博拉小学开展同课异构竞赛活动

博拉小学

<p>  སློབ་གྲྭ་ཞིག་ཆ་ཚང་དང་ཚད་ལྡན་དུ་གཏོང་དགོས་ན་ཐོག་མའི་ཇུས་གཞི་ནི་དགེ་རྒན་གྱི་དཔུང་ཁག་གསོ་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་ཆ་རྐྱེན་ཡིན་ལ།དགེ་རྒན་གསོ་སྐྱོང་ལ་བྱེད་ཐབས་སྣ་ཚོགས་ཡོད་ནའང་།ཆེས་གཙོ་བོ་ནི་ཆེད་ལས་ནུས་བ་སྐྱེད་སྲིང་བྱེད་དེ་སློབ་ཁྲིད་སྒྱུ་རྩལ་གྱི་ནུས་བ་འཛོམས་པོ་ཞིག་ཡོད་དགོས་པ་དེའོ།།རྐྱེན་འདི་ལ་གཞིགས་ཏེ་ང་ཚོའི་འབོ་ར་སློབ་ཆུང་གིས་སློབ་གྲྭའི་འགོ་ཁྲིད་ཀྱི་རེ་འདུན་དང་སློབ་སྟོན་ཁང་གི་བཀོད་སྒྲིག་འོག་སློབ་སྐབས་རེར་ལོ་རིམ་མཐོ་དམའ་ལྟར་དབྱེ་མཚམས་ཕྱེས་ཏེ་དགེ་རྒན་གྱི་བརྒྱ་ཆའི་ལྔ་བཅུ་འགྲན་བསྡུར་ལ་ཞུགས་པའི་དོན་གཅིག་སྣ་མང་ཁྲིད་ཐབས་ཀྱི་སློབ་ཁྲིད་བྱེད་སྒོ་སྤེལ་བཞིན་ཡོད།</p><p> སློབ་སྐབས་འདི་ཡང་དེ་ལས་མ་འདས་བས་ཉིན་གསུམ་གྱི་དུས་ཡུན་སྤྱད་ནས་དོན་གཅིག་སྣ་མང་་ཁྲིད་ཐབས་སྤྱད་པའི་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་ཡིན།འགྲན་སྡུར་ལ་སློབ་ཁྲིད་དངོས་དང་ཁྲིད་གཞི།སྨྱན་མང་གཟུགས་ཀྱི་བཀོད་སྒྲིག་གསུམ་གནད་དུ་བཟུང་ནས།སློབ་ཁྲིད་ཉན་པ་དང་སློབ་ཁྲིད་བཤད་པ།སློབ་ཁྲིད་དཔྱད་པ་གསུམ་གྱི་བརྒྱུད་རིམ་སྤེལ་ནས་དགེ་རྒན་གྱི་ཆེད་ལས་ནུས་བ་མཐོར་འདེགས་གཏོང་བར་འབད་པའོ།།</p><p> </p>

同课

博拉

竞赛活动

异构

小学

开展