ནང་ཆེན་རྫོང་མི་རིགས་སློབ་འབྲིང་གསུམ་པས༼ལང་ཚོའི་རླབས་སྒྲ༽ཞེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ་བ།

美友87491020

ནང་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གསུམ་པ།

囊谦县第三民族寄宿制中学

སློབ་གྲྭའི་འགོ་ཁྲིད་རྣམ་པའི་ཡང་དག་པའི་དབུ་ཁྲིད་དང་རྒྱབ་སྐྱོར་འོག ངེད་སློབ་འབྲིང་གསུམ་པའི་བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གིས་སློབ་རའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སློབ་མའི་སྙན་ངག་གི་རྒྱུན་ཤེས་དང་ཀློག་སྟངས། གར་སྟེགས་ཀྱི་འཁྲབ་སྟོན་ནུས་པ་སོགས་གོང་དུ་སྤེལ་ནས། ཕྱོགས་ཡོངས་ནས་སློབ་མའི་ནུས་པ་སྐྱེད་སྲིང་བྱེད་ཆེད་ལང་ཚོའི་རླབས་སྒྲ་ཞེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ།

སྤྱི་ཟླ༡༢པའི་ཚེས༨ཉིན་གྱི་ཕྱི་དྲོར་སློབ་གྲྭའི་ལས་གུས་སྙན་ཞུ་ཁང་དུ་སྐབས་དང་པོའི་ལང་ཚོའི་རླབས་སྒྲ་ཞེས་པའི་སྙན་ངག་གྱེར་འདོན་འགྲན་སྡུར་སྤེལ། འགྲན་ཚོགས་ལ་རང་རྫོང་གི་སློབ་གསོ་ཅུས་ཀྱི་དབུ་ཁྲིད་དང་སློབ་གྲྭ་སོ་སོའི་སློབ་གཙོ། བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གི་དགེ་རྒན་སོགས་དངོས་སུ་འགྲན་ཚོགས་ལ་ཞུགས་ཏེ་ཚོགས་ར་ལ་སྔར་མེད་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན།

འཛིན་གྲྭ་སོ་སོའི་འགྲན་ཞུགས་སློབ་མ་རྣམས་ཀྱིས་ཕ་སྐད་མ་ཡིག དྲིན་ཆེན་ཡབ་ཡུམ། མི་རིགས་རིག་གནས། ཕ་ཡུལ་གྱི་རི་ཆུ་ལུང་གསུམ་སོགས་བརྗོད་བྱར་བྱས་ཏེ། རང་གི་སེམས་གཏིང་ནས་ཆེས་བརྗོད་པར་འདོད་པ་དག་སྙན་པོ་ངག་གི་འགྱུར་ཁུག་དང་གདོང་གི་ཉམས་འགྱུར། ལུས་ཀྱི་སྟངས་སྟབས་སོགས་ལ་བརྟེན་ནས་ཉན་པོ་དང་ལྟད་མོ་བའི་ཡིད་སེམས་དབང་མེད་དུ་ཕྲོགས་ཏེ། ཀུན་གྱིས་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ།

ད་དུང་བར་བཅུག་རྩེད་མོའི་ལེ་ཚན་དག་གིས། འགྲན་ཚོགས་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་དང་སྔར་མེད་ཀྱི་གསོན་ཤུགས་ཆེན་པོ་སྦྱིན།

རང་སློབ་གྲྭའི་སློབ་གཙོ་གཞོན་པ་ཀརྨ་ཐུབ་བསྟན་གྱིས་བྱ་འགུལ་འདི་དང་འབྲེལ་ཏེ་སློབ་གྲྭ་རིག་གནས་ཁོར་ཡུག་གི་གལ་ཆེ་བའི་རང་བཞིན། མ་འོངས་སློབ་འབྲིང་གསུམ་པས་མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ཀྱི་འཆར་གཞི་དང་ཁ་ཕྱོགས་སྐོར་གྱི་གཏམ་བཤད་མཛད།

ལྷག་པར་དུ་རྒན་བུ་ཚེ་དབང་ལགས་ཀྱིས་འགྲན་ཞུགས་སློབ་མ་རྣམས་ལ་དཔྱད་བརྗོད་དང་བྱ་འགུལ་འདི་ལ་སྤྱི་བསྡོམས། མ་ཚད་སློབ་འབྲིང་གསུམ་པའི་དགེ་སློབ་ཡོངས་མ་འོངས་པའི་ནང་ཆེན་དང་མི་རིགས། རྒྱལ་ཁབ་འདི་ཡི་བདག་པོ་ཡིན་ཞིང་། ངེས་པར་དུ་རང་གི་མདུན་ལམ་དང་མི་ཚེའི་རིན་ཐང་ཆེད་དུ་འབད་པ་བྱེད་དགོས་ཚུལ། མ་ཚད་པ་སློབ་འབྲིང་གསུམ་པར་བཅང་བའི་རེ་བ་དང་ཡིད་ཆེས་སོགས་བརྗོད་དེ། སློབ་འབྲིང་གསུམ་པའི་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་ལ་ལམ་སྟོན་གནང་ཡོད།

དུས་ཚོད་གསུམ་རིང་གི་འགྲན་སྡུར་ཁྲོད། དཔྱད་འདེམ་དགེ་རྒན་རྣམ་པས་དྲང་བདེན་གཞུང་དྲང་དང་གཟབ་ནན་གྱི་ངང་ནས་འགྲན་ཞུགས་སློབ་མ་རྣམས་ལ་དཔྱད་བརྗོད་བྱས་པ་བརྒྱུད། མཇུག་མཐར་བྱ་དགའ་ཐོབ་པའི་འཛིན་གྲྭ་དང་ཕུལ་བྱུང་མཛུབ་ཁྲིད་དགེ་རྒན་དག་ལ་བརྩོན་སྐུལ་གྱི་ཚུལ་དུ་གཟེངས་རྟགས་ཕུལ་བ།

ཨང་གསུམ་པ།

ཨང་གཉིས་པ།

ཕུལ་བྱུང་མཛུབ་ཁྲིད་དགེ་རྒན།

ཨང་གསུམ་པ།

མཐར་ནང་ཆེན་རྫོང་མི་རིགས་སློབ་འབྲིང་གསུམ་པའི༼ལང་ཚོའི་རླབས་སྒྲ༽ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྲན་སྡུར་བཀྲ་ཤིས་བདེ་ལེགས་ངང་མཇུག་རྫོགས་པ་དང་འགྲན་ཞུགས་སློབ་མ་དང་སློབ་གྲྭའི་དགེ་རྒན། འགྲན་ཚོགས་ལ་ཕེབས་པའི་སྐུ་མགྲོན་རྣམས་དང་ལྷན་དུ་དྲན་རྟེན་གྱི་ཚུལ་དུ་མཉམ་པར་བླངས།

མི་རིགས་སློབ་གསོ་རྒྱལ་གྱུར་ཅིག