༄༅། །མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་སློབ་གྲྭས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ“ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི”སློབ་མའི་བརྩམས་ཆོས་འགྲེམ་སྟོན་དང་ཡིག་གཟུགས་འགྲན་བསྡུར་གྱི་མཛད་སྒོ་སྤེལ་བ།

2021年果洛州玛沁县雪山乡寄校为喜迎建党100周年举办“藏文书法日展评学生作品”活动

༢༠༢༡ལོའི་ཟླ་བཞི་བའི་ཚེས༢༥ཉིན་ཐོན་མིའི་ཡིག་རྒྱུན་འཛིན་གྲྭར་ཡིག་གཟུགས་འགྲན་བསྡུར་གྱི་རྒྱུགས་བླངས་པའི་ཡུལ་དངོས་སུ་སློབ་གཙོ་ཕེབས་ནས་ལྟ་ཞིབ་གནང་།

༼ སྨྱུག་རིས་དང་སྨོན་ལམ་ཡིག་གཟུགས། ༽

དགེ་སློབ་གཉིས་ཀྱི་ཡིག་གཟུགས་བརྩམས་ཆོས་དང་བོད་ཀྱི་ཡིག་ཆས་སྐོར།

བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་ཡིག་གཟུགས་བརྩམས་ཆོས་དག་དགེ་སློབ་ཀུན་གྱི་ཁྲ་ཆུང་མིག་གི་དགའ་སྟོན་ལ་རོལ་བཞིན་པའི་ཡུལ་དངོས།

༄༅༎བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཐོག་མའི་མདོ་འཛིན་དང་ཤིས་བརྗོད།

མདོ་འཛིན་པ། བོད་ཡིག་སྡེ་ཁག་གི་དགེ་རྒན་བདེ་དགའ་དང་སྨན་ཐར།

མི་ལོ་མང་བོའི་སྔོན་དུ་བཙན་པོའི་རྟ་དམག་གིས་ཡ་གླིང་དབང་དུ་བསྡུས་ཤིང་། སྲིད་འབྱོར་རིག་གསུམ་གྱི་མངའ་ཐང་རྒྱས་དུས། དཔའ་ལ་མཛངས་པའི་བློན་ཐོན་མི་ཨ་ནུ་ཤར་ཕྱོགས་ཤེས་རིག་གི་རྒྱལ་མཚན་ལྟ་བུའི་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ། ཡུལ་གངས་ཅན་དུ་གཙུག་ལག་གི་སྐྱ་རེངས་ཁོང་ནས་དྲངས།

བོད་ཀྱི་ཡིག་གཟུགས། བྲིས་རྒྱུན་མང་ཞིང་བཟོ་ལྟའི་སྒྱུ་རྩལ་གཅལ་དུ་བཀྲམ་པའི་མཐོ་སྒང་གི་འོད་སྣང་། བོད་ཀྱི་ཡིག་གཟུགས། གནའ་བོའི་བོད་མི་བཞིན་བརྟན་བརླིང་དང་སྙིང་དུ་སྡུག་པའི་གསེར་གྱི་སྐར་ཚོམ།

བོད་ཀྱི་ཡིག་གཟུགས་ནི་སྒྲིག་གཞི་ཚགས་དམ་པའི་རིག་གནས་ཀྱི་དབུ་རྒྱན་ཞིག་ལགས་ཏེ། དེ་ལ་སྡེ་བ་རེ་རེའི་སྒྲིག་རིམ་དང་ཕ་མ་བུ་ཚའི་དབྱེ་བསྡུ་གསལ་བ། ཤད་དང་དབུ་ཁྱུད་ཀྱི་རྣམ་གྲངས་མང་བས་ན། ཀ་མད་སུམ་ཅུའི་སྦྱོར་བ་ནི་བོད་ཁྱིམ་ཞིག་གི་མཚོན་དོན་ཅི་ལ་མིན།

བོད་མི་རིགས་ཀྱི་ཚེ་བླ་སྲོག་གསུམ་སྲུང་བའི་སྐད་དང་ཡི་གེ། བསྐལ་བ་མ་སྟོང་གི་བར་དུ་གནས་གྱུར་ཅིག བོད་མི་རིགས་ཀྱི་ཁ་དཔུང་གི་རྒྱབ་རི་ལྟ་བུའི་སྐད་དང་ཡི་གེ། ས་ཆེན་པོའི་ཕངས་པ་རུ་དུས་རྟག་ཏུ་བྱིན་ཆགས་པར་ཤོག་ཅེས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་ཏེ། ཐེངས་འདིའི་བྱ་འགུལ་གྱི་འགོ་བརྩམས།

གླུ་མ་ཆུང་ཆུང་བསམ་གཏན་སྒྲོལ་མས་གླུ་སྒོ་ཕྱེས།

དེ་ནས་རང་སློབ་གྲྭའི་སློབ་གཙོ་རིག་འཛིན་ཉི་མ་དང་སློབ་དོན་འགོ་བ་ཚེ་སྲོག་སྐྱིད་གཉིས་ཀྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། ཁྱད་པར་དུ་སློབ་ཆུང་ལ་མཚོན་ན་འབྲི་ཀློག་གཉིས་ཧ་ཅང་གཙོ་བས། དགེ་སློབ་གཉིས་ཀྱིས་འདི་ལ་ཤུགས་རྒྱག་དགོས་པའི་སྐོར་གྱི་གཏམ་བཤད་དང་། བོད་ཡིག་དགེ་རྒན་གཙོས་དགེ་རྒན་ཡོངས་ཀྱིས་རང་སློབ་གྲྭའི་ཐོན་མིའི་ཡིག་རྒྱུན་འཛིན་གྲྭར་རྒྱབ་སྐྱོར་བྱེད་དགོས་པ་སོགས་གཏམ་བཤད་གལ་ཆེན་མང་པོ་གསུངས།

དགེ་སློབ་ཚང་མས་ལྷག་བསམ་གཙང་རྣམ་དག་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

གངས་རི་སློབ་གྲྭའི་ཡིག་གཟུགས་དགེ་རྒན་དབང་གྲགས་རྡོ་རྗེ་ཡིས«བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཚོགས་རྟགས་འགྲེལ་བཤད་རྟགས་བརྒྱད་རིས་ཀྱི་བརྡ་དོན།»ཞེས་པ་སྒྲོག་འདོན་བྱས།

སློབ་སྐབས་སྔོན་མའི་ཡིག་གཟུགས་འགྲན་བསྡུར་གྱི་ཨང་རིམ་ཁྱབ་བསྒྲགས་བྱས་ཏེ་བྱ་དགའ་གནང་།

ཡིག་གཟུགས་འགྲན་བསྡུར་སྟེང་བྱ་དགའ་ཐོབ་པའི་སློབ་གྲོགས་ཚོར་སློབ་གཙོ་རྣམ་གཉིས་དང་སློབ་དོན་འགོ་བ་བཅས་ནས་བྱ་དགའི་དཔང་ཡིག་གནང་།

ལོ་རིམ་ལྔ་བའི་སློབ་གྲོགས་རྡོ་རྗེ་རབ་བརྟན་ནི་ལོ་ན་ཆུང་ཡང་། ཡིག་གཟུགས་ལ་དགའ་ཞིང་གྲུབ་འབྲས་ལེགས་པ། ཡིག་གཟུགས་རྒྱུན་སྐྱོང་ཐུབ་པའི་སློབ་མ་ཞིག་ཡིན་པས། ཐེངས་འདིར་ཆེད་དུ«བྲིས་པ་ཆུང་ཆུང་།»གི་མཚན་སྙན་གནང་ནས་གཟེངས་བསྟོད་དང་རྗེས་ཕྱོགས་ཡིག་མཁན་བྱེད་རྒྱུའི་རྟིང་སྐུལ་བྱས་པ་ཡིན།

ལོ་རིམ་དྲུག་པའི་སློབ་གྲོགས་ཤེས་རབ་ཕུན་ཚོགས་དང་སློབ་གྲོགས་སྒྲོལ་དཀར་སྐྱིད་གཉིས་ཀྱིས«གངས་དཀར་ལྷ་མོའི་བསླུ་བྲུད་ཀྱི་དབང་གིས།»ཞེས་པའི་སྙན་ངག་གྱེར་འདོན་བྱས།

མཇུག་མཐར། སློབ་གཙོ་དཔའ་མཁར་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་སྦྱོང་བའི་སྤྱིར་བཏང་གི་དགོས་པ་དང་གལ་ཆེན་རང་བཞིན། ལྷག་པར་དུ་གངས་རི་སློབ་གྲྭའི་ཐོན་མིའི་ཡིག་རྒྱུན་འཛིན་གྲྭའི་འདས་མ་ད་གསུམ་གྱི་འཕེལ་རྒྱས་དང་ཁ་ཕྱོགས་བཅས་ཀྱི་ཐད་ནས་གཏམ་བཤད་གནང་ནས་མགོ་བཀྲ་ཤིས་ཤིང་། མཇུག་ཕུན་སུམ་ཚོགས་པའི་ངང་ནས་ཐེངས་འདིའི་བྱ་འགུལ་གྱི་མཇུག་བསྡུས་པའོ།།