རྒྱ་ཆེ་བའི་ཁྱིམ་བདག་ལྷན་རྒྱས།

བྱིས་པར་སློབ་གསོ་གཏོང་བ་ནི་སློབ་གྲྭ་དང་ཁྱིམ་བདག་གི་འོས་འགན་ཡིན་ལ། ཁོ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བ་ནི་ཁྱིམ་བདག་དང་དགེ་རྒན་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན་པ་གཞིར་བཟུང་ནས་འཕྲིན་ཡིག་འདི་ཁྱེད་ཁྱིམ་བདག་ཡོངས་ལ་བསྐུར་བ་ཡིན།

གཅིག རྒྱལ་གཅེས་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཚོར་བའི་ཀྲུང་ཧྭ་མི་རིགས་ཀྱི་བྱིས་པ་ལ་རྒྱ་ཅན་ཞིག་ཏུ་སྐྱེད་སྲིང་བྱེད་དགོས།

གཉིས། འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དུ་ལག་རྟགས་ཆ་ཚང་ཡོད་པའི་རླངས་འཁོར་ཚད་ལྡན་ལ་འདུག་དགོས།

གསུམ། ལུས་ཕུང་བདེ་ཐང་གི་ཆེད་དུ་ཞོར་ཟས་མི་བཟའ་བའི་གོམས་གཤིས་བཟང་པོ་ཁྱིམ་བདག་རང་ཉིད་ནས་མགོ་རྩོམ་དགོས།

བཞི། ཡ་རབས་ཚུལ་ལྡན་གྱི་ཆེད་དུ་བྱིས་པར་ཁྱིམ་ལས་ལྟ་བུའི་ལས་ཀ་ འོས་འཚམས་རེ་བཀོད་སྒྲིག་བྱས་ནས་ཕ་མའི་དཀའ་སྡུག་ཤེས་སུ་འཇུག་པ་ དང་། ཕ་མར་རོགས་རམ་བྱེད་པ་ནས་མགོ་བརྩམས་ཏེ་གཞན་ཕན་ལྷག་ བསམ་ཅན་གསོ་སྐྱོང་བྱེད་དགོས།

ལྔ། དབྱར་གནང་སྐབས་སུ་ཆར་ཐོག་དང་ཆུ་ལོག་གི་ཉེན་ཁ་ལ་གཟབ་ གཟབ་བྱེད་པར་ཡང་ཡང་བསྐུལ་དགོས།

དྲུག བྱིས་པའི་མིག་དབང་དང་སེམས་ཁམས་བདེ་ཐང་གི་ཆེད་དུ་ཁ་པར་ལ་ཅེར་བ་དང་དཔེ་བསྐྲུན་ཁང་ཚད་ལྡན་མིན་ལ་བསམ་བློ་ལྡོག་ཕྱོགས་སུ་འདྲེན་པའི་དཔེ་ཆ་གཏན་འགོག་བྱེད་དགོས།

བདུན། པྲོག་དབྱིབས་རིམས་ནད་སྔོན་འགོག་གི་ཆེད་དུ།སློབ་མ་མི་མང་འདུ་སར་ཉུང་འགྲོ་དང་ཞིང་ཆེན་ཕྱི་རོལ་ལ་འགྲོ་མི་འོས། གལ་ཏེ་ངེས་པར་དུ་འགྲོ་དགོས་ན་སློབ་གྲྭ་ལ་ཡར་ཞུ་བྱེད་དགོས་པ་དང་། ཕྱིར་ཐོན་ཚེ་ཚད་ལྡན་སྨན་ཁང་ནས་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ཡི་གེ་ལེན་པ་སོགས་སྲིད་གཞུང་གི་ཐག་བཅད་འགྲོ་ལུགས་ཁ་ཚང་སྒྲུབ་དགོས།

བརྒྱད། རང་གི་བྱིས་པ་གཞན་གྱི་མགོ་གཡོགས་མགོ་སྐོར་ལ་མི་ཚུད་པའི་ ཆེད་དུ་ཕ་མས་རྒྱུན་དུ་རང་སྲུང་དང་བཅའ་ཁྲིམས་ཤེས་བྱའི་སྐོར་གྱི་སློབ་ གསོ་གཏོང་དགོས།

དགུ ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་སྲོལ་རྒྱུན་རིག་གནས་རང་གི་བུ་རབས་ཚ་རྒྱུད་ལ་བརྒྱུད་སྤྲོད་བྱེད་དགོས།

བཅུ། དོ་དམ་ཁག་ལྔའི་དགོངས་དོན་ལྟར་འོས་འཚམ་གྱི་ཡིག་ཐོག་ལས་བྱ་ སྤུས་ཚད་ཅན་བཀོད་སྒྲིག་བྱེད་པ་ལས་མང་མི་རུང་བ་དང་། དུས་རྒྱུན་གཉིད་འདང་དགོས་པའི་རྨང་གཞིའི་སྟེང་ནས་ལུས་ཕུང་སྦྱོང་བརྡར་དང་དཔེ་ཀློག་གི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས། མདོར་ན་བྱིས་པའི་བསམ་བློ་དང་སྨྲ་བརྗོད། སྤྱོད་སྟངས་སོགས་ལ་མཉམ་འཇོག་བྱས་ཏེ་ནོར་འཆུག་ཡོད་ན་མྱུར་དུ་ཡོ་བསྲང་བྱེད་དུ་བཅུག་ནས་སྤྱོད་ཡོན་གཉིས་ལྡན་གྱི་འཇོན་མི་ཞིག་ཡོང་བར་ང་ཚོས་མཉམ་དུ་ཧུར་བརྩོན་བྱའོ།།

གཞན་གོང་རིམ་གྱི་ཡིག་ཆའི་དགོངས་དོན་ལྟར་སྤྱི་ཟླ༨ཚེས༣༠ཉིན་སློབ་མའི་མིང་ཐོ་འགོད་རྒྱུ་ཡིན་ལ། ཚེས༣༡ཉིན་སློབ་མ་གསར་བའི་མིང་ཐོ་འགོད་རྒྱུ་ཡིན།

མཇུག་མཐར། ཁྱེད་ཁྱིམ་བདག་ཡོངས་ཀྱི་སྐུ་ཚེ་བརྟན་ཞིང་བསམ་དོན་འགྲུབ་པར་སྨོན།

ཞེས་དཔལ་ཁ་མི་རིགས་བཅའ་སྡོད་སློབ་གྲྭས་གུས་ཕུལ།

སྤྱི་ལོ༢༠༢༡ལོའི་ཟླ༧ཚེས༡༥ཉིན།