合作市高级中学致家长的一份信

拉毛吉

2021年暑假通知

གཙོས་མཐོ་རིམ་སློབ་འབྲིང་གིས་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན་ཡིག

གུས་པར་འོས་བའི་ཁྱིམ་བདག་ལགས་སྐུ་ཁམས་བཟང་།

དབྱར་གནང་གཏོང་བའི་སྐབས་འདིར།གཙོས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གི་སྤྱི་ཁྱབ་ཏང་ཀྲུ་ཧྲུའུ་ཅི་མེན་བུན་ཀྲུང་དང་སློབ་གཙོ་ཆའོ་མེན་གཉིས་ཀྱིས་དགེ་རྒན་ཡོངས་ཀྱི་ཚབ་བྱས་ཏེ་ཁྱིམ་བདག་ཁྱེད་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ད་ཐེངས་རང་རེའི་སློབ་གྲྭས་སྤྱི་ཟླ7ཚེས16ཉིན་ནས་ཟླ8ཚེས24ཉིན་བར་དབྱར་གནང་གཏོང་རྒྱུ་ཡིན་པས། ཁྱེད་ཀྱིས་སློབ་མའི་ཟླ་གནང་གི་འཚོ་བར་བཀོད་སྒྲིག་གང་ལེགས་བྱ་རྒྱུ་མཁྱེན།

སློབ་གྲྭས་དབྱར་གནང་སྐབས་སུ་སློབ་མ་ཚོར་གཤམ་གྱི་བླང་བྱ་ཁག་བཏོན་ཡོད་པས།ཁྱིམ་བདག་གིས་རྒྱབ་སྐྱོར་དང་སློབ་གསོ་གཏོང་རོགས།

༡.རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་“ལོ་རྒྱུས་བཞི”ལ་སློབ་སྦྱོང་བྱ་དགོས།(ཏང་གི་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས་གསར་པ།བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས།)

༢.ངེད་སློབ་གྲྭའི་འཇོན་ཐང་ལྡན་དགོས་ན་སྔོན་ལ་མི་ལེགས་པོ་ཞིག་བྱེད་དགོས་ཞེས་པའི་ཀུན་སྤྱོད་བསམ་བློ་དོན་འཁྱོལ་བྱ་དགོས།རང་ཁྱིམ་ནས་དཔལ་ཡོན་ལྡན་པའི་གོམས་སྲོལ་ལེགས་པོ་ཆགས་སུ་འཇུག་དགོས་ལ།ཕ་མར་གུས་བཀུར་ལྡན་དགོས།“སློབ་འབྲིང་སློབ་མའི་ཉིན་རྒྱུན་གྱི་སྤྱོད་ལམ་ཚད་གཞི”དང“སློབ་འབྲིང་སློབ་མའི་སྲུང་བྱ”བརྩི་སྲུང་ལེགས་པོ་བྱས་ནས་ཡ་རབས་སྤྱོད་བཟང་གི་སློབ་མ་ལེགས་པོ་ཞིག་བྱ་དགོས།

༣.སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་དང་།རང་རྟོགས་ཀྱིས་མི་མང་འདུ་འཛོམས་བྱ་ཡུལ་གྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་མི་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བ་བྱ་དགོས།དབྱར་གནང་སྐབས་སུ་ཕྲུ་གུ་ཚོ་ས་གནས་སྲིད་གཞུང་དང་སྡེ་བས་རྩ་འཛུགས་བྱས་པའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་སྒོར་ཧུར་ཐག་གིས་ཞུགས་ནས།ཁ་ལུད་གང་སར་འཕེན་མི་རུང་བ་དང་གད་སྙིགས་གང་སར་གཡུག་མི་རུང་བར“མཚོ་བོད་སྒེའུ་ཁུང་།གངས་ལྗོངས་གཙོས་གྲོང”གི་སྣང་བརྙན་དང་དེ་བཞིན“གནོད་མེད་ལྔའི་ཀན་ལྷོ། མཛེས་སྡུག་གི་སློབ་རྭ”སྐྲུན་པར་བརྩོན་དགོས།

༤.དབྱར་གནང་སྐབས་སུ་ཕྱི་རོལ་ནས་ངོ་མི་ཤེས་པའི་མི་ལ་དོགས་ཟོན་བྱ་དགོས་པ་ལས་ཡིད་ཆེས་བྱ་མི་ཉན།ལྷག་པར་ཏུ་བུད་མེད་ཚོ་གང་འདོད་དུ་ཕྱིར་མི་འགྲོ་བར་མཁྱེན།

༥.རིམས་ནད་སྔོན་འགོག་གི་འདུ་ཤེས་ཆེ་རུ་གཏོང་ཆེད།ཁྱིམ་བདག་དང་སློབ་མ་ཚང་མས་སྣང་མེད་དུ་འཇོག་མི་རུང་དང་ལྷོད་གཡེང་གཏན་ནས་མི་བྱ་བར། སྔར་བཞིན་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ཏེ། སློབ་གྲྭའི་བཀོད་སྒྲིག་ལྟར། “ཁ་ཐུམ་རྒྱག་པ། ལག་པ་བཀྲུ་བ”“ཕྱི་རུ་མི་འགྲོ་བ། འདུ་འཛོམས་མི་བྱེད་པ”སོགས་ཀྱི་འགོག་སྲུང་གི་ཐབས་སྤྱད་ནས་རིམས་ནད་འབྱུང་བར་སྔོན་འགོག་བྱེད་དགོས། དྭངས་གཙང་གི་སེམས་ཁམས་སྲུང་འཛིན་དང་། རང་འགུལ་ངང་རིམས་ནད་སྔོན་འགོག་གི་ཤེས་བྱ་རྒྱུས་ལོན་དང་། རང་དཔེ་གཞན་སྟོན་གྱིས་བུ་ཕྲུག་ལ་འཕྲོད་བསྟེན་དང་བདེ་ཐང་གི་གོམས་གཤིས་བཟང་བོ་ཞིག་ཆགས་པར་སྐུལ་རོགས། (ཉིན་ལྟར་བུ་ཕྲུག་གི་བདེ་ཐང་ལ་ལྟ་སྐུལ་ཡག་པོ་བྱས་ཏེ་ཞོགས་པ་དང་དགོང་མོའི་དྲོད་ཚད་འཇལ་བ། གལ་ཏེ་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ཚེ་དུས་ཐོག་ཏུ་སྨན་ཁང་དུ་ཕྱིན་ནས་སྨན་བཅོས་བྱེད་དགོས་པར་མ་ཟད། འཛིན་བདག་ལ་བུ་ཕྲུག་གི་བདེ་ཐང་གནས་ཚུལ་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས། ནད་ཡོད་ཚེ་སློབ་གྲྭར་མི་སྐྱེལ་བ་དང་ནད་གཞི་གསང་བ། གལ་ཏེ་བུ་ཕྲུག་ལ་ནད་གཞི་འབྱུང་ཡོད་ཚེ། སྨན་ཁང་ནས་དུས་ལྟར་སངས་བཅོས་བྱེད་ཅིང་བདེན་དཔང་ཡི་གེ་འཁྱེར་ནས་སློབ་གྲྭར་ལོག་ཆོག )

༦.ཁྱིམ་བདག་གིས་བྱིས་པ་ཚོར་བསླབ་ཚན་སོ་སོའི་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་དབྱར་གནང་ལས་བྱ་དུས་ལྟར་འབྲི་བ་དང།ནང་དོན་འོས་འཚམ་གྱི་སློབ་ཕྱིའི་དཔེ་ཆར་ལྟ་ཀློག་བྱེད་པ། སློབ་མའི་ཤེས་རྒྱ་ཆེ་རུ་གཏོང་བ་དང་རང་ཉིད་ཀྱི་འདུ་ཤེས་ཇེ་ལེགས་སུ་གཏོང་བ་བཅས་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱ་རྒྱུ་གལ།གཞན《ཁྱིམ་ཚང་དང་སློབ་གྲྭའི་དབར་གྱི་འབྲེལ་གཏུག་བྱང་བུ》ཡང་ནན་ཏན་གྱིས་འབྲི་དགོས།

༧.རླངས་འཁོར་སོགས་འགྲིམ་འགྲུལ་ཡོ་བྱེད་ལ་འདུག་སྐབས།འབྲེལ་ཡོད་གཏན་འབེབས་ཁག་བརྩི་སྲུང་བྱ་དགོས།དུག་རྫས་དང་འབར་སླ་བ།འགས་གཏོར་སླ་བའི་ཉེན་ཁ་ཡོད་པའི་དངོས་རྫས་གཏན་ནས་འཁྱེར་མི་ཉན།ཁ་ལོ་བ་དང་བྱ་བྱེད་མི་སྣའི་བཀོད་སྒྲིག་ལ་ཉན་དགོས་པ་ལས་རང་སྣང་གང་ཤར་གྱིས་རྩོད་རྙོག་སློང་མི་ཉན།

༨.ཐོལ་བྱུང་དོན་རྐྱེན་ལ་འཕྲད་སྐབས།འཚུབ་ཆ་མི་ལངས་བར་དཔྱོད་ཤེས་སྒོས་ཐག་གཅོད་བྱ་དགོས།དགོས་ངེས་ཀྱི་ཆ་རྐྱེན་འོག་ཏུ་མགྱོགས་མྱུར་དང་དུས་ཐོག་དུ་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་སྙན་ཞུ་ཞུ་བའམ༡༡༠ལ་ཉེན་བརྡ་གཏོང་བའི་ཁ་པར་གཏོང་དགོས་པ་ལས་ཧོལ་རྒྱུགས་བྱ་མི་རུང་ལ་དོན་དག་ཚབས་ཆེ་རུ་གཏོང་མི་རུང་།

༩.གཉེན་ཉེ་དང་གྲོགས་པོ་སོགས་ལ་བལྟ་བ་དང་།ཕྱི་རོལ་དུ་འགྲོ་སྐབས་སྒོར་མོ་མང་པོ་འཁྱེར་མི་ཉན་ལ།མི་གཞན་ལ་རང་གི་སྒོར་མོ་སོགས་འཁྱེར་ཡོད་པ་ཤེས་སུ་འཇུག་མི་རུང་།དངུལ་བྱང་སྤྱོད་དུས་གསང་གྲངས་གསང་རྒྱ་ནན་མོ་བྱ་དགོས་ལ།ཐོབ་ཐང་དཔང་ཡིག་དང་དངུལ་བྱང་སོགས་མཉམ་དུ་འཇོག་མི་རུང་།ཉེན་ཟོན་འདུ་ཤེས་མཐོར་འདེགས་བཏང་ནས་བརྐུ་འཕྲོག་དང་མགོ་སྐོར་ལ་སྔོན་འགོག་བྱ་དགོས།

༡༠.ཕྱི་རོལ་དུ་ཡུལ་སྐོར་ལ་འགྲོ་སྐབས་བདེ་འཇགས་ལ་དོ་སྣང་བྱ་དགོས།རི་ལུང་དང་ཆུ་བོ་ཆེན་པོ།མི་མེད་ལུང་སྟོང་བཅས་སུ་རང་ཉིད་གཅིག་པུར་འགྲོ་མི་རུང་།སློབ་གྲོགས་ཕན་ཚུན་བར་ལྟ་རྟོག་དང་རོགས་རམ་བྱ་དགོས།རྩེད་མོ་རྩེ་བ་དང་པར་རྒྱག་སྐབས་ཉེ་འཁོར་གྱི་ཁོར་ཡུག་ལ་དོ་སྣང་བྱས་ཏེ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་བ་སྔོན་འགོག་བྱ་དགོས།

༡༡.དབྱར་གནང་སྐབས་སུ་ཚེ་སྲོག་ལ་གཅེས་སྐྱོང་དང་ཚན་རིག་ལ་བརྩི་མཐོང་དར་སྤེལ་གཏོང་དགོས་ལ།ཟེར་སྒྲོས་ལ་ཡིད་མི་ཆེས་པ་དང་དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་བྱེད་སྒོ་དྲིལ་བསྒྲགས་མི་བྱེད་པ་དང་རྨོངས་དད་དང་ཆོས་ལོག་གི་ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་དཔེ་དེབ་ལ་ལྟ་མི་ཉན།

༡༢.བྱིས་པ་རྣམས་བདེ་ཐང་མིན་པའི་རོལ་རྩེད་བྱ་ཡུལ་དུ་མི་འགྲོ་བ་དང་།དུག་རྫས་དང་རྒྱང་ཐག་རིང་དུ་གཏོང་རྒྱུ་གལ།

མཐར་ཕ་ངོ་བུ་ངོ་འཕྲོད་ཅིང། བུ་ངོ་ཉི་མ་ཤར་བའི་དབྱར་གནང་རོལ་བར་ཤོག

《告 家 长 书》

尊敬的家长:

您好!值此暑假来临之际,合作市高级中学党总支书记敏文忠及校长乔旻携全体老师向贵家长致以崇高的敬意和诚挚的问候。我校本次暑假自 7月16 日至8 月 24日,请您安排好孩子的暑假生活。学校对假期期间各项活动做如下要求,请家长教育督促:

1.发扬爱国主义精神,学习“四史”。(党史、新中国史、改革开放史、社会主义发展史)

2.继续秉承我校校训,践行“成才须先成人”的德育理念。在家注重培养孩子良好的文明礼仪习惯,教育孩子尊老爱幼,认真按《中学生日常行为规范》和《中学生守则》严格要求自己,体现当代中学生积极向上的精神风貌。

3.遵守社会公德,自觉维护公共场所的正常秩序,乐于助人。月假期间让孩子积极参加创建“五无甘南”打造“五无校园”活动及街道办、乡镇地方所组织的环境卫生整治活动,不随地吐痰,不乱扔垃圾,为树立“青藏之窗· 雪域羚城”形象贡献一份力量,做一名合格的公民。

4.提高自我防范意识。暑假期间外出时,增强防范技能,不轻易相信陌生人,女生切勿单独外出。

5.加强疫情防控意识。积极响应党和政府的号召,按照学校要求,暑假期间,家长教育孩子务必做好“戴口罩、勤洗手、不外出、不聚集”等自我防护措施。家长主动了解疫情防控知识,以身作则,带动和帮助孩子养成良好的卫生习惯。(若发现异常情况及时就医,并如实向班主任报告孩子健康状况,返校时做到不带病上学,不隐瞒、谎报病情。不抱侥幸心理。)

6.督促完成是暑假作业。家长督促孩子按时完成各科暑假作业,阅读内容健康的各类课外书籍,拓宽知识面,提高自我修养,并认真填写《家校联系卡》。

7.乘坐交通工具时,遵守交通规则。严禁携带有毒、易燃、易爆等危险品。

8.面临突发事件,要冷静、客观、机智地处理。若遇紧急情况,则要迅速报告公安机关或拨打110,不义气用事,盲目冲动,导致事态扩大。

9.外出时尽量不携带较多现金,保管好自身的重要财物。提高警惕,注意防盗、防抢、防骗。

10.出外旅游时要注意个人人身安全。在行至山高、水深、人迹罕至等地方时,切勿单独行动,注意四周地势,以防发生意外事故。

11.热爱生命,崇尚科学。不信谣、不传谣;不宣传、不参与、不围观破坏社会稳定等的活动;不传阅具有封建迷信、妖邪教色彩的宣传书籍。

12.严格禁止孩子涉足不健康娱乐场所,远离毒品,树立防毒、反毒,人人有责的意识。

合作市高级中学

2021年7 月 13日

家长

暑假

孩子

高级中学

外出

督促

我校

五无

暑假作业

自我