བདུན་ཕྲག་བཅུ་གསུམ་པའི་བྱ་གཞག

སློབ་གྲྭ་སོ་སོ་ནས་དཔེ་ཁྲིད་རིགས་ལམ་ཡག་པའི་ཁྲིད་ཐོ་རེ་བདམས་ནས་ཞིབ་འཇུག་ལྟེ་གནས་ཀྱི་ཡིག་ཚགས་སུ་ཉར་རྒྱུ་དང་འཕྲིན་སྟེགས་འདིར་མུ་འགོད་བྱ་རྒྱུ་ཡིན།

སློབ་གྲྭ། དབལ་པཎ་ཚང་གྲོང་རྡལ་ཞག་སྡོད་སློབ་གྲྭ།

དགེ་རྒན། སྒྲོལ་དཀར་སྐྱིད།

སློབ་ཚན་བཅུ་བ། ལྕོང་མོས་ཨ་མ་འཚོལ་བ།

སློབ་ཐུན་གཉིས་པ།

དང་པོ། སློབ་ཁྲིད་ཀྱི་དམིགས་ཚད།

སློབ་ཚན་སྦྱོར་ཀློག་ཤེས་པའི་རྨང་གཞིའི་སྟེང་ནང་དོན་ལ་གོ་བ་ལེན་དགོས།

གཉིས་པ། སློབ་ཁྲིད་ཀྱི་དཀའ་གཙོད་གནད།

༡. གཙོ་གནད།

སློབ་ཚན་གྱི་ཀློག་ལ་བྱང་དགོས།

༢.དཀའ་གནད།

ལྕོང་མོས་ཨ་མ་འཚོལ་བའི་གོ་རིམ་ཁྲོད་སྦལ་བར་གྱུར་བ་ཡིན་ལ་ང་ཚོ་ན་ཆུང་སློབ་མ་ཡང་དེ་བཞིན་དུ་གོ་རིམ་མང་པོ་ཞིག་བརྒྱུད་པའི་ཁྲོད་ནས་མི་ཚད་ལྡན་ཞིག་ཏུ་

འགྱུར་དགོས།

༡ སློབ་ཁྲིད་ཀྱི་རྩ་འཛུགས།

སློབ་མ་ཚང་མིན་དང་སློབ་ཆས་གྲ་སྒྲིག་བྱས་ཡོད་མེད་ལ་བལྟ་བ།

༢ ཁྲིད་ཟིན་པའི་ནང་དོན་བསྐྱར་སྦྱོང་བྱེད་པ།( སྔོན་འགྲོའི་ཚད་འཇལ།)

༣ སློབ་ཁྲིད་དངོས་ལ་ཞུགས་པ།

༡ ཐོག་མར་དགེ་རྒན་གྱིས་ངག་ཐོག་ནས་གཏམ་རྒྱུད་འདི་ཐེངས་གཅིག་ལ་བཤད་རྒྱུ། ༢ སྨྱན་གཟུགས་དང་འབྲེལ་ནས་སློབ་ཚན་གྱི་ནང་དོན་བཤད་རྒྱུ།

༣ དགེ་རྒན་གྱི་མཛུབ་ཁྲིད་བྱས་ཏེ་གཏམ་རྒྱུད་ཀྱི་ནང་དོན་ལ་གོ་ལེན་པ།

༤ སློབ་མར་སློབ་ཚན་གྱི་ནང་དོན་ངག་ཐོག་ནས་བཤད་དུ་འཇུག་པ།

༤ སློབ་ཁྲིད་སྲ་བརྟན།

ལྕོང་མོས་ཨ་མ་འཚོལ་བའི་གོ་རིམ་ཁྲོད་སྦལ་བར་གྱུར་བ་ཡིན་ལ་ང་ཚོ་ན་ཆུང་སློབ་མ་ཡང་དེ་བཞིན་དུ་གོ་རིམ་མང་པོ་ཞིག་བརྒྱུད་པའི་ཁྲོད་ནས་མི་ཚད་ལྡན་ཞིག་ཏུ་

འགྱུར་དགོས།

༥ སློབ་ཁྲིད་ཕྱོགས་སྡོམ།

ལྕོང་མོ་འཚོ་བའི་ཁོར་ཡུག་ཆུ་ནང་ཡིན་པ།

སྐྱེས་གཟུགས་ནི་མགོ་ཆེ་ཞིང་ལུས་ཕྲ་བ། རྔ་མ་རིང་བ། རྐང་ལག་མེད་པ།

༦ ལས་བྱ་བཀོད་སྒྲིག

༧ སྒོ་སམ་ཇུས་འགོད།

༩ ཁྲིད་རྗེས་ཀྱི་མྱོང་ཚོར།

སློབ་གྲྭ།དབལ་པཎ་ཚང་གྲོང་རྡལ་ཞག་སྡོད་སློབ་གྲྭ།

དགེ་རྒན། བསོད་ནམས་ནོར་བུ།

སློབ་ཐུན་གཅིག་གི་སློབ་ཁྲིད་འཆར་བཀོད།

འབྱེད་སྡུད།

དང་པོ། ཁྲིད་བྱའི་དམིགས་ས།

ནམ་རྒྱུན་གྱི་འཚོ་བ་དང་སློབ་སྦྱོང་གི་ཁྲོད་དུ་ཐ་སྙད་ནི་དགྲ་བོར་འཐབ་པའི་ལག་ཆ་དང་བྱ་དངོས་བཟོ་བའི་རྒྱུ་ཆ་ལྟ་བུ་ཡིན་ཞིང་།ཕྲད་ནི་འཚེམ་བཟོའི་སྐུད་པ་ལྟར་ལགས་པས།ཐ་སྙད་གསོག་འཇོག་གི་ནུས་པ་སྐྱེད་བསྲིང་དང་ཕྲད་ཀྱི་སྦྱོར་ཚུལ་ངོས་འཛིན་བྱེད་པར་དམིགས་པའོ།།

གཉིས་པ།ཁྲིད་བྱའི་དཀའ་ས།

སློབ་ཚན་དུ་བཀོད་པ་ལྟར་འབྱེད་སྡུད་ཀྱི་ཕྲད་དེ་འབྱེད་པ་དང་།སྡུད་པ།དྲི་བ་བཅས་དོན་གསུམ་ལ་འཇུག་པ་གཙོར་བཟུང་ནས་མདོ་ཙམ་ངོ་སྤྲོད་བྱེད་དགོས་མ་གཏོགས་རྒྱས་པར་འགྲེལ་མི་རུང་།

གསུམ་པ།ཁྲིད་བྱའི་གནད་ས།

༡.འབྱེད་སྡུད་ཀྱི་ཕྲད་ངོས་འཛིན།

༢.ཕྲད་ངོས་ཟིན་པའི་རྨང་གཞིའི་སྟེང་དུ་ཕྲད་དེ་དག་སྦྱོར་ཡུལ་གྱི་རྗེས་འཇུག་ཡི་གེའི་རྗེས་སུ་ཇི་ལྟར་སྦྱོར་ཚུལ་གྱི་ཐོབ་ཐང་།

བཞི་བ། ཁྲིད་བྱའི་རིམ་པ།

༡ སློབ་ཁྲིད་རྩ་འཛུགས།

སློབ་ཕྲུག་ཚང་མ་སློབ་རའི་ཚལ་དུ་བྱོན་ཡོད་མེད་ལ་ལྟ་བ་དང་།ཁྲིད་དེབ་དང་སྦྱང་དེབ།སྨྱུ་གུ་སོགས་གྲ་སྒྲིག་བྱེད་པར་སྐུལ་བ།

༢ ཧུར་ཐག་འབད་ཐག་དང་སྙིང་རུས་ཆེར་སྐྱེད་སྒོས་སློབ་ལ་གཞོལ་དགོས་པའི་སྐོར་ལས་ཁ་ཏ་སློབ་གསོ་བགྱི་བ།

༣ ལས་བྱ་ཞིབ་བཤེར།

ཐོག་མར་སློབ་གསེང་ལས་བྱ་ཞིབ་བསྡུར།

དེ་ནས་་་་ཁྱིམ་སྦྱོང་ལས་བྱ་རེ་རེ་བཞིན་བལྟས་རྗེས་གསལ་འདེབས་བྱེད་པ།

༥ ཁྲིད་ཟིན་ཕྱིར་དྲན།

རྒྱན་སྡུད་ཀྱི་ཐོབ་ཐང་།

ས་མཐར་དམིགས་བསལ་ཞེས་མ་གཏོགས་ཞེས་དམིགས་བསལ་དགོས་དོན་ཅི།

ལ་དོན་གྱི་ཕྲད་དང་སྦྱོར་ཚུལ།

སྒྲ་འཛིན་་་་་་་དྲི་འཛིན་་་་་་་ས་འཛིན་་་་་་ཆུ་འཛིན་་་་་་་་རྐང་གཉིས་་་་་་རྐང་བཞི་་་་་་་རྐང་དྲུག་་་་་་་་་རེ་རེ་བཞིན་ངོས་འཛིན་བྱོས།

རྩྭ་ཐང་གི་ཁྱད་ཆོས་མདོ་ཙམ་ཤོད།

མཚོ་སྔོན་པོའི་མིང་གཞན་ལ་ཅི་ཟེར།

༦ ཁྲིད་བྱའི་ནང་དོན།

དགེ་རྒན།འབྱེད་སྡུད་ཀྱི་ཕྲད་དང་ཐོབ་ཐང་།

སློབ་མ།གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་བཅས་ནི་རྗེས་འཇུག་རང་འདྲའི་མཐར་སྦྱོར་རོ།།

དགེ་རྒན།འབྱེད་སྡུད་ཀྱི་ཕྲད་ཀྱི་འཇུག་ཡུལ།

སློབ་མ།འབྱེད་པ་དང་སྡུད་པ།ཐེ་ཚོམ།དྲི་བ།

དགེ་རྒན། འབྱེད་པ་དང་སྡུད་པའི་གོ་དོན།

སློབ་མ།དབྱེ་གཞི་གཅིག་ལས་རྣམ་གྲངས་དུ་མ་སོ་སོར་ཕྱེས་པ་ལ་འབྱེད་པ་ཟེར།

རྣམ་གྲངས་དུ་མ་གཞི་གཅིག་ཏུ་སྡུད་པ་ལ་སྡུད་པ་ཟེར།

དགེ་རྒན། འབྱེད་པ་དང་སྡུད་པར་དཔེ་བརྗོད་འཇོག་ཤེས་སམ།

སློབ་མ། 1.ཕྱོགས་བཞི་ནི།ཤར་རམ།ལྷོའམ།ནུབ་བམ།བྱང་ངོ་། 2.གླང་ཆེན་ནམ།སྤྲེའུའམ།རི་བོང་ངམ།བྱ་སྲེག་པ་ནི་མཐུན་པ་སྤུན་བཞིའོ།།

༧.ནུས་པ་རྒྱ་སྐྱེད།

འདུག()སོང()ཡོད()ལེན()ཐོབ()

༨.ཕྱོགས་སྡོམ།

གམ་ངམ་དམ་ནམ་བམ་མམ་འམ།།

རམ་ལམ་སམ་ནི་འབྱེད་སྡུད་སྒྲ།།

རྗེས་འཇུག་རང་འདྲའི་མཐའ་ལ་སྦྱོར།།

ཐེ་ཚོམ་དྲི་བ་ལ་ཡང་འཇུག།

༩.སྦྱང་བྱའི་རེ་འདུན།

A སློབ་གསེང་ལས་བྱ།

ད་ནི་འཕུལ་དང་མཐའ་རྟེན་མགོ།།

མེད་ལ་སྦྱོར་དང་ཡོད་ལ་སྤོང་།།ཞེས་པའི་དོན་ཁྲོལ་དང་།

དུས་ཚིགས་བཞི་བོར་མངོན་བརྗོད་གཉིས་རེ་ཕྲིས།

འབྲོག་ལས་ཡོ་བྱད་བདུན་གྱི་མིང་ཕྲིས།

B ཁྱིམ་སྦྱོང་ལས་བྱ།

ཤོག་ངོས་(༤༡)གི་ཟླ་གམ་དུ་ཕྲད་སྐོང་འཇུག་བྱོས།

བསླབ་བྱའི་ནང་དོན་ཡིད་ལ་ངེས་སུ་ཆུགས་་་་

ལྔ་བ། སྒོ་སམ་ཇུས་འགོད།

དཀྱིལ་གྱི་འཆར་ངོས་སུ་འཁྲིད་བྱའི་ནང་དོན་སྟོན་པ་དང་། གཞོགས་གཉིས་སུ་ཕལ་བ་རྣམས་འགོད་པ།

ཁྲིད་རྗེས་ཀྱི་མྱོང་ཚོར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

་་་་་་་་་་་་་་་་་་སློབ་ཕྲུག་ཚོ།སློབ་ཐུན་རྗེས་མར་སྤྲོ་སྣང་གི་གླུ་ཆུང་དང་དགོད་སློང་གི་

གནའ་གཏམ་དང་ལྷན་དུ་ཡང་བསྐྱར་མཇལ་ཡོང་། ་་་་སློབ་ཐུན་གྲོལ།་་་་་

༣
སློབ་གྲྭ། མཚེ་རུ་མ་སློབ་གྲྭ།

དགེ་རྒན། ཚེ་རིང་དོན་གྲུབ།

༢༢ རིག་པ་ཅན་གྱི་ཨ་མ།

ཐུན་དང་བོ།

སློབ་ཁྲིད་ཀྱི་དམིགས་ཚད།

༡སློབ་ཚན་འདིའི་ཁག་དང་པོ་སྟེ་རང་གྲུབ་ཚན་པ་དང་པོ་ཚིག་གི་གཅོད་མཚམས་ལྟར་དག་གསལ་སྙན་གསུམ་གྱི་སྒོ་ནས་ཀློག་ཤེས་དགོས།

༢སློབ་ཚན་གྱི་ཁ་བྱང་ལས་༼ཨ་མ༽་ཞེས་པ་སུའི་ཨ་མ་ཡིན་པ་ཤེས་དགོས།

༣མི་ལས་རས་པའི་ལོ་རྒྱུས་མདོ་ཙམ་ཤེས་རྒྱུ།

གཙོ་གནད།

སློབ་ཚན་གྱི་ཁག་དང་པོ་ཚིག་གི་གཅོད་མཚམས་ལྟར་ཀློག་ཤེས་པའི་རྨང་གཞིའི་ཐོག་ནང་དོན་ཡིད་ལ་ངེས་རྒྱུ།

དཀའ་གནད།

མི་ལ་རས་པའི་ངོ་སྤྲོད་མདོ་ཙམ་ཤེས་རྒྱུ།

ཁྲིད་ཐབས།

འཆད་ཁྲིད་ཐབས།

སློབ་ཁྲིད་ཀྱི་བརྒྱུད་རིམ།

དང་པོ།སློབ་ཁྲིད་རྩ་འཛུགས།

སློབ་ཆས་གྲ་སྒྲིག་བྱས་ཡོད་མེད་དང་འདུག་སྟངས་དྲང་མོ་ཡིན་མིན་ལ་བལྟ་བ།

གཉིས་པ།ཁྲིད་ཟིན་པ་བསྐྱར་སྦྱོང་།

ཐུན་སྔོན་མར་ཁྲིད་པའི་ལེགས་བཤད་ཚན་པ་གསུམ་པོ་མཉམ་ཀློག་ཐེངས་གཅིག་བྱས་རྗེས་བརྗོད་དོན་ལ་ཕྱིར་དྲན་བྱེད་པ།

གསུམ་པ། སློབ་མའི་བློ་སྣ་འདྲེན་པ།

མི་ལ་རས་པས་མཐུ་བཏང་བ་གཙོར་བྱས་པའི་ལོ་རྒྱུས་མདོ་ཙམ་འཆད་རྒྱུ།

བཞི་བ། སློབ་ཁྲིད་དངོས།

༡སློབ་ཚན་གྱི་ཁ་བྱང་འགོད་པ།

སློབ་ཚན་འདིའི་ཁ་བྱང་ལས༼ཨ་མ༽ཞེས་པ་དང༼རིག་པ་ཅན༽གཉིས་བར་གྱི་འབྲེལ་བ་དང་སློབ་ཚན་གྱི་ཁ་བྱང་འདི་ལྟར་འདོགས་དོན་ལས་འཕྲོས་ཏེ་སློབ་ཚན་འདི་ནི་ཁག་གསུམ་གྱིས་གྲུབ་ཡོད་པ་གསལ་བཤད་བྱ་རྒྱུ།

༢ ཀློག་སློབ་པ།

སློབ་ཚན་འདིའི་ཁག་དང་པོ་སྟེ་རང་གྲུབ་ཚན་པ་དང་པོ་ནི་ཐུན་འདིའི་འཁྲིད་བྱ་གཙོ་བོ་ཡིན་པས་ཐོག་མར་ཚན་པ་འདི་འགྲོས་ཅུང་དལ་བའི་ངང་ནས་ཚིག་གི་གཅོད་

མཚམས་ལ་རྟགས་རྒྱགས་ཞོར་ཀློག་འཁྲིད་བྱེད་པ།དེ་ནས་འགྲོས་ཅུང་མགྱོགས་པའི་

ངང་ནས་ཀློག་འཁྲིད་བྱེད་པ།མཇུག་ཏུ་སློབ་མ་རྣམས་ལ་དག་གསལ་སྙན་གསུམ་གྱི་སྒོ་ནས་མཉམ་ཀློག་བྱ་རུ་འཇུག་པ།

༣ བརྗོད་དོན་འགྲེལ་བ།

༼རང་གི་བུ༽ཞེས་པ་ལས་འཕྲོས་ཏེ་མི་ལ་རས་པ་ངོ་སྤྲོད་མདོར་བསྡུས་ཤིག་བྱས་རྗེས་ཚན་པ་འདིའི་ནང་གི་ལྷ་སའི་ཡུལ་སྐད་ཀྱི་ཤུགས་ཆེ་བའི་ཚིག་རྣམས་ལ་སྟབས་བདེའི་ངག་འགྲེལ་རྒྱག་པ་དང་།ཚན་པ་ཧྲིལ་བོའི་ནང་དོན་འགྲེལ་བ།ཚན་པ་འདིའི་མདོ་དོན་སྨྱན་གཟུགས་ལས་སློབ་མར་སྟོན་པ།

ལྔ་བ། ཡིད་འཇགས་བསྐྱར་སྦྱོང།

༡རིག་པ་ཅན་གྱི་ཨ་མ་ཞེས་པའི་ནང་གི་ཨ་མ་ནི་སུའི་ཨ་མ་ལ་གོ་དགོས་སམ།

༢ཨ་མས་རྣལ་འབྱོར་བར་ཤེས་སུ་མ་བཅུག་པར་གསེར་སྲང་བདུན་རང་གི་བུ་ལ་ཇི་

ལྟར་བསྐུར་བ་རེད།

དྲུག་པ། ཕྱོགས་སྡོམ།

ཨ་མ་མྱང་ཚ་དཀར་རྒྱན་གྱིས་བློ་དང་རིག་པ་ལ་བརྟེན་ནས་རང་གི་བུ་མི་ལ་རས་པ་ལ་གསེར་སྲང་བདུན་བསྐུར་བ།

བདུན་པ།ལས་བྱ།

སློབ་གསེང་སྐབས་སུ་སློབ་ཚན་འདི་ངག་ཐོག་ནས་ཕན་ཚུན་ལ་བཤད་པ།

སྒོ་སམ་ཇུས་འགོད།

དམིགས་ཚད། ༢༢ རིག་པ་ཅན་གྱི་ཨ་མ། དུས་བསྟུན་བེད་སྤྱོད།

སྨྱན་གཟུགས་འཆར་ངོས།

ཁྲིད་རྗེས་ཀྱི་བསམ་ཚུལ།
༢
སློབ་གྲྭ། མུར་བྱེག་སློབ་གྲྭ།

དགེ་རྒན། བློ་བཟང་དོན་གྲུབ།

ལྗོངས་ཞིང་ལྔའི་མཉམ་བསྒྲིགས་བསླབ་གཞི།

ཁྲིད་ཐོ།

སློབ་གྲྭ། མུར་བྱེག་སློབ་གྲྭ།

བསླབ་ཚན། སྐད་ཡིག

འཁྲིད་མཁན། བློ་བཟང་དོན་གྲུབ།

འཁྲིད་ཡུལ། ལོ་རིམ་བཞི་བ།

རྒྱན་སྡུད།༼ ཁྲིད་ཐུན་གཉིས་པ།༽

དམིགས་ཚད།

༡ ཤེས་བྱ་དང་ནུས་པའི་དམིགས་ཚད། ཐོབ་ཐང་མ་ནོར་བར་ཕྲད་སྦྱོར་ཤེས་པ་དང་ནང་གསེས་སོ་སོའི་ཕྲད་ཀྱི་འཇུག་ཚུལ་ཤེས་པ། རྩོམ་དང་ཚིག་ཏུ་བཀོལ་ཤེས་པར་བྱེད་པ།

༢ བརྒྱུད་རིམ་དང་ཐབས་ལམ། ཐོབ་ཐང་ལས་ཕྲད་སྦྱོར་ཚུལ་ཤེས་པ་དང་། དཔེ་བརྗོད་ཀྱི་སྐད་ཆའི་བརྗོད་ལུགས་ལ་བརྟེན་ནས་ནང་གསེས་ཀྱི་འཇུག་ཡུལ་སོ་སོ་ངོས་འཛིན་པ།

༣ བརྩེ་སེམས་དང་རིན་ཐང་གི་ལྟ་བ། བོད་མི་ཞིག་ཡིན་ཕྱིན་བོད་སྐད་ཤེས་དགོས་ལ། བོད་སྐད་ཀྱི་བརྡ་སྤྲོད་པ་ལ་ངེས་པར་དུ་སུམ་ཅུ་བའི་ཕྲད་སྦྱོར་སྟངས་ཤེས་དགོས་སོ།།

གཙོ་གནད། རྒྱན་སྡུད་ཀྱི་ནང་གསེས་འཇུག་ཡུལ་སོ་སོར་དཔེ་བརྗོད་འཇོག་ཤེས་པ།

དཀའ་གནད། ནང་གསེས་འཇུག་ཡུལ་སོ་སོའི་སྐད་ཆའི་བརྗོད་ལུགས་ལ་དཔེ་བརྗོད་ཀྱི་སྟེང་ནས་བརྟག་ཤེས་པ།

ཁྲིད་ཐབས། བཤད་ཁྲིད། མཛུབ་ཁྲིད།

དང་པོ། སྦྱོར་བ།

༡ སྟ་གོན། ༼ སློབ་མ། ༽

ཡིད་དྲན་པ་ཉེར་བཞག

ལུས་དྲན་པ་ཉེར་བཞག

ངག་དྲན་པ་ཉེར་བཞག

༢ བསྐྱར་སྦྱོང་།

༼ ༡ ༽ རྒྱན་སྡུད་ཀྱི་དབྱེ་བ།

ཚིག་རྒྱན་གཉིས་དང་སྡུད་པར་འཇུག

༼ ༢ ༽ ཐོབ་ཐང་བློར་སྐྱོར་བ།

ག་ད་བ་སའི་རྗེས་སུ་ཀྱང་།།

ང་ན་མ་འ་ར་ལ་ཡང་།།

འ་དང་མཐའ་མེད་འང་དང་ཡང་།།

རྐང་བ་སྐོང་ཚེ་ཡང་འཐོབ་བོ།།

༣ བློ་སྣ་འདྲེན་པ།

སྒྲ་ཤེས་ན་དོན་ལ་མི་རྨོངས།༼ སུམ་རྟགས་གཉིས།༽

གཉིས་པ། གཞུང་དངོས།

༡ ཕྲད་ཀྱི་འཇུག་ཡུལ།

ཀྱང་། ག་ད་བ་ས་ད་དྲག

ཡང་། ང་ན་མ་འ་ར་ལ་དང་མཐའ་མེད།

འང་། མཐའ་མེད།

༢ ཐོབ་ཐང་ལྟར་ཕྲད་ཁ་བསྐངས་རྗེས་ཕྲད་ཀྱི་འཇུག་ཡུལ་ངོས་འཛིན་པ།

བང་ ཡང་ མྱུར་ལ། ཤ་ ཡང་ རྒྱས། ༼ མཐུན་པའི་ཚིག་རྒྱན།༽

སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ ཀྱང་ །།

རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།། ༼ མི་མཐུན་པའི་ཚིག་རྒྱན།༽

མགོ་འདྲེན་ ཡང་ ཡིན་ལ། དགེ་རྒན་ ཡང་ ཡིན།༼ ཕན་ཚུན་སྡུད་པ།༽

བླུན་པོས་ ཀྱང་ ཤེས་ན་མཁས་པ་ལྟ་ཅི་སྨོས། ༼ སྔ་མས་ཕྱི་མ་སྡུད་པ།༽

སུམ་རྟགས་མ་ཟད། སྙན་ངག་ ཀྱང་ ཤེས། ༼ ཕྱི་མས་སྔ་མ་སྡུད་པ།༽

༣ སྲ་བརྟན།

ཕྲད་ཁ་སྐོང་བ།

མིག་མཐོང་མེད་ ཀྱང་ རྣ་ཐོས་ཡོད།

མི་དེ་རང་གི་གྲིབ་མ་ལ འང་ ཡིད་མི་ཆེས།

དོན་གལ་ཆེ་བའི་གཏམ་དེ་བཤད་ ཀྱང་ བཤད།

དམངས་ལ་བརྩེ་ འང་ དགྲ་བོ་འཇོམས།

གདུས་ ཀྱང་ གདུས་ཏེ་ནུར་ ཡང་ ནུར།

གཟུགས་ ཀྱང་ མཛེས་ལ་འགྲོས་ ཀྱང་ ལེགས།

གསུམ་པ། རྗེས་ཀྱི་ལས།

༡ བསྡུས་དོན།

༼ ༡ ༽ རྒྱན་སྡུད་ལ་ནང་གསེས་འཇུག་ཡུལ་གང་དག་ཡོད།

རྒྱན་སྡུད་ལ་ནང་གསེས་འཇུག་ཡུལ་མཐུན་པའི་ཚིག་རྒྱན་དང་མི་མཐུན་པའི་ཚིག་རྒྱན། སྡུད་པ་བཅས་ཡོད།

༼ ༢ ༽ སྡུད་པ་ལ་ནང་གསེས་འཇུག་ཡུལ་གང་དག་ཡོད།

སྡུད་པ་ལ་ཕན་ཚུན་སྡུད་པ་དང་སྔ་མས་ཕྱི་མ་སྡུད་པ། ཕྱི་མས་སྔ་མ་སྡུད་པ་བཅས་གསུམ་ཡོད།

༼ ༣ ༽ རྒྱན་སྡུད་ནི་གཙོ་ཆེར་གང་ལ་འཇུག

རྒྱན་སྡུད་ནི་གཙོ་ཆེར་ཚིག་རྒྱན་གཉིས་ལ་འཇུག

༢ ལས་བྱ།

ཚིག་རྒྱན་གཉིས་དང་སྡུད་པའི་ནང་གསེས་གསུམ་ལ་དཔེ་བརྗོད་རེ་ཞོག

༣ ཁྲིད་རྗེས་ཀྱི་བསམ་གཞིགས།

༡
སློབ་གྲྭ།ཆུ་ཁ་མ་གྲོང་རྡལ་བཅའ་སྡོད་སློབ་གྲྭ།

དགེ་རྒན། དོན་གྲུབ་ཚེ་བརྟན།

༥.ལ་རྒྱ།

༼ཁྲིད་ཐུན་གསུམ་པ།༽

རིགས་ལམ།

ཀློག་གི་བྱང་ཆས་དོན་གྱི་གནད་འབྱིན་པ་སྟེ།རུས་པ་བཅག་ནས་རྐང་འདྲུ་བ་བཞིན་འདི་ནི་ཀློག་གནད་དུ་བཟུང་ནས་དོན་ལྷང་ལ་འབུད་པར་བྱེད་པའི་ཁྲིད་ཐབས་ཤིག་ཡིན་པས་ཁྲིད་ཐབས་ཀྱི་རིགས་ལམ་འདིར་ཀློག་སྦྱོང་བཅུད་ལེན་མའང་ཟེར།

སློབ་ཁྲིད་ཀྱི་དམིགས་ཚད།

༡.འདོན་ཁ་བྱང་།

༢.གཏམ་རྒྱུད་འདི་སློབ་མས་བཤད་ཤེས་པ།

༣.བསྟན་དོན་ཡིད་ལ་ངེས་པ།

སློབ་ཁྲིད་ཀྱི་དཀའ་གནད།

དགའ་སྐྱོ་ཆགས་སྡང་གི་ཉམས་འགྱུར་གསལ་བའི་ངང་ནས་སློབ་ཚན་གྱེར་ཀློག་ཐུབ་

པ།

སློབ་ཁྲིད་ཀྱི་གཙོ་གནད།

ཀློག་ན་སྒྲ་དག་ལ་ཚིག་གི་གཅོད་མཚམས་འགྲིག་པ། བྱང་ཆ་ལྡན་པ།

གཅིག ཀློག་ཁྲིད་གྲ་སྒྲིག སྐར༥

༡.ཀློག་སློབ་པའི་སྔོན་འགྲོའི་ཤེས་བྱ་ཕྲན་བུ།

ཡི་གེ་འདོན་དུས་སྒྲ་དག་པོ་ཡོང་ཆེད་ཁ་སྣ་གཙང་མ་བྱེད་དགོས་སྟེ།སྣ་ནང་དུ་སྣ་ལུད་འཚང་བ་དང་ཁ་ནང་དུ་ཟས་ཟ་ཞོར་སོགས་བྱས་ན་སྒྲ་དག་པོ་ཡོང་མི་ཐུབ། ད་དུང་སོ་ལའང་གཅེས་སྤྲས་བྱེད་དགོས།སོ་ལ་ཆག་སྐྱོན་བྱུང་ན་ཡང་དེ་བཞིན་ཀློག་

སློབ་པའི་དགག་ཏུ་འགྲོ་བ་མ་ཟད་ཤེས་བྱ་ལ་བརྩི་འཇོག་བྱ་ཆེད་ཁ་ནང་གཙང་མར་བཀྲུ་དགོས།མདོར་ན།འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི་ཡིན་པས།ཀློག་ཡག་པོ་ཞིག་སློབ་པར་འབད་པ་བྱ་ན་ཕྱོགས་ཀུན་ནས་མཉམ་པར་འཇོག་དགོས་པ་རེད།

༢.ཀློག་གི་རྨང་གཞིའི་སྦྱོང་བརྡར་ཉུང་བསྡུས།

མག དམག དག དགག དགུ དགུང གྲུང་། སྒྲུང་། བསྒྲུངས།

གཉིས།ཀློག་ཁྲིད་དངོས་ལ་འཇུག་པ།༼སྦྱོར་ཀློག༽

ཚན་པ་བཞི་བ་ནས་བདུན་པའི་བར་ཚན་པ་རེ་རེ་བཞིན་གཤམ་གྱི་ཚན་པ་བཞི་བ་ཀློག་ཚུལ་སློབ་པའི་གོ་རིམ་དག་བསྐྱར་ནས་ཀློག་ལ་བྱང་ཆ་འདོན་པ།)

༡.ཚན་པ་བཞི་བ་ཀློག་ཚུལ་སློབ་པ། སྐར༨

(༡)འགྲོས་དལ་མོས་ཚིག་གི་གཅོད་མཚམས་ལ་རྟགས་བརྒྱབ་ནས་ཀློག་ཚུལ་སྩོབ་པ།(སློབ་པ)

རེ་འདུན་དང་པོ།

དཔེ་ཆ་མདུན་ཅོག་ཐོག་དྲང་མོར་ཁ་ཕྱེས་ནས་འཇོག་པ་དང་ལུས་དྲང་མོ་བྱེད་པ། ལག་གཡས་པར་སྨྱུ་གུ་བཟུང་ནས་ཚིག་གི་གཅོད་མཚམས་ལ་རྟགས་རྒྱག་པར་གྲ་སྒྲིག་བྱེད་པ།རྟགས་རྒྱག་ཚུལ་ཡང་གསེག་གཅོད་ཡིན་ལ་གསེག་གཅོད་ཀྱི་དགོས་པ་ནི་ཚིག་ཀའི་གཞུག་གི་ཤད་དང་དབྱེ་བ་འབྱེད་ཆེད་ཡིན་ལ།རྟགས་བརྒྱབ་པ་ཡང་ཆེ་ཆུང་རན་པ་ཞིག་ཡིན་ན་ཤོག་ངོས་གཙང་ཞིང་གྲ་དག་པ་སྟེ་ཡིག་ཕྲེང་གི་མཛེས་པར་མི་གནོད་པ་

ཡིན།

རེ་འདུན་གཉིས་པ།

སྐད་མགོ་གསལ་ལ་སྨྲ་ལྕེ་དག་པ།

(༢)རང་རང་སར་ཚིག་གི་གཅོད་མཚམས་ལྟར་སྐྱོར་ཀློག་བྱེད་པ།

མཉམ་འཇོག་ས།དགེ་རྒན་གྱིས་ཀློག་བསྩབས(བསླབས)་རྗེས།སློབ་མས་ཀློག་སྦྱོང་བ་ལ་སྐྱོར་ཀློག་གི་གནས་སྐབས་སུ་ཁ་ནང་དུ་ཚིག་བརྡབ་ཡག་བྱེད་པ་དང་ཚིག་མཚམས་གཅོད་ཡག་བྱས་ནས་བྱང་ཆ་ཐོན་རྗེས། ཚིག་ཀ་རེ་རེ་བཞིན་ཀློག་ན་ཁ་ནང་དུ་ལེན་བདེ་ཞིང་རིམ་བཞིན་ཉམས་འགྱུར་ཐོན་པའི་གྱེར་ཀློག་གི་རིམ་པ་སྟེ་ཡིག་ཆོད་ཀྱི་རྩལ་མཐོ་ཤོས་སུ་འཇུག་པར་བྱེད་ལ་རྨང་བཏིང་བ་ཡིན། རང་རང་སར་ཀློག་པ་འདིས་སློབ་མའི་ཡིག་ཆོད་ཀྱི་རིམ་པ་མི་འདྲ་བས་རང་ཉིད་དང་འཚམ་པོས་ཀློག་ཐུབ་པ་དང་རང་གི་དག་ཆ་མ་ཐོན་ས་དང་གཅོད་མཚམས་ནོར་ས་སོགས་གནད་དོན་དག་རྙེད་ཐུབ་པ་དང་དེ་དང་མཉམ་དུ་བསྐྱར་ཀློག་རེ་བྱས་པས་ཀློག་དག་པར་བཅོས་པ་སོགས་ཀྱི་དགེ་མཚན་ཆེ།

(༣)འགྲོས་ཅུང་མྱུར་མོས་ཚིག་གི་གཅོད་མཚམས་ལྟར་མཉམ་ཀློག་བྱེད་པ།

གསལ་འདེབས། ཀློག་གི་འགྲོས་དལ་བ་ནས་མྱུར་བར་སྤོ་བ་འདིས་ཀྱང་ཀློག་སྦྱོང་གི་སྐས་རིམ་མཚོན་པ་སྟེ།འགྲོས་ཇེ་མགྱོགས་སུ་བཏང་བས་སློབ་མས་སྔར་ལས་རིག་པ་བསྒྲིམ་པར་ཕན་ལ་སྦྱང་བ་ཐོན་པར་ཡང་ཕན།

(༤)འགྲོས་དལ་མོས་ཚིག་ཀ་རེ་རེ་བཞིན་སྩོབ་པ(སློབ་པ)།

གསལ་འདེབས།ཚིག་གི་གཅོད་མཚམས་ལྟར་ཀློག་པ་ནས་ཚིག་ཀ་རེ་རེ་བཞིན་ཀློག་པ་འདི།ཀློག་སྦྱོང་སྐབས་ཀྱི་ཡིག་ཆོད་ནུས་པ་མཐོར་འདེགས་བྱས་པའི་མངོན་ཚུལ་ཞིག་སྟེ།ཉམས་འགྱུར་གསལ་བའི་གྱེར་ཀློག་གི་རིམ་པར་འགྲོ་བའི་སྟ་གོན་ཡང་ཡིན་ལ། ཚིག་ཀ་རེ་རེ་བཞིན་ཀློག་པ་ཡིས་ཚིག་གི་ནང་དོན་རིལ་གྱིས་ལོན་པ་དང་སློབ་ཚན་སྤྱི་ཁོག་གི་བརྗོད་དོན་ཡུན་གྱིས་ཡིད་ལ་འཇུག་པའི་མངོན་ཚུལ་ཞིག་ཡིན།

(༥)ཡིད་ཀློག་བྱས་ནས་ཀློག་ཚུལ་ཡིད་ལ་གཞག་ཏུ་འཇུག་པ།

གསལ་འདེབས། སློབ་མས་ཀློག་སློབ་པ་ལ་ཀློག་སྦྱོང་གི་ཐབས་ལམ་མམ་རྣམ་པ་མི་འདྲ་བ་དུ་མ་སྤྱོད་དགོས་སྟེ།རེ་རེ་ལ་རེ་རེའི་ཕན་ནུས་ཡོད་དེ་ཡིད་ཀློག་ལ་མཚོན་ན་ཡང་། ཚང་མ་འཇམ་ཅག་གེར་རང་རང་སར་ཀློག་པས་སྔར་ལས་བློ་རྩེ་གཅིག་ཏུ་བཀུག་ནས་ཀློག་ཚུལ་ཡིད་ལ་གཞག་པ་དང་། གཞུག་ཕྱོགས་སློབ་དེབ་ཀློག་པ་ནས་སློབ་ཕྱིའི་དཔེ་དེབ་མང་པོ་ཀློག་པར་གོམ་པ་སྤོ་བའི་སྔོན་འགྲོའི་སྦྱོང་བའང་ཡིན།

(༦)འགྲོས་ཅུང་མགྱོགས་པོས་མཉམ་ཀློག

གསལ་འདེབས།འགྲོས་མཉམ་ལ་གདངས་གསལ་ཞིང་དག་ཆ་ཐོན་ཞིང་གཅོད་མཚམས་འགྲིག་པའི་མཉམ་ཀློག་གིས་སློབ་མར་ཀློག་གི་སྤྲོ་སྣང་འདེགས་ཤིང་སློབ་ཁྲིད་དུ་དགེ་སློབ་ཡོངས་ལ་རྣམ་རིག་གསལ་ཞིང་གྲུང་བའི་ཚོར་བ་ཐོན་པས།ཡུན་རིང་གི་སློབ་ཁྲིད་ཐུན་རེ་རེར་ངེས་པར་འཇོན་དགོས་པའི་ཀློག་སློབ་པའི་གནད་ཅིག་ཡིན།

(༧)ཉམས་འགྱུར་གསལ་བའི་ངང་ནས་སློབ་ཚན་གྱེར་ཀློག་བྱས་ནས་སློབ་པ།

གསལ་འདེབས། སྤྱིར་གྱེར་ཀློག་ནི་སློབ་མས་ཚིག་གི་ནང་དོན་ལ་གོ་བ་ལོན་པ་གཞིར་བཞག་གི་ཀློག་སྟངས་ཁྱད་པར་བ་ཞིག་ཡིན་པས། དགེ་རྒན་གྱིས་གྱེར་ཀློག་སྩོབ་དུས་གདངས་འགྲོས་གསོན་ཉམས་དོད་པོས་ཚིག་དོན་གཉིས་ཀ་སློབ་མར་སྐྱུར་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟ་བུའི་ཉམས་ཀྱིས་སྩོབ(སློབ)པ་གནད་ཡིན་པས།ལུས་ཀྱི་བཟོ་ལྟ་དང་ངག་གི་མཐོ་དམན་དྲག་ཞན་ཚང་མས་ཚིག་གི་ནང་དོན་འཁྲབ་ཁྲིད་ཡོང་བར་རྩལ་འདོན་དགོས།གཞན་ཀློག་སྩོབ་ཚུལ་གྱི་རྣམ་པ་འདི་སློབ་སྦྱོང་འཚོ་བའི་ཁྲོད་ཆེས་རྒྱུན་མཐོང་གི་ཀློག་སྟངས་ཤིག་སྟེ།སྙན་ངག་གྱེར་འདོན་དང་གཏམ་རྒྱུད་གྱེར་ཀློག གནའ་གཏམ་བརྗོད་པ་སོགས་ཚང་མ་ཀློག་གི་ཡིག་ཆོད་ཚད་འདིའམ་འདིའི་གོང་དུ་ཐོན་པའི་སྒྱུ་རྩལ་རོལ་མྱོང་གི་རྣམ་པ་ཞིག་ཡིན་པས།གྱེར་ཀློག་གི་གནས་སྐབས་འདིར་ད་ད་བཤད་པ་བཞིན་མདོར་ན་དགེ་རྒན་གྱིས་ཉམས་འགྱུར་གསོན་ཉམས་དོད་པོས་སློབ་མར་གྱེར་ཀློག་བྱེད་ཚུལ་ངག་རྗེས་དེད་ནས་དམར་ཁྲིད་ཀྱིས་སྩོབ་པ་ལས་གཞན་ད་རུང་དུས་ཚོད་ཀྱིས་འདང་ན་བསླབ་བྱའི་ཚན་པ་དགེ་རྒན་གྱིས་གྱེར་ཀློག་གིས་སློབ་མར་མིག་དཔེ་ལེགས་པོ་འཇོན་པར་རྩལ་འཕུད་རྒྱུའང་གལ།

(༨)རང་རང་སར་གྱེར་ཀློག

གསལ་འདེབས། གྱེར་ཀློག་ལ་ཉམས་འགྱུར་གསལ་ཞིང་གསོན་ཉམས་ཐོན་པ་ནི་གྱེར་ཀློག་གི་ཁྱད་ཆོས་ཤིག་ཡིན་པས་རང་རང་སར་ཁེར་ཀློག་བྱེད་པའི་དགོས་པ་ནི་སློབ་མའི་ཡིག་ཆོད་མི་འདྲ་བས་ནང་དོན་ལ་གོ་བ་ལོན་ཚད་ཀྱང་མི་འདྲ་ལ།ཉམས་འགྱུར་ཐོན་ཚད་མི་འདྲ་ཞིང་ཉམས་འགྱུར་འདོན་སྟངས་ཀྱང་མི་གཅིག་པས།རང་རང་གི་གྱེར་ཀློག་གི་ཁྱད་ཆོས་འདོན་ཆེད་ཀློག་ཚུལ་འདིར་ཁེར་ཀློག་བྱེད་པ་ལེགས་པར་འདོད།

༢.ཚན་པ་ལྔ་བ་ཀློག་ཚུལ་སློབ་པ། (བསྡུས) སྐར༨

༣.ཚན་པ་དྲུག་པ་ཀློག་ཚུལ་སློབ་པ། (བསྡུས) སྐར༨

༤.ཚན་པ་བདུན་པ་ཀློག་ཚུལ་སློབ་པ།(བསྡུས)སྐར༨

གསུམ། ཚན་དོན་དབྱེ་ཞིབ། སྐར༣

༡.ཚན་པ་བཞི་བའི་དྲི་བ། ༢.ཚན་པ་ལྔ་བའི་དྲི་བ། ༣.ཚན་པ་དྲུག་པའི་དྲི་བ། ༤.ཚན་པ་བདུན་པའི་དྲི་བ།

བཞི། བསྟན་དོན་ལ་བསམ་གཞིགས།

གཤམ་གྱི་ཐ་སྙད་དག་བདམས་ནས་ཁ་སྐོངས་ཤིག

ལས་དབང བྱ་སྤྱོད བརྩི་བཀུར

ཧྭ་མོས་རང་ཉིད་ཀྱི_____ཀྱིས་རང་གི་ལ་རྒྱ་བསྲུངས་པས།གཞན་གྱི____ཐོབ་པ་དང་།དེར་བརྟེན་ནས་རང་གི____བསྒྱུར་བ་བཤད་ཡོད།

ལྔ། ལས་བྱ་བཀོད་སྒྲིག

སློབ་ཚན་ཡང་ཡང་གྱེར་ཀློག་བྱོས།

ཟུར་བཀོད་དགེ་མཚན་གསལ་བའི་མེ་ལོང་།

བྱེ་བྲག་གི་རིག་གནས་གང་ལའང་འཇུག་པའི་ཐོག་མའི་སྟ་གོན་ནི་རིག་གནས་དེའི་སྐོར་གྱི་འབྲེལ་ཡོད་བརྡ་ཆད་མང་པོ་ལ་ངོས་འཛིན་ཡག་པོ་བྱེད་པ་དང་བསྡུ་གསོག་ལེགས་པོ་འཇོན་རྒྱུ་དེ་རེད།ཀློག་སྦྱོང་བཅུད་ལེན་མའི་ཁྲིད་ཐབས་འདིར་ཡང་ཀློག་གི་སྐོར་གྱི་བརྡ་ཆད་འགའ་ཤས་སྲོག་ཤིང་དུ་བཟུང་ནས་བརྡ་ཆད་དེ་དག་ལ་གོ་རིམ་བསྒྲིགས་པ་ཙམ་ཡིན་ཏེ།དཔེར་ན། ཀློག་སློབ་པ། ཀློག་ཁྲིད། ཀློག་སྦྱོང་། སྐྱོར་ཀློག ཡིད་ཀློག ཀློག་འགྲོས། ཚིག་བརྡབ་པ། དལ་ཀློག མྱུར་ཀློག ཡིག་ཆོད། གྱེར་ཀློག་སོགས་ལྟ་བུ་སྟེ། བརྡ་ཆད་འདི་རིགས་གོང་བསྒྲིགས་ན་སློབ་མའི་ཀློག་གི་ངལ་བ་སེལ་ཞིང་འདོན་ཁ་བྱང་གིས་དོན་ལྷང་ངེར་གསལ་བར་འགྱུར་བའི་སློབ་ཁྲིད་འཇོན་མོ་ཞིག་ཡོང་ཐུབ་པ་རེད། དེ་བས་ཤེས་བྱ་བསྡུ་གསོག་བྱེད་པར་ཀློག་ལས་འགངས་ཆེན་མ་མཆིས་པས། མུ་མཐུད་དུ་ཀློག་གི་སློབ་ཁྲིད་ཇེ་ལེགས་སུ་གཏོང་དགོས་ན། ཀློག་དང་འབྲེལ་བའི་བརྡ་ཆད་འཚོལ་སྡུད་དང་།ཕྱོགས་བསྒྲིགས། དག་བཅོས་བཅས་བྱེད་པ་དང་། ཉམས་མྱོང་དང་སློབ་སྦྱོང་། དབྱེ་ཞིབ་སོགས་བརྒྱུད་ནས་སྔར་ལས་ཇེ་ལེགས་ཇེ་རྒྱས་སུ་ཞབས་ཟུང་གསེར་གྱི་འཁོར་ལོ་སྒྱུར་ལ་མཁོ་གལ་སྟོབས་ཅན་ཆེ། འདི་ལྟར་ན། མཐའ་མར་ཀློག་གི་སློབ་ཁྲིད་མགོ་མཇུག་འཕྲོད་མོ་ཞིག་ཡོང་ཤག་རེད།