་རིགས་དང་རུལ་བ།མི་གཙང་པའི་ཟས་རིགས་སོགས་ལ་གཟབ་དགོས།

༼ ༥༽ དྲ་རྒྱའི་བདེ་འཇགས་ལ་དོ་སྣང་བྱེད་དགོས་། ཕྲུ་གུར་དྲ་རྒྱའི་ནང་སེམས་ཆགས་མི་རུང་བའི་སློབ་གསོ་གཏོང་བ་དང་ལག་ཐོགས་ཁ་པར་གྱི་དྲ་ཞུགས་འཛད་སྤྱོད་ལ་དོ་སྣང་བྱས་ཏེ་ཕྲུ་གུར་དྲ་གྲོགས་དང་ཐུག་འཕྲད་བྱེད་མི་རུང་བའི་སློབ་གསོ་གཏོང་དགོས།

༼ ༦༽ ཆུ་སྤྱོད་བདེ་འཇགས་ལ་དོ་སྣང་བྱེད་དགོས། ཆུ་འགྲམ་དང་ལས་ཡུལ་གྱི་ཆུ་རྫིང་སོགས་ས་ཁོངས་སུ་རྩེད་མོ་རྩེ་མི་ཉེན་། ཆུ་ལམ་འགྲམ་དུ་ཅ་ལག་འཁྲུ་བ་དང་ཉ་འཛིན་ཞ་སྨི་སོགས་བྱེད་ཀྱི་མེད། ཆུ་ལམ་དང་མཚེའུ་སོགས་བདེ་འཇགས་སྒྲིག་བཀོད་མེད་པ་དང་རོགས་སྐྱོབ་མི་སྣ་མེད་སར་ཆུ་རྩེད་དམ་ཡང་ན་ཆུ་རྐྱལ་མི་བྱེད་པ། ཆུ་རྐྱལ་རྫིང་བུའི་ནང་དུ་རྩེད་མོ་རྩེ་བཞིན་མེད། རོགས་པ་ཆུར་ནུབ་པ་ཤེས་འཕྲལ་དར་མའི་རོགས་རམ་ཐོབ་ཐབས་བྱེད་པ་དང་ཆབས་ཅིག་ཆུར་ནུབ་མཁན་ལ་སྲོག་སྐྱོབ་འགྱིག་སྒོར་དང་སྲོག་སྐྱོབ་ཐག་པ་སོགས་དབྱུག་ཆོག་མོད།་འོན་ཀྱང་རྨོངས་ཚོད་ཀྱིས་སྐྱོབ་ཐབས་བྱེད་མི་རུང་།

གསུམ་པ། སློབ་མའི་ལག་ལེན་བྱ་འགུལ།

༼ ༡༽ བོད་ལུགས་རྟ་རྒྱུགས་རིག་གནས་ལ་རྒྱུས་ལོན་བྱས་ཏེ།ཚེག་ཁྱིམ༨༠༠ལོན་པའི་ཡུས་ཧྲུའུ་རྟ་རྒྱུགས་རིག་གནས་ཀྱི་ངོ་སྤྲོད་རྩོམ་ཡིག་ཅིག་འབྲི་བ།སློབ་འགོ་ཚུགས་མ་ཐག་སློབ་མའི་ལས་དོན་ཁྲུའུ་ལ་སྤྲད་ནས་དཔྱད་བརྗོད་དང་གཟེངས་རྟགས་གནང་རྒྱུ།

༼ ༢༽ སློབ་མར་དྲིན་གཟོའི་སློབ་གསོ་ལེགས་པོ་གཏོང་དགོས་ཤིང་།གནང་བའི་སྐབས་སུ་རང་ཉིད་ཀྱིས་ཕ་མ་དང་ཉེ་དུ་ལ་དྲིན་འཇལ་གྱི་བྱ་བ་རེ་འགའ་བསྒྲུབ་པར་བྱེད་པ།དཔེར་ན་ཟ་མ་གཡོ་སྐོལ་བྱེད་པ།ལྭ་བ་བཀྲུ་བ།ཕ་མའི་རྐང་པ་བཀྲུ་བ་སོགས་གང་རུང་ཞིག་བསྒྲུབ་ཀྱང་ཆོག།བྱ་འགུལ་ལ་འདྲ་པར་ལེན་དགོས་ཤིང་།སློབ་མ་རང་ངོས་ཀྱི་མྱོང་ཚོར་བྲིས་ཏེ་འཛིན་བདག་ལ་སྤྲོད་རོགས།

བཞི་པ། སློབ་འགོ་གསར་པ་ཚུགས་པའི་བྱ་བ་དོ་སྣང་བྱེད་པ།

གཅིག སློབ་འགོ་ཚུགས་པའི་དུས་ཚོད་ཟླ༨པའི་ཚེས་པ༣༡ཉིན།

ཁྱིམ་བདག་རྣམས་པས་ངེས་པར་དུ་སློབ་མ་རྣམས་ཟླ༨པའི་ཚེས་པ༣༡ཀྱི་ཕྱི་དྲོའི་ཆུ་ཚོད༡༧གི་སྔོན་ལ་སློབ་གྲྭར་འབྱོར་བར་ཁག་ཐེག་བྱེད་དགོས།དུས་ལྟར་དུ་སློབ་གྲྭར་འབྱོར་མི་ཐུབ་པ་ཡོད་ན།ཁྱིམ་བདག་གིས་འཛིན་བདག་ལ་སྔ་མོ་ནས་གནས་ཚུལ་སོགས་ཡར་ཞུ་བྱས་ཏེ་སྒྲིག་ལམ་ལྟར་གནང་པ་ཞུ་དགོས་ཤིང་།གལ་ཏེ་དེ་ལྟར་མ་སོང་ན་སློབ་གྲྭའི་སྒྲིག་ལམ་ལྟར་ཆད་པ་ནན་མོ་གཅོད་ངེས།

གཉིས། ཁྱེར་དགོས་པའི་ཅ་ལག །

༼ ༡༽ ཁྱིམ་བདག་རྣམ་པས་རང་གི་བྱིས་པར་འཚོ་བའི་རྒྱུན་སྤྱོད་ཀྱི་ཅ་ལག་ཁ་ཚང་བསྡུ་གསོག་བྱེད་དུ་འཇུག་དགོས་ལ།གནམ་ཟླའི་དྲོད་གྲང་ལྟར་དེ་མཐུན་གྱི་ལྭ་བ་དང་ཉལ་ཐུལ་གྲ་སྒྲིག་བྱས་ནས་ཁྱེར་ཡོང་དགོས།ད་དུང་སློབ་མ་རྣམས་ལ་དེ་འབྲེལ་གྱི་སློབ་གསོ་དང་ཁ་ཏ་ནན་མོ་བྱེད་དགོས།

༼ ༢༽ དབྱར་གནང་གི་ལས་བྱ་དང་གང་མཁོའི་ཡིག་ཆ་དག་ཆ་ཚང་པར་ཁྱེར་ཡོང་དགོས།

གསུམ། སློབ་མས་སློབ་གྲྭར་ཁ་པར་དང་གློག་ཆས་གཏན་ནས་སྤྱད་མི་ཆོག །

སློབ་མ་མང་ཆེ་བས་རང་སྦྱོང་སྐབས་དང་དགོང་མོའི་ངལ་གསོའི་དུས་སུ་ཁ་པར་རྩེད་ནས་སློབ་གྲྭའི་སྒྲིག་ལམ་ལ་གཏོར་བརླག་བྱས་ཤིང་།རང་གཞན་གཉིས་ཀའི་ངལ་གསོ་ལ་བར་ཆད་ཆེན་པོ་བྱས་པས།ཕྱི་ཉིན་གྱི་སློབ་ཁྲིད་སྐབས་སུ་གཏི་མུག་གཉིད་ཀྱིས་སློབ་སྦྱོང་ལ་གནོད་པ་ཧ་ཅང་ཆེ་བ་དང་།འདི་ལྟར་སོང་ན་རང་ཉིད་ཀྱི་བུ་རྒྱུད་ལུས་སེམས་གཉིས་ཀར་གནོད་པ་ཚབ་ཆེན་བཟོས་འགྲོ་བས།ཁྱིམ་བདག་ལྷན་རྒྱས་ཀྱིས་ཀྱང་དེར་ཐད་ཁ་ཏ་སློབ་གསོ་ནན་མོ་གཏོང་དགོས།དེ་མིན་ད་དུང་འདྲ་མིན་གྱི་གློག་ཆས་གཅིག་ཀྱང་སློབ་གྲྭ་ཁྱེར་ཡོང་མི་ཆོག་སྟེ།གློག་ཆས་གང་མང་གིས་མེ་སྐྱོན་བྱུང་དང་འབྱུང་བཞིན་པ་མིག་མཐོང་ལག་ཟིན་ཡིན་པས།དེའི་ཐད་ཀྱང་གཟབ་གཟབ་བྱ་དགོས།སློབ་སྐབས་རྗེས་མ་ནས་བཟུང་སློབ་གྲྭ་འདིའི་ཐད་སྒྲིག་ལམ་ནན་མོ་འཛིན་གྲབས་ཡིན་ཞིང་།གལ་ཏེ་སློབ་མས་ཁ་པར་ཡར་མི་སྤྲོད་པ་དང་སློབ་ཁྲིད་སོགས་ཀྱི་སྐབས་སུ་ཁ་པར་རྩེད་པ།ཉལ་ཁང་སོགས་ཀྱི་ནང་དུ་གློག་ཆས་འདྲ་མིན་སྤྱོད་པ་མཐོང་ན།སློབ་མ་དེར་སྒྲིག་ལམ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ཞིང་།སློབ་གྲྭར་ཞུགས་པའི་རོགས་སྐྱོར་ཚང་མར་ཕྱིར་ཕུད་བྱས་ནས།མ་འོངས་པར་སློབ་དངུལ་རོགས་སྐྱོར་སོགས་སུ་ཞུགས་པའི་དབང་ཆ་མེད་པར་བཟོ་རྒྱུ་ཡིན།ཁྱིམ་བདག་རྣམས་པས་རྒྱབ་སྐྱོར་བྱེད་པར་གལ། ཁྱིམ་བདག་རྣམས་པ།བུ་རྒྱུད་ཀྱི་རྐྱེན་གྱིས་ལེ་བར་སྟོང་གིས་བཅད་པའི་ང་ཚོའི་བར་ཐག་ཉེ་བར་ཕྱིན་ལ།ཡང་ན་ཁོ་ཚོའི་དབང་གི་འཚོ་སའི་ལུང་པ་ཁ་ཁའི་ང་ཚོའི་འདུན་མ་གཅིག་ཏུ་བསྡུས།བུ་རྒྱུད་ནི་ཁྱེད་ཅག་གི་རེ་བ་དང་ཕུགས་འདུན་མཚོན་པའི་འོད་སྣང་རེ་རེ་ཡིན་ཏེ།སློབ་གྲྭའི་ལ་རྒྱ་དང་འདུན་མ་ཁུར་བའི་མེ་འོད་རེ་རེའང་ཅི་ལ་མིན།ང་ཚོའི་ཐུན་མོང་གི་ཕུགས་འདུན་ཆེད་དུ།ཁྱེད་ཅག་གིས་སློབ་སྐབས་གསར་བའི་འོད་སྣང་གི་ལམ་བུ་ལ་སྔར་བཞིན་ང་ཚོའི་བསྡོངས་གྲོགས་མཛོད་ཅིང་།རྒྱབ་སྐྱོར་དང་ཐུགས་ཁུར་གྱི་མེ་ཏོག་རེ་རེ་ང་ཚོ་ལ་ཕུལ་བའི་རེ་ལྟོས་བཅའ།ང་ཚོས་ཀྱང་ལྷག་བསམ་ཟོལ་མེད་ཀྱིས་ཁྱེད་ཅག་དང་ལྷན་དུ་བུ་རྒྱུད་ཚོའི་འོད་སྟོང་གི་སང་ཉིན་བསྐྲུན་པར་ཤ་འབད་རུས་འབད་བྱེད་ངེས་སོ། །

མཐར།མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་ཁོངས་གཏོགས་ཡུས་ཧྲུའུ་ཚོད་ལྟའི་སློབ་གྲྭའི་དགེ་བཟོ་ཡོངས་ཀྱིས་ཁྱེད་དང་ཁྱེད་ཀྱི་ཁྱིམ་མི་དག་བཀྲ་ཤིས་ཤིང་བསམ་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།

尊敬的家长朋友:

您好! 感激您长期以来对学校工作的大力支持!目前学校工作已近期末,学生暑假即将来临。为了使学生拥有一个充实而愉快的假期,为了给下学期的学习生活奠定一个良好的基础,假期的许多工作还需要您的督促与配合。

一、关注学生暑假时间

接上级有关部门通知,学校将于2021年7月20日放假,开学时间是2021年8月31日。

二、做好安全教育工作

暑假里,孩子无论外出旅游,走亲访友,必须要注意安全:

1、注意新冠疫情防护,做到勤洗手、少串门,出入公共场所佩戴口罩。

2、注意交通安全。遵守交通规则,不闯红灯,过马路时要走人行横道线,要按交通信号灯指示过人行横道,不在公路上玩耍或追逐打闹。

3、注意消防安全。在家不乱碰开关插座,不要私拉乱接电线,冬季烤火要注意通风透气,以免煤气中毒。要教会孩子遇到突发消防事故处理和报警的方法。

4、注意饮食安全。不吃过期、变质、不卫生食品、未熟透食品。

5、注意网络安全。教育孩子不要沉迷于网络之中,注意手机上网消费,教育孩子不要与网友见面。

6་、注意用水安全。不在河边、亲水平台、工地水塘等区域玩耍。不在河道边洗东西、钓鱼虾等。不在河道、湖泊等无安全设施、无救援人员的场所戏水或游泳。不在游泳池里嬉戏打闹。发现同伴溺水,立即寻求成人帮助,同时可向溺水者抛救生圈、泡沫板、救生绳等,但不可盲目施救。

三、学生实践活动

1、了解藏族赛马节文化,写一篇800字以上关于介绍玉树赛马节的文章。开学后由学生处组织全校展评。

2、教育孩子学会感恩。放假期间孩子要给家长们做一顿饭、洗一次衣服、洗一次脚等孝敬长辈的事情。要求拍摄照片、写心得,开学交给班主任。

四、了解来期开学工作

1、开学时间:2021年8月31日。

请家长务必督促子女在8月31日17点之前回到学校。凡是当天不能回到学校的,家长须预先通知班主任,否则给予记过处分,并记入个人档案。

2、所带物品。

(1)请家长为学生准备好所需的日常生活用品和衣服被子,并教育孩子注重个人卫生。

(2)相关的暑假作业及通知书。

3、严禁学生在学校使用手机。部分学生在自习和晚寝期间用手机发信息,聊天,上网,严重影响了学生的身心健康。为了您的孩子的成长和学校的管理,下学期开学后,学校学生处将全面整顿,对上课期间不交手机、仍使用手机的学生,学校将通报批评,没收手机,并将取消国家助学金等有关贫困补助。请家长给予支持配合。

各位家长,因为孩子,拉近了我们的距离;因为孩子,密切了我们的关系。孩子是家长的期望,学生是学校的骄傲。为了我们共同的目标,为了我们共同的梦想,真诚地期望您,在新的学期里一如既往地关注我们、支持我们、配合我们,让我们心相连,手相牵,共同缔造孩子完美的明天! 最终,青海师范大学附属玉树实验学校全体教职员工祝您和您的家人万事如意、扎西德勒! 并祝您的孩子度过一个安全、简便、愉快、充实的假期!