珍秦镇中心幼儿园开展“听课、评课、仪课”教研活动

珍秦镇中心幼儿园

དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།དགེ་རྒན་བར་གྱི་སློབ་ཁྲིད་སྤེལ་རེས་ལ་སྐུལ་འདེད་གཏོང་བ།དགེ་རྒན་གྱི་སློབ་ཁང་གི་སློབ་ཁྲིད་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད།ངེད་གླིང་གིས་ཟླ་10ཚེས་26ཉིན་བྱིས་སྐྱོང་གླིང་ཡོངས་ཀྱི་དགེ་རྒན་གྱི་སློབ་དུས་གསར་པའི་སློབ་ཚན་ཉན་པ་དང་དཔྱད་བསྡུར་བྱེད་པའི་བྱེད་སྒོ་ཐེངས་གཉིས་པ་སྤེལ་བ་ཡིན།

为加强教师队伍建设,促进教师间的教学交流,全面提高教师的课堂教学水平,我园在10月26日━10月27日开展了全园教师新学期第二次听课评课活动。

བྱེད་སྒོའི་ཐོག“བྱིས་པ་གཙོ་བོར་བྱེད་པ་དང་དགེ་རྒན་གྱིས་གཙོ་ཁྲིད་བྱེད་པའི”སློབ་གསོའི་འདུ་ཤེས་གང་ལེགས་མངོན་པར་བྱས་ཤིང་།བྱེད་སྒོའི་ཁྲོད་དགེ་རྒན་གྱིས་དུས་ཐོག་ཏུ་བློ་སྒོ་ཕྱེ་བ་དང་།ཁྲིད་སྟོན་བྱེད་པ།དུས་ཐོག་ཏུ་བསྔགས་བརྗོད་དང་ལྕག་སྐུལ་བཅས་བྱས་ནས་བྱིས་པ་ཚོར་སྤྲོ་བ་ཆེན་པོ་འཕེལ་དུ་བཅུག་ཡོད།

活动充分体现了以“孩子为主体,教师为主导”的教育理念,活动中,教师适时地启发、引导,及时地表扬、鼓励,让孩子们兴趣十足。

བྱེད་སྒོ་མཇུག་བསྒྲིལ་རྗེས།ཚང་མས་མཉམ་དུ་བསྡུས་ནས་སློབ་ཁྲིད་ཀྱི་བགྲོ་གླེང་བྱས་ཏེ།རང་ཉིད་ཀྱི་ཐེངས་འདིའི་བྱེད་སྒོའི་ཁྲོད་ཀྱི་དམིགས་འབེན་འགྲུབ་ཚུལ་དང་།སློབ་ཁྲིད་ཀྱི་ལྷུ་ཚིགས་ཇུས་འགོད་བྱེད་ཚུལ།སློབ་ཁང་དུ་སློབ་ཁྲིད་བྱེད་པའི་རྩ་འཛུགས་དང་དེ་བཞིན་གནས་པའི་གནད་དོན་བཅས་ལ་བསམ་གཞིགས་ནན་ཏན་བྱས་པ་དང་།བྱེད་སྒོའི་ཁྲོད་དུ་བྱུང་བའི་མི་འདང་སར་ཡང་དབྱེ་ཞིབ་ཟབ་མོ་བྱས་ཤིང་།ལེགས་བཅོས་བྱེད་ཐབས་བཏོན་པ་རེད།

活动结束后,大家聚在一起进行了教学研讨,对自己在本次活动中目标的达成、教学环节的设计、课堂教学的组织及存在的问题进行了认真的反思,对活动中出现的不足也进行了深刻的剖析,提出了改进的方法。

ད་ཐེངས་ཀྱི་བྱེད་སྒོར་བྱིས་སྐྱོང་གླིང་གི་དགེ་རྒན་གྱི་ཆེད་ལས་འཚར་ལོངས་ལ་སྐུལ་མ་ཐེབས་པ་མ་ཟད།བྱིས་སྐྱོང་གླིང་གི་དངོས་གཞིའི་ཚན་ཁག་གི་སློབ་གསོ་ཞིབ་འཇུག་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

本次活动,不仅促进了幼儿园教师的专业成长,同时也为本园扎实推进园本教研打下了坚实的基础!

教师

活动

评课

教研

课堂教学

教学

听课

幼儿园

兴趣十足

本园