ས་གནས་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་བྱ་འགུལ།

才让拉毛

<p>  ཟླ་གཉིས་ཀྱི་སྔོན་ལ་ཁོ་ཚོ་ནི་མེ་ཏོག་ལྡུམ་རའི་ནང་གི་མྱུ་གུ་ཆུང་ཆུང་ཞིག་སྟེ། ཐེངས་དང་པོར་ཕ་མ་དང་ཁ་བྲལ་ནས་ཆ་མེད་ཀྱི་ཁོར་ཡུག་ཅིག་ལ་ཡོང་སྟེ་"དགེ་རྒན"ཞེས་པའི་རྒྱུས་མེད་ཀྱི་ང་ཚོར་སེམས་པ་གླན་མགོ་བརྩམས། དེ་དུས་ཁོ་ཚོའི་ཡིད་སེམས་ཀྱི་རྩ་བ་ཕ་མར་ཆགས་ཤིང་མིག་ཟུང་གི་མཐའ་འཁོར་མཆུ་མས་བརླན་ཡོད། ཡིན་ཡང་ད་ལྟ་ཁོ་ཚོ་བྱིས་སྐྱོང་ཁང་གི་འཚོ་བར་གཞི་ནས་གོམས་ལོབས་སུ་གྱུར་ཡོད་ལ་བྱིས་སྐྱོང་ཁང་དུ་དགའ་སྤྲོས་ཁེངས་ཡོད། དེ་དག་ཡོད་ཚད་ཁྱིམ་བདག་ཚོའི་དུས་རྒྱུན་གྱི་རྒྱབ་སྐྱོར་དང་དགེ་རྒན་ཚོའི་དཀའ་སྤྱད་ཀྱི་རྔུལ་ཆུ་ཅི་ལ་མིན།</p> <p>  དགུན་ཟླ་བཅུ་བ་དལ་གྱིས་སླེབས་སོང་། ཁ་བ་དཀར་པོའང་ཡུན་གྱིས་བབས་བྱུང་། གངས་དཀར་པོའི་ཁ་དོག་ལས་སློབ་རའི་ཁོར་ཡུག་ལ་མཛེས་སྡུག་ལྷག་མ་ཞིག་གནང་བྱུང་། དགུང་ཉི་མའི་འོད་མདངས་ཁ་བར་འཐིམས་ཤིང་། གངས་ཁ་བའི་མཛེས་སྡུག་མིག་ལ་རྒྱན་པའི་ཉིན་མོ་སྟེ། སྤྱི་ལོ་2020ལོའི་11ཚེས19ཉིན་ངེད་དམེ་ཤུལ་གྲོང་རྡལ་དཀྱིལ་སྙིང་བྱིས་སྐྱོང་ཁང་གི་ཆུང་གཅིག་འཛིན་གྲྭའི་གྲོགས་པོ་ཆུང་ཆུང་ཚོ་བྱིས་སྐྱོང་ཁང་གི་འཚོ་བ་དང་རོལ་རྩེད་ལ་སྔར་ལས་སྤྲོ་སྣང་སློང་ཆེད། (ས་གནས་སྲོལ་རྒྱུན་རིག་གནས་)དར་སྤེལ་གཏོང་བའི་ཕ་བུའི་བརྩེ་སེམས་བྱ་འགུལ་ཅིག་སྤེལ་བ་ཡིན་ལ་བྱིས་པ་ཚོའི་འཚར་ལོངས་ལ་མཛེས་སྡུག་གི་ཕྱིར་དྲན་ཞིག་བསྐྲུན་པའང་ཡིན།</p> <p>  ཕ་བུའི་བརྩེ་སེམས་བྱ་འགུལ་ནི་ཕ་མ་དང་བྱིས་པ། དགེ་རྒན་བཅས་ཀྱིས་ཕན་ཚུན་བར་རྒྱུས་ལོན་དང་ཤེས་རྟོགས། ད་དུང་ཕན་ཚུན་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཆེད་ཡིན་ལ། བྱིས་པའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེའང་ཡིན།</p> <p>  ཐེངས་འདིའི་བྱ་འགུལ་བདེ་ལེགས་ངང་མཇུག་བསྒྲིལ་སོང་། ཐེངས་འདིའི་བྱ་འགུལ་ལ་རྒྱ་ཆེའི་ཁྱིམ་བདག་རྣམས་ཀྱིས་རྒྱབ་སྐྱོར་དང་གཞོགས་འདེགས་བླ་མེད་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ལས་གྲོགས་དགེ་རྒན་ཚོས་ཀྱང་རོགས་རམ་གང་མང་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན།</p>