ནང་ཆེན་རྫོང་མི་རིགས་སློབ་འབྲིང་གསུམ་པའི་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བརྩམས་ཆོས་འགྲེམ་སྟོན།

美友87491020

༄༅། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་ལྔ་པར་རྟེན་འབྲེལ་ཞུ་ཆེད་དང་སློབ་རའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། བྲིས་ལ་མོས་མཁན་དང་བྲིས་ལ་བྱང་གོམས་ལྡན་པའི་སློབ་བུ་རྣམས་ལ་རང་གི་ནུས་པ་མངོན་འགྱུར་བྱེད་པའི་གོ་སྐབས་བསྐྲུན་ཕྱིར། ཡང་དགོས་༼ ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་༽ ལོན་པ་དང་༼ ཡུལ་ཤུལ་སྲིད་གཞུང་བཙུགས་༽ནས་ལོ་འཁོར་བདུན་ཅུ་ལོན་པའི་དགའ་སྟོན་གྱི་མཛད་སྒོར་རྟེན་འབྲེལ་ཞུ་ཆེད་བཅས་ལ་དམིགས་ནས། རང་སློབ་གྲྭའི་དབུ་ཁྲིད་རྣམས་ཀྱིས་ཡང་དག་པའི་མཛུབ་སྟོན་དང་རྒྱབ་སྐྱོར་འོག སྐད་ཡིག་ཁྲིད་དཔྱོད་སྡེ་ཁག་གི་དགེ་རྒན་ཡོངས་ཀྱིས་གཟའ་འཁོར་གཅིག་ལྷག་གི་དུས་ཚོད་བེད་སྤྱོད་བཏང་ནས། ཡིག་གཟུགས་འགྲན་སྡུར་དང་བརྩམས་ཆོས་འགྲེམ་སྟོན། བོད་ཀྱི་ཡིག་གཟུགས་འབྲི་བྱེད་ཀྱི་རྒྱུ་ཆ་ངོ་སྤྲོད་བྱེད་མཁན་སློབ་མ་གདམ་གསེས་བཅས་ཀྱི་སྒོ་ནས་ཡིག་གཟུགས་བཤམས་སྟོན་གྱི་མཛད་སྒོ་སྤེལ་བར་མ་ཟད། ཕུལ་བྱུང་དང་རྟིང་སྐུལ་བྱ་དགའི་མཚན་སྙན་དཔང་ཡིག་གི་གཟེངས་རྟགས་སློབ་ཕྲུག་བདུན་ཅུ་ལྷག་ལ་ཕུལ་མཐར་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་མཛད་སྒོའི་མཇུག་ལེགས་པར་གྲོལ་ཏོ། །

ཡིག་གཟུགས་འགྲན་སྡུར་གྱི་ཡུལ་དངོས་དང་དགེ་རྒན་གྱིས་སློབ་མར་མཛུབ་སྟོན་བྱེད་བཞིན་པ།

ཡིག་གཟུགས་དུས་ཆེན་ཉིན་མོར་དགེ་རྒན་རྣམ་པས་བརྩམས་ཆོས་འགྲེམ་སྟོན་གྱི་གྲ་སྒྲིག་མཛད་བཞིན་པ།

བྱ་འགུལ་གྱི་འགོ་ཚུགས་པ།

སློབ་གཙོ་གཞོན་པ་ཀརྨ་ཐུབ་བསྟན་ལགས་ཀྱིས་སློབ་མ་དང་ཁྱིམ་བདག་ཡོངས་ལ་བྱ་འགུལ་སྤེལ་བའི་དམིགས་ཡུལ། རང་སློབ་གྲྭའི་སློབ་མའི་སློབ་སྦྱོང་གི་གནས་བབས། སློབ་གྲྭས་སློབ་མའི་དགའ་ཕྱོགས་གསོ་སྐྱོང་བྱེད་ཆེད་དགའ་མོས་འཛིན་གྲྭ་བཙུགས་ཚུལ་དང་ལྷག་པར་དུ་སློབ་མའི་སྨྱུག་རྩལ་གྱི་ནུས་པ་གོང་དུ་སྤེལ་ནས་བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་ལ་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་བྱེད་ཆེད་་བྲིས་གཟུགས་འཛིན་གྲྭ་བཙུགས་ཚུལ་སོགས་བརྗོད་པ།

ཡིག་གཟུགས་ཆེད་སྦྱོང་འཛིན་གྲྭར་གཞན་ཕན་ལྷག་བསམ་གྱིས་འོས་འགན་ཕྲག་ཏུ་ཁུར་ནས། མ་བསྐུལ་དང་བླངས་ཀྱི་སྒོ་ནས་མཛུབ་ཁྲིད་དགེ་རྒན་གྱི་འགན་བཞེས་མཁན་རྒན་ཕུར་བུ་དང་རྒན་ཐུབ་བསྟན་བཟང་པོ་རྣམ་གཉིས་ལ་བཀའ་དྲིན་གྱི་ཚུལ་དུ་འཚམས་འདྲི་ཞུས་པ།

ཁུལ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ། ནང་ཆེན་ཀ་གཞུང་བོད་ཀྱི་ཡིག་གཟུགས་ལས“ བཀའ་བརྒྱུད་སྒར་གསར་” ཡིག་གཟུགས་སྒྱུ་རྩལ་རྒྱུད་འཛིན་པ་རྒན་ཐུབ་བསྟན་བཟང་པོས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་གལ་ཆེན་རང་བཞིན་སྐོར་གྱི་གཏམ་བཤད་གནང་བ།

དེ་ནས་དུས་ཆེན་ལ་རྟེན་འབྲེལ་དང་ཕུལ་བྱུང་སློབ་མ་ལ་བརྩོན་སྐུལ་ཞུ་ཆེད་བྱ་དགའ་ཕུལ་བ།

བྱ་དགའ་སྟེར་ཟིན་རྗེས་འཛིན་གྲྭ་སོ་སོའི་སློབ་མ་དང་ཁྱིམ་བདག་རྣམས་ཀྱིས་ཕུལ་བྱུང་སློབ་མའི་བརྩམས་ཆོས་ལ་མྱོང་རོལ་བྱས།

དུས་སྐབས་འདི་དང་བསྟུན་ནས་སློབ་རའི་འགྲེལ་བཤད་སློབ་མས་བོད་ཀྱི་ཡིག་གཟུགས་ཀྱི་འཕེལ་རིམ་གྱི་ལོ་རྒྱུས་དང་ཡིག་གཟུགས་ཀྱི་དབྱེ་བ། བྲིས་པའི་ཡོ་བྱད་ངོ་སྤྲོད། ཡིག་གཟུགས་དུས་ཆེན་གྱི་མཚོན་རྟགས་སོགས་མཚམས་སྦྱོར་བྱས་ནས་བྱ་འགུལ་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་དང་རིག་གནས་དྲིལ་བསྒྲགས་ཐད་ལ་ཕན་ཐོགས་ཆེན་པོ་ཐོབ་ཡོད།

སློབ་བའི་ཕུལ་བྱུང་བརྩམས་ཆོས།

ཐེངས་འདིའིའགྲེམ་སྟོན་ཁྲོད་བྱ་འགུལ་གྱི་སྤུས་ཚད་དང་བརྩམས་ཆོས་གྱི་ནང་དོན་ཐད་ལ་མི་ལྡང་ས་མང་པོ་ཡོད་པས། ང་ཚོས་ཉམས་མྱོང་བསྡུ་ལེན་བྱས་ཏེ་ཐེངས་རྗེས་མའི་འགྲེམ་སྟོན་བྱ་འགུལ་གྱི་སྤུས་ཚད་མཐོར་འདེགས་གཏོང་ཆེད་འབད་པ་བྱེད་ངེས་ཡིན། ད་ཐེངས་ཀྱི་བརྩམས་ཆོས་འགྲེམ་སྟོན་ཚོགས་ཆེན་འདི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་གྱི་ཚུལ་དུ་ཕུལ་བ་ལགས་སོ།།