ལོ་སར་བཟང 新年快乐

绕登

<h3><span style="color: rgb(22, 126, 251);">དྲི་མེད་རྩ་བའི་མདོ་ལས།</span></h3><h3><span style="color: rgb(22, 126, 251);">དེ་ནས་དགུང་ལོ་གཉིས་བཞེས་ནས། རི་གཡུང་དྲུང་དགུ་བརྩེགས་ཀྱི་ནུབ་ཕྱོགས་སུ། གསས་མཁར་ཁྲི་སྨོན་རྒྱལ་བཞེད་ལ་མཆོད་པ་ཕུལ་ཏེ། གྱེར་སྒོ་བཞི་དང་། གཅོང་སྐད་བརྒྱད་དང་། གཏང་རག་བཞི་བཅུ་རྩ་གཉིས་ཐུགས་སུ་ཆུད་སྟེ། ཐེག་པ་གཉིས་པ་སྣང་གཤེན་གྱི་བོན་གཏན་ལ་ཕབ་སྟེ། སྣང་གཤེན་གཙུག་ཕུད་ལ་གཏད་དོ། མི་ཡུལ་སྐྱི་འཐིང་དུ་བྱོན་ནས། ལྷ་གར་གསས་བཙན་པོ་མཆོད་ཅིང་བསྒོམ་པས། གསེར་གྱི་གླང་པོ་ཆེ་རུ་སྤྲུལ་ནས་བྱོན་ནོ། །དེ་ལ་སྣང་གཤེན་གྱིས་ཞལ་ནས་ཡ་མཚན་ཅན་གྱི་སེམས་ཅན་གཞན་དང་མི་འདྲ་བ། བག་ལྷོད་པ་ལྷའི་སྤྲུལ་པ་རབ་ཏུ་བརྟན་པ་ཞིག་སྣང་བས། གར་གླང་སྟོབས་ཆེན་གསོལ་ལོ། །ཞེས་གསུངས་པས། ལོ་གླང་ལོ་བྱ་བ་དེ་བས་བྱུང་ངོ་། །</span></h3>