党是太阳我是苗、我把祝福献给党

杂多县第三幼儿园

2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ་ཡིན་ཞིང་།ལོ་བརྒྱ་ཡི་རྒྱང་སྐྱོད་ཟིལ་རླབས་དགུང་འཕྱུར་ཡིན་པ་དང་།ལོ་ངོ་བརྒྱ་ཡི་ལོ་འགོར་ཡིད་ལ་ནམ་ཡང་བརྟན་པོར་ངེས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བྱིས་པ་རྣམས་ལ་ཆུང་དུས་ནས་ཏང་གི་ལོ་རྒྱུས་དང་།ཏང་གི་བཀའ་ལ་ཉན་པ།ཏང་གི་གནས་ཚུལ་ཤེས་པ།ཏང་གི་བཀའ་དྲིན་ལ་བསྟོད་པ།ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ཁྲིད་སྟོན་བྱ་ཆེད།ཟླ་4ཚེས་23ཉིན་རྫ་སྟོད་རྫོང་བྱིས་སློབ་ཁང་གསུམ་པས“ཏང་གི་ལོ་རྒྱུས་སྦྱོང་། ཏང་གི་བཀའ་དྲིན་ཚོར། ཏང་གི་རྗེས་སུ་འབྲངས”ཞེས་པའི་མུ་བསྟར་བྱེད་སྒོ་སྤེལ་ནས་ཏང་དབུ་བརྙེས་ནས་ལོ་འཁོར་100ལོན་པར་་རྟེན་འབྲེལ་ཞུས་པ།

2021年是中国共产党成立100周年,百年征程波澜壮阔,百年初心历久弥新。为认真贯彻落实习近平总书记在党史学习教育动员大会上的重要讲话精神,引导幼儿从小学党史、听党话、感党情、颂党恩、跟党走,4月23日,杂多县第三幼儿园举行“学党史 、知党恩 、跟党走”系列活动之庆祝建党100周年文艺汇演。

བྱེད་སྒོ་མ་སྤེལ་གོང་སློབ་སྤྱི་ཡིས་ཤིས་ཚིག་གསུངས་པ་དང་གླིང་བཙུགས་ད་ལྟ་བར་གྱི་དཀའ་ངལ་སྣ་ཚོགས་ལ་ཕྱིར་ལྟ་བྱས་ནས།དེ་དག་ནི་དཀའ་ཚེགས་ཆེན་པོ་ཡིན་ལ། སྐབས་རེ་སེམས་སྡུག་དང་སྐབས་རེ་སྤྲོ་སྣང་ཡིན།དེ་བས་གལ་ཆེ་བ་ནི་དེ་རིང་གི་གྲུབ་ཡིན་པ་དང་། ཏང་གིས་སློབ་གསོའི་བྱ་གཞག་ལ་དོ་སྣང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་།རྫོང་སློབ་གསོ་ཅུས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་དགེ་རྒན་དང་ལས་བཟོ་པ།ཁྱིམ་བདག་གྲོགས་པོ་བཅས་ཚང་མས་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྫ་སྟོད་རྫོང་བྱིས་སློབ་ཁང་གསུམ་པ་གོང་ནས་གོང་འཕེལ་བའི་ཡིད་ཆེས་ཡོད་བཅས་གསུངས།

活动开始之前由园长致辞,回顾建园以来的重重困难,是辛苦、是心酸、是快乐、更是收获;感谢党对教育事业的关注、感谢县委县政府、县教育局的大力支持、同时谢谢全体教职工和家长朋友的努力。相信杂多县第三幼儿园将更上一层楼!

《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱིས་ཉིན་དེའི་བྱེད་སྒོའི་འགོ་བརྩམས་ཤིང་། ཕྲུ་གུ་ཚོ་དངུལ་དྲིལ་ལྟ་བུའི་སྙན་ཞིང་འཇེབས་པའི་གླུ་དབྱངས་ལས་མེས་རྒྱལ་གྱི་སྐྱེད་མའི་པང་དུ་འཚོ་བ་བསྐྱལ་བའི་སྤྲོ་སྣང་དང་བདེ་སྐྱིད་མཚོན་ཡོད་ལ། དགེ་རྒན་དང་ཁྱིམ་བདག་རྣམས་ཀྱིས་ཀྱང་མཉམ་དུ་བླངས་པ་རེད།

一首《义勇军进行曲》拉开了当天活动的序幕。孩子们银铃般甜美的歌声唱出了生活在祖国母亲怀抱中的快乐与幸福。受到感染的老师和家长们也一起唱起了起来。

ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ལེགས་སྐྱེས་འབུལ་ཆེད་གྲོགས་པོ་ཆུང་ཆུང་ཚོ་དང་དགེ་རྒན་ཚོས་གླུ་གར་བརྒྱུད་ཏང་དང་མེས་རྒྱལ་ལ་བཅངས་པའི་སྨོན་འདུན་བཟང་པོ་མཚོན་པར་བྱས་ཤིང་།

为了给党的百年华诞献礼,小朋友们和老师们用歌舞表达对党、对祖国的美好祝愿。

ཕྲུ་གུ་ཚོའི་འཛུམ་མདངས་ཀྱིས་རེ་སྒུག་བཟང་པོ་དང་བསམ་འདུན་མཚོན་ཡོད་ལ། “ཀྲུང་གོ་ང་ཁྱེད་ལ་དགའ།”ཞེས་པའི་སྐད་གདངས་རེ་རེས་ཁོང་ཚོས་ཏང་དང་མེས་རྒྱལ་ལ་བཅངས་པའི་སྨོན་འདུན་ཆེ་ཤོས་ཤིག་མཚོན་ཡོད།

孩子们的笑容都是那么质朴纯真,一个个小心愿承载着孩子们美好的期盼和愿望,一声声“我爱您、中国”是他们对党和祖国最深情的祝福。

《ཀྲུང་གོའི་ཧྥན་ཨེར》དང་།《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་ཕུལ།》《ཀྲུང་གོ·མའོ་མའོ་ཏ།》《མིང་ལ་ཀྲུང་གོ་ཟེར》སོགས་སྟབས་ཤུགས་ལྡན་པའི་གླུ་གཞས་དག་གིས་བྱིས་པ་ཚོ་དང་ལག་གདེང་སྦྲལ་ནས་ངོ་མཚར་ལྡན་པའི་ལོ་ཟླའི་ཕྱོགས་སུ་ཉེར་སོང་བ་དང་འདྲ།

《中国范儿》《再唱山歌给党听》《中国么么哒》《闪闪红星》《名字叫中国》等......一首首蕴藏力量的红歌,仿佛拉起孩子们的手,带他们走近那段峥嵘的红色岁月。

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཕྲུ་གུ་ཚོའི་སེམས་ནང་ལ་་ཆུང་དུས་ནས་ཏང་ལ་དགའ་ཞེན་དང་རྒྱལ་གཅེས་བྱེད་པ།ནར་སོན་རྗེས་ཏང་དང་།མེས་རྒྱལ།མི་དམངས་བཅས་ལ་ལེགས་སྐྱེས་འབུལ་བའི་ས་བོན་ཞིག་བསྣན་ཡོད་པ་མ་ཟད། བྱིས་པས་གུང་ཁྲན་ཏང་ལ་ངོས་འཛིན་སྔར་ལས་ཟབ་མོ་བྱུང་སྟེ།མྱོང་ཚོར་ཏང་གི་སློབ་གསོ་ལ་སླེབས་པ་མ་ཟད།ཏང་ལ་དྲིན་ཚོར་དང་གུས་བཀུར་ཡང་ཐོབ་ཡོད། ཀྲུང་གོ་གུང་ཁྲན་ཏང་སྔར་བས་དར་རྒྱས་དང་སྟོབས་ཆེར་ཕྱིན་ནས་མེས་རྒྱལ་གྱི་སྣེ་ཁྲིད་དེ་འཕེལ་རྒྱས་ཆེན་པོ་ཡོང་བའི་སྨོན་འདུན་ཞུས་ཡོད།

此次活动的开展,在孩子们心里埋下一颗从小爱党、爱国,长大后为党、为祖国、为人民作出贡献的种子。幼儿对共产党有了更深的认识,不仅感受到了党的教育,也对党充满着感恩和敬意!衷心祝愿中国共产党更加兴旺、壮大,带领祖国腾飞万丈!

祖国

党史

杂多县

孩子

百年

跟党走

对党

活动

幼儿

祝福