ན་གཞོན་ཆུང་ཆུང་།

索南开周藏文平台

མི་ཚེ་ནི་འདི་ལྟར་རྫོགས་འགྲོ།

ཁོར་ཡུག་ཏུ་ཡོད་པའི་མེ་ཏོག་སོགས་འཇིག་རྒྱུ་ལ་སྡུག་བསྔལ་ཅི་ཙམ་ཡོད་གྱུར་ན་དེ་བས་རང་ཉིད་འཆི་རྒྱུ་ལ་འཇིགས་སྐྲག་དང་སྡུག་བསྔལ་ལོས་ཡོད།   ཡོད་ཀྱང་རུང་།   མི་ཚེ་ནི་བྲེལ་བྲེལ་འཚུབ་འཚུབ་ཀྱི་ངང་ནས་དོན་དག་མང་པོ་ཞིག་མངོན་དུ་མ་ཕྱོགས་ཀྱང་རྫོགས་འགྲོ་བ་ཞིག་ཡིན།  ང་ཚོ་སོ་སྐྱེ་མང་ཆེ་བ་ཞིག་ལ་མཚོན་ན་བསམ་བློའི་གོ་རྟོགས་ཀྱི་བློ་སྦྱོང་མེད་པའི་དབང་གིས་མཚན་ཉིད་རིག་པའི་རྣམ་གཞག་དང་རིན་ཐང་གི་ལྟ་བ་སོགས་ལ་ཧ་ཅང་ཞེན་ཅིང་ཆགས་པས་བློ་སེམས་རྨོངས་བའི་ནང་དུ་ལུས་ཡོད་ལ་དེའི་ངང་ནས་མི་ཚེ་རྫོགས་འགྲོ།     ཆོས་ཀྱི་ཡིན་ལུགས་སམ་གནས་ལུགས་བཙལ་བའི་མི་རབས་དེ་དག་གིས་དམ་པའི་ལྷ་ཆོས་ཀྱི་དགོངས་དོན་ཇི་བཞིན་བཟུང་ནས་བདག་ཏུ་ལྟ་བའི་འཛིན་པའི་ཡུལ་མ་གྲུབ་པ་གཏན་ལ་དབབ་བཞིན་ཡོད།   དེ་དག་ལ་མཚོན་ན།  མི་ཚེ་རྫོགས་ཀྱང་རུང་། ཁོ་རང་ཚོ་འཆི་ཡང་རུང་ཡིད་སེམས་བརྟན་པོ་ཡོད་ཆོག   རྒྱུ་མཚན་ནི་འདི་ལྟར་ཏེ།  ཁོ་ཚོར་ཚེ་ཕྱི་མའི་ཡུལ་ནས་འཇིགས་སྐྲག་གི་སྡུག་བསྔལ་མི་དགོས་པ་དམ་པའི་ལྷ་ཆོས་ཡོད་ལ་འཇིག་རྟེན་མི་ཡུལ་དུ་ཐོན་པའི་འབྲས་བུ་གང་ལ་གང་འཚམས་ཤིག་ཐོབ་ཡོད། སོ་སྐྱེ་ཐལ་མ་བ་ཡིན་ཡང་རུང་།  སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན།  དེ་ལྟར་ཡིན་པའང་འདི་ལྟར་གསུངས་ཏེ།  རྒྱུད་བླ་མ་ལས།  “རྫོགས་སངས་ཀུན་ནས་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེ་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །”ཞེས་གསུངས་པ་ནང་བཞིན་དུ་སེམས་ཅན་ཀུན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན།  སྤྱིར་ན་སེམས་ཅན་ཀུན་པོར་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པའི་འབྲས་བུ་གང་འཚམས་ཤིག་ཐུབ་རྒྱུ་ཡོད་ཀྱང་མང་ཆེ་བ་བདག་ལྟ་ཆེ་དྲགས་པས་ཐུབ་ཀྱིན་མེད།  ཁོ་རང་ཚོར་སྐྱེས་མ་ཐག་ཏུ་ཡོད་པའི་ལྷན་སྐྱེས་ཀྱི་ཤེས་རབ་དྭངས་གཙང་གི་ཆུ་བོར་འདམ་གྱིས་གོས་ན་མི་དྭངས་པ་ནང་བཞིན་གློ་བུར་བའི་སྒྲིབ་པས་གོས་ཡོད་པས་མི་གསལ་བ་ཡིན།   ལྷག་པར་དུ་བདག་ཏུ་ལྟ་བའི་ལྟ་བ་ཡོད་དྲགས་པའི་དབང་གིས་མི་མང་ཆེ་བ་ཞིག་རྒྱུ་ནོར་ལོངས་སྤྱོད་དང་འཁོར་བའི་སྣང་ཚུལ་ལ་བློ་ཞེན་ནས་འཇིག་རྟེན་མི་ཡུལ་དུ་ཐོན་པའི་གྲུབ་འབྲས་གང་ཡང་ལོན་གྱི་མེད།  འཇིག་རྟེན་མི་ཡུལ་དུ་ཐོན་ནས་བཟུང་ཁོ་རང་ཚོའི་སེམས་ཁམས་ཡང་བདེ་རྒྱུ་མེད།  དེ་འདྲའི་སྣང་ཚུལ་མང་དག་ཅིག་གི་དབང་གིས་མི་ཚེ་རྫོགས་འགྲོ།

ླརྩོམ་པོ་ཆུང་ཆུང་བསོད་ནམས་མཁསགྲུབ།