玛沁县生态移民幼儿园“分享教学、收集经验”藏文教研组教研活动

美友54551943

2020ལོའི་ཟླ་10པའི་ཚེས་26ཉིན་ནས་བཟུང་ངེད་སློབ་གླིང་གིས་སློབ་སྐབས་འདིའི་སློབ་ཁྲིད་འཆར་གཞིའི་བླང་བྱ་ལྟར།ཟླ་བ་བཅུ་བའི་ནང་ངེད་སློབ་གླིང་གི་བོད་ཡིག་དགེ་རྒན་རྣམས་ཀྱིས་སློབ་ཚན་ཉན་པ་དང་དཔྱད་བསྡུར་བྱེད་པའི་བྱེད་སྒོ་སྤེལ་བ་དང་ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་དགེ་རྒན་ཕན་ཚུན་བར་སྤེལ་རེས་དང་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་ཆེད་ལས་ཅན་དུ་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་བཏང་ནས་དགེ་ལེན་སྐྱོན་སེལ་གྱིས་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱས་ཡོད།

དགེ་རྒན་གྱི་སློབ་ཁྲིད་བསམ་བློར་འགྱུར་ལྡོག་དང་སློབ་ཁྲིད་ཀྱི་ནུས་པ་ཟམ་གྱིས་མི་ཆད་པར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ངེད་གླིང་གི་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།དགེ་རྒན་ཚོས་སློབ་ཁྲིད་བརྒྱུད་རིམ་ཇུས་འགོད་ཞིབ་ཚགས་བྱས་པ་དེས་ཐོག་ནས་ཕྲུ་གུ་ཚོའི་གནས་བབ་གཙོ་བོ་གང་ལེགས་མངོན་པ་དང་སྲོལ་རྒྱུན་གྱི་སློབ་ཁང་ནས་དམངས་གཙོའི་རྣམ་པའི་སློབ་ཁང་དུ་འགྱུར་ལྡོག་ཕྱིན་ཡོད།རོལ་རྩེད་ཀྱི་རྣམ་པའི་ཐོག་ནས་ནང་འདྲེན་བྱས་པ།རོལ་རྩེད་ཁྲོད་མཇུག་འགྲིལ་བ།སློབ་ཁྲིད་བྱེད་སྒོའི་ནང་རོལ་རྩེད་བྱེད་བཞིན་དུ་བྱིས་པའི་གླུ་གཞས་ལྟ་བཞིན་དུ་གཏོང་བ་བཅས་བྱིས་པའི་རྐང་ལག་གི་མཐུན་སྦྱོར་ནུས་པ་གསོ་སྐྱོང་ཐུབ་པ་དང་ཆབས་ཅིག་བྱིས་པའི་གླུ་གཞས་ཀྱི་ནང་དོན་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་ཉམས་མྱོང་མེད་པའི་དགེ་རྒན་གསར་པར་ཁྲིད་སྟོན་དང་དཔེ་སྟོན་གྱི་ནུས་པ་ཐོན་ཡོད་པ་རེད།

我们相信、我们也期盼我们的幼儿教师以此次活动为契机努力提高自己的专业水平,促进自己的专业成长,推动生态幼儿教育教学的发展

ཆུང་གཅིག་འཛིན་གྲྭའི་བོད་ཡིག་སློབ་ཁྲིད་ཁ་བྱང་(ནམ་དུས་བཞི)ཞེས་པའི་སློབ་ཁྲིད་ཁྲིད་པ་རི་མོ་དང་བརྙན་ཐུང་གིས་ལམ་ཧ་ཅང་སྤྲོ་སྣང་ལྡན་པའི་སྒོ་ནས་སློབ་ཁྲིད་བྱེད་པ།

འབྲིང་གཅིག་འཛིན་གྲྭའི་སློབ་ཁྲིད་ཁ་བྱང་(མཛུབ་མོ་བརྩི་བ)ཞེས་པའི་གླུ་དབྱངས་སློབ་ཁྲིད་ཞིག་

རང་སློབ་གྲྭ་འི་སློབ་གཙོ་དང་བོད་ཡིག་སྡེ་ཁག་དགེ་རྒན་གྱིས་སློབ་སྟོན་ཁང་གི་བཀོད་སྒྲིག་ལྟར་སློབ་ཁྲིད་ལ་ཉན་བཞིན་པ།

ཆེ་གསུམ་འཛིན་གྲྭ་འི་སློབ་ཁྲིད་(ཟས་རིགས་སྐོར)ནས་སློབ་ཁྲིད་རི་མོ་དང་བརྙན་ལམ་བརྒྱུད་ནས་སློབ་ཁྲིད་བྱེད་པ། དགེ་སློབ་ཟུང་འབྲེལ་སྒོ་ནས་ཟས་རིགས་ངོ་སྤྲོད་བྱས་པ་དེ་སློབ་མ་ཚོ་ཧ་ཅང་སྤྲོ་སྣང་ཡོད་པའི་སྒོ་ནས་ཁྲིད་ཐབས་བྱེད་པ།

ཐེངས་འདིའི་སློབ་ཁྲིད་ཁྲོད་དུ་དགེ་སློབ་མཉམ་གཅིག་ཏུ་བྱ་འགུལ་སྤེལ་བ་ཡིན།

本次活动老师们都做了精心的准备,自制了各种活动教具及多媒体课件,活动充分体现了以“孩子为主体,教师为主导”的教育理念;活动中,教师适时地启发、引导,及时地表扬、鼓励,让孩子们兴趣十足、自信满满。

活动结束后,教研组的老师们在一起进行了认真的教学研讨,首先上课教师对自己本次教学活动进行自评,然后全体教师又进行了集体评议,对每一节活动中的亮点给予了充分肯定,同时对活动中出现的不足也进行了深刻的剖析,提出了改进的方法,老教师的经验、新教师的创新,大家畅所欲言,互相取长补短。

玛沁县生态移民幼儿园

2020年10月29日

教师

活动

教研组

玛沁县

生态

教学

幼儿园

移民

进行

幼儿教师