སློབ་གསོའི་གྲུབ་འབྲས་དེ་རྒྱུན་གཏན་གྱི་སློབ་ཁྲིད་ལས་ཀའི་ཞིབ་ཕྲའི་གནས་ཚུལ་ཚང་མར་མངོན་པ་དང་སློབ་ཁྲིད་ཀྱི་རྒྱུན་སྲོལ་ཡག་པོ་གཉེར་ཚེ་གཞི་ནས་གྲུབ་འབྲས་ཐོབ་པའི་སློབ་གསོ་ཐོབ་ཐུབ། རྒྱུས་ལོན་དང་ནང་ཞུགས་ནས་ང་ཚོའི་ཁོང་དུ་ཆུད་པ་གླིང་གི་ལས་དོན་ལེགས་སྒྲུབ་བྱ་ཚུལ་ལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་དགེ་རྒན་གྱི་སློབ་ཁྲིད་བྱ་སྤྱོད་སྔར་བས་ཚད་ལྡན་ཡོང་བ་བྱ་ཆེད།དོན་དངོས་དང་མཐུན་ལ་གཞུང་དྲང་གི་ཁོང་དུ་ཆུད་པ་དགེ་རྒན་གྱི་སློབ་གསོ་སློབ་ཁྲིད་ལས་དོན་སྤེལ་བ་དང་དུས་མཚུངས་ངེད་གླིང་གི་དགེ་རྒན་གྱི་སློབ་ཁྲིད་ལས་སྒོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། 2020ལོའི་ཟླ་10ཚེས་20ཉིན་སློབ་དཔྱོད་ཁང་གི་ཀྲུའུ་རེན་དང་འགན་ལེན་སློབ་གསོའི་ཀྲུའུ་རེན་གྱིས་དགེ་རྒན་ཚང་མར་རྒྱུན་གཏན་གྱི་ལས་ཀའི་ཞིབ་བཤེར་ཆེ་མོའི་བྱེད་སྒོ་སྤེལ་བ་རེད།

教育的成功体现在日常教学工作的每一个细节之处,只有搞好教学常规才能有成功的教育。为深入了解和全面掌握我园本学期工作完成情况,进一步规范教师的教学行为,客观公正的评价教师的教育教学工作,同时也为了不断提高我园教师的教学业务水平。2020年10月20日,教研室主任和保教主任对所有教师进行了常规工作大检查活动。

ཞིབ་བཤེར་བྱེད་སྐབས་དགེ་རྒན་ཚང་མས་ལས་ཀར་སེམས་ནུས་བཏོན་ནས་གྲལ་འགྲིག་པའི་ལྡེབ་ངོས་བཀོད་སྒྲིག་དང་།ཚད་ལྡན་གྱི་འབྲི་བྲིས།བསམ་ཕྱོགས་གསལ་བའི་ཟིན་བྲིས།ཡིག་གཟུགས་ནང་གི་བརྩེ་སེམས་མངོན་པ།ཞིབ་ཚགས་ལ་དོན་སྙིང་ལྡན་པའི་ཟིན་ཐོ་བཅས་ལས་ངེད་གླིང་གི་ནང་དོན་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་སྟེ་དགེ་རྒན་གྱི་ཚད་ལྡན་དང་འཐུས་ཚང་གི་ལས་སྒོའི་དཔྱད་གཞི་ཞིག་གྲུབ་པ་མཐོང་ཐུབ།

从检查中,可以看出每位教师对工作是用心的,整洁的页面布局、规范的书写、思路清晰的记录、字里行间的真情流露、详实而又有意义的记录,形成了我园内涵发展的一个亮点——教师规范、完善的业务资料。

ད་རེས་ཀྱི་ཞིབ་བཤེར་བྱེད་སྒོ་སྤེལ་བ་ནི་ངེད་གླིང་གི་ལས་དོན་ལ་ཞིབ་བཤེར་དང་མཐོ་རུ་བཏང་བ་ཞིག་ཡིན་པས་ངེད་གླིང་གི་སློབ་ཁྲིད་ལས་དོན་སྔར་བས་ཚད་ལྡན་གྱི་དང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད། སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་སྔར་རྒྱུན་བཞིན་ནང་དོན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་དགེ་རྒན་སྔར་བས་འཚར་ལོངས་ཡོང་རྒྱུར་སྐུལ་མ་ཟམ་མི་ཆད་པ་གཏོང་གི་ཡོད། ང་ཚོའི་ཁྲི་འདུ་རྫོང་ལྟེ་གནས་བྱིས་སྐྱོང་གླིང་སློབ་གསོ་སློབ་ཁྲིད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྨོན་འདུན་ཞུ།

此次检查活动的开展是对我园工作的一次检验和提升,有效地促进我园教学工作的进一步规范化和常态化。坚信在以后的工作中,我们会一如既往,坚持走内涵发展之路,不断激励教师更进一步成长。祝愿我们称多县中心幼儿园教育教学更上一层楼!