同德县牧草良种繁殖场民族寄宿学校教师节主题活动

འབའ་རྫོང་ཕྱུགས་ར་མི་རིགས་བཅའ་སྡོད་སློབ་གྲྭའི་སྤྱོད་བཟང་མི་སྐྱོང་དང་ལས་འགན་ཁག་ཁུར་བྱས་ནས་སློབ་གསོ་དབུལ་སྒྲོལ་ལ་རེ་བཅོལ་བྱེད་ཞེས་པའི་བྱ་འགུལ་ཏེ་སྐབས་སོ་དྲུག་གི་དགེ་རྒན་དུས་ཆེན་བསུ་བ།

“立德树人奋进担当,教育脱贫托举希望”

热烈庆祝第36个教师节.

༢༠༢༠ལོའི་ཟླ་དགུ་བའི་ཚེས་བཅུ་ཉིན་གྱི་སྔ་དྲོའི་སྐྱ་རེངས་དང་སྡོངས་ནས་ངེད་སློབ་གྲྭའི་གཞུང་སྒྲུབ་ཁང་དང་སློབ་ཁང་། ལུས་རྩལ་ར་བ་བཅས་ན་སློབ་མ་རྣམས་ཀྱིས་རང་རང་གི་དྭངས་གཙང་ལྷད་མེད་པའི་ལེགས་སྐྱེས་རེ་རེ་ཁྱེར་ནས་དགེ་རྒན་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་འདུག འདི་ལས་དགེ་རྒན་ཕ་ཡིན་སློབ་མ་བུ་བཞིན་བསྐྱངས།སློབ་མ་བུ་ཡིན་དགེ་རྒན་ཕ་བཞིན་བཀུར་ཞེས་པའི་དགེ་སློབ་བར་གྱི་འོ་ཆུ་གཅིག་འདྲེས་ལྟ་བུའི་མཛའ་བརྩེ་དེ་མཐོང་ཐུབ།

2020年教师节的早晨学生们送给的老师们的礼物🎁

ཉིན་དེའི་སྔ་དྲོའི་ཐུན་བཞི་བའི་དུས་ལ་འཛིན་བདག་རྣམས་ཀྱི་མཛུབ་སྟོན་འོག་ནས་འཛིན་གྲྭ་སོ་སོ་ནས་དགེ་རྒན་ལགས་ཁྱེད་ལ་བསྟོད་པའི་སྙན་ཚིག་གྱེར་ཞེས་པའི་བྱ་འགུལ་སྤེལ་ལ། འདི་ལས་ང་ཚོས་དགེ་རྒན་ལ་གུས་པར་བྱ་བ་དང་བཀའ་དྲིན་རྗེས་སུ་དྲན་དགོས་པ་རྟོགས་དགོས།

主题班会“老师颂”

དགེ་རྒན་དུས་ཆེན་གྱི་ཉིན་གུང་ངེད་སློབ་གྲྭའི་དགེ་བཟོ་བ་ཡོངས་ཀྱིས་དུས་ཆེན་བསུ་བའི་ལུས་རྩལ་འགྲན་སྡུར་ཏེ་ཐག་འཐེན་དང་སྤོ་ལོ།མཐུད་རྒྱུགས་སོགས་ཀྱི་བྱ་འགུལ་སྤེལ་བ།

庆祝教师节田径赛

ཕྱི་དྲོར་རང་སློབ་གྲྭའི་དགེ་བཟོ་བ་ཐམས་ཅད་སློབ་གྲྭའི་ཚོགས་འདུ་ཁང་དུ་སྐབས་སོ་དྲུག་པའི་དགེ་རྒན་དུས་ཆེན་བསུ་བའི་ཚོགས་འདུ་གཟབ་རྒྱས་ངང་འཚོགས་ལ། ཚོགས་ཐོག་ཏུ་སློབ་གཙོ་ཕྱུགས་འབུམ་རྒྱལ་ལགས་ཀྱིས་སྤྱིར་དགེ་རྒན་གྱི་རིན་ཐང་དང་ལས་འགན། སློབ་མ་ཞིག་སྐྱོང་ན་རིག་གནས་ཁོ་ན་ཙམ་འབྱོར་བ་ལས་མི་ཆོག་པར་སློབ་མ་དེ་ཡི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་ནི་ཧ་ཅང་གལ་ཆེ་ཚུལ་སོགས་གསུང་བཤད་གལ་ཆེན་གནང་བ་མ་ཟད།དགེ་བཟོ་བ་ཡོངས་ལ་དྲི་མེད་ཀྱི་ཁ་བཏགས་འཕངས་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

当天下午在校会议室召开庆祝第三六个教师节

གཞན་ཡང་ཉིན་དེའི་རྟ་བདུན་དབང་བོ་ནུབ་རིའི་ཕག་ཏུ་ཡལ་བའི་ཚེ་ངེད་སློབ་གྲྭའི་སློབ་ཁང་མདུན་གྱི་བརྙན་ཤེལ་ལས་དགེ་རྒན་དུས་ཆེན་དང་འབྲེལ་ནས་དགེ་རྒན་གྱི་ལས་གནས་རླབས་ཆེན་ལ་དྲན་གསོའི་སླད། དགེ་རྒན་ལགས་དཀའ་ལས་མྱངས་སོང་དང་།དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་ལ་སོགས་པའི་ཤིས་ཚིག་མང་པོ་ཆུ་ཚོད་བཞི་ཙམ་བཏང་།

教师节亮灯活动“老师您好:节日快乐! 老师您,辛苦了! 立德树人奋进担当,教育脱贫托举希望.”

ད་དུང་འཛིན་གྲྭ་སོ་སོའི་སྐད་འཕྲིན་ཚོགས་པ་དང་མི་སྒེར་གྱི་སྐད་འཕྲིན་བཅས་ལ་སློབ་མའི་ཁྱིམ་བདག་རྣམས་ཀྱིས་ཤིས་ཚིག་ཕུལ་ནས་དགེ་རྒན་དུས་ཆེན་རྟེན་འབྲེལ་ཞུ་བཞིན་འདུག འདི་ལས་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཞི་གཅིག་ལ་འདྲེས་ནས་མི་རིགས་སློབ་གསོ་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་རྟགས་སུ་འགྲུབ།

各班微信群里教师节的祝福词

མདོ་སྔགས་གཞུང་བརྒྱ་མ་ལུས་ཐུགས་སུ་ཆུད།།

གཞན་ཕན་སྙིང་རྗེའི་འགྲོ་བའི་རྨོངས་མུན་སེལ།།

སློབ་གསོའི་ལས་ལ་མི་ཚེ་ཡོངས་འབུལ་བའི།།

བཤེས་གཉེན་ཁྱེད་ནི་བྱང་ཆུབ་སེམས་དཔའ་ལགས།།

教师节

老师

托举

脱贫

立德

奋进

担当

庆祝

同德县

繁殖场