ནད་ཡམས་ཀྱི་རྐྱེན་ངན་འོག་ཏུ། 2020ལོའི་དཔྱིད་དུས་སུ་བྱིས་སློབ་སློབ་མགོ་ཚུགས་རྒྱུ་ནར་འགྱངས་བྱ་དགོས་བྱུང་ན་ཡང་རྫ་སྟོད་རྫོང་བྱིས་སློབ་ཁང་གསུམ་པས་དྲ་ཐོག་དང་དྲ་ཕྱིའི་བྱེད་ཐབས་གཉིས་སྤྱད་དེ་བྱིས་པར་རོགས་དངུལ་སྤྲོད་པའི་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད།

在新冠肺炎疫情的影响下,2020年春季延期开园,杂多县第三幼儿园采用了线上和线下两种方式进行幼儿资助政策宣传。

《2020ལོའི“སློབ་གསོའི་རོགས་དངུལ་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་བྱེད་པའི”འཚམས་འདྲིའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་ཆེད་དང་། དཀའ་ངལ་ཡོད་པའི་བྱིས་པའི་ཁྱིམ་ཚང་གི་དོན་དངོས་གནས་ཚུལ་ཤེས་རྟོགས་ཏན་ཏིག་བྱེད་པ་དང་རོགས་དངུལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་རྫ་སྟོད་རྫོང་བྱིས་སློབ་ཁང་གསུམ་པས་སློབ་གསོའི་རོགས་དངུལ་དང་གཅེས་སེམས་མཉམ་སྤེལ་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

为了更好的贯彻落实《关于开展2020年“教育资助入户宣传”走访活动的通知》文件精神要求,切实了解贫困幼儿家庭的实际情况,巩固资助成果,杂多县第三幼儿园开展了“教育资助、让爱同行”的走访慰问活动。

གཟའ་མཇུག་གི་ཉིན་གཉིས་ཀྱི་དུས་ཚོད་སྤྱད་དེ་ཁྱིམ་བདག་དང་འབྲེལ་འདྲིས་བྱས་པ་བརྒྱུད། ངེད་བྱིས་སློབ་ཁང་གི་རོགས་སྐྱོར་ལས་དོན་མི་སྣས་བྱིས་པའི་ཆ་འཕྲིན་བདེན་མིན་ཞིབ་དཔྱད་དང་དབུལ་ཕོངས་ཁྱིམ་ཚང་རེ་རེའི་འཚོ་བའི་གནས་ཚུལ་དང་དབུལ་ཕོངས་ཀྱི་རྒྱུ་རྐྱེན་ལ་རྒྱུས་ལོན་བྱས། འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ། བྱིས་པའི་ཁྱིམ་ཚང་གི་གནས་ཚུལ་དངོས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་མ་ཟད། ཁྱིམ་བདག་ལ་རྒྱལ་ཁབ་ཀྱི་སློབ་གསོའི་དབུལ་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བྱས། རྒྱལ་ཁབ་ཀྱི་རོགས་དངུལ་སྤྲོད་པའི་སྲིད་ཇུས་དངོས་འབྲེལ་མི་སེམས་སུ་ཟུག་པར་བྱས་ཡོད།

利用周末两天的时间,通过与家长沟通,我园资助工作人员核实幼儿信息,了解每个贫困家庭的生活状况、贫困原因,以及在生活中遇到的困难,详细了解幼儿家庭的真实情况,并向家长宣传了国家教育扶贫政策,使国家资助政策真正深入人心。

ད་ཐེངས་ཀྱི་སློབ་གསོའི་དབུལ་སྐྱོར་འཚམས་འདྲིའི་བྱེད་སྒོ་སྤེལ་བ་དེས་ དགེ་རྒན་ཚོས་བྱིས་པ་དབུལ་པོའི་ཁྱིམ་ཚང་གི་གནས་ཚུལ་དང་། འཚོ་བའི་ཁོར་ཡུག དེ་མིན་ཕྱོགས་གཞན་དག་བཅས་ཀྱི་མཚོན་ཚུལ་སྔར་བས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ་བྱིས་པ་དབུལ་པོའི་ཁྱིམ་ཚང་ལ་སློབ་གསོ་དང་དབུལ་སྒྲོལ་ཐུབ་ཆེད་གདེང་ཚོད་ཡོད་པ་བྱེད་དགོས། དེ་བས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སློབ་གསོ་སློབ་ཁྲིད་ལས་དོན་ཡག་པོ་སྤེལ་ནས་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཐུབ། ད་ཐེངས་ཀྱི་དུད་ཚང་དུ་འཚམས་འདྲིར་བསྐྱད་པས་ཚང་མར་སློབ་གསོའི་དབུལ་སྐྱོར་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་བྱུང་བ་མ་ཟད། ད་དུང་ཁྱིམ་གཞིས་ཀྱི་འབྲེལ་བར་ཤུགས་སྣོན་དང་ཁྱིམ་གཞིས་ཀྱི་བརྩེ་དུང་ཟབ་ཏུ་ཕྱིན་ཡོད། དེ་དང་ཆབས་ཅིག་དགེ་རྒན་ཚང་མར་མྱོང་ཚོར་ཟབ་མོ་བྱུང་ལ་ཕྲག་ཏུ་ལྗིད་ཏིག་ཏིག་གི་འགན་འཁྲི་ཡང་ཚོར་བྱུང་།

通过本次教育扶贫走访慰问活动,每一位老师可以更加深入地了解和掌握贫困幼儿的家庭情况、生活环境和其他方面的表现,为贫困幼儿家庭在教育脱贫做到心中有数,能更有针对性地开展好教育教学工作,不断促进孩子的健康茁壮成长。本次入户走访,不仅让大家对教育扶贫政策有了深入了解,而且加强了家园联系、增进了家园感情,同时也让所有教师感受颇深,也深感肩上沉甸甸的责任。

དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་དགོས་ལ། ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་དང་ཁྱིམ་ཚང་དབུལ་པོའི་ཕྲུ་གུར་རྒྱལ་ཁབ་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་ཁྱིམ་ཚང་དབུལ་པོའི་ཕྲུ་གུར་དྲོ་སྐྱིད་དངོས་འབྲེལ་སྦྱིན་ཡོད། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ནང་སློབ་སྔོན་སློབ་གསོའི་རོགས་དངུལ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་པ་དང་། དམངས་ཕན་སྲིད་ཇུས་དེ་མི་སེམས་ལ་གཏིང་ཟབ་ཟུག་པ་དང་དེ་བས་དབུལ་པོའི་བྱིས་པའི་ཁྱིམ་ཚང་གི་དཀའ་ངལ་དངོས་ཐག་གཅོད་ཐུབ་ཡོད།

帮扶贫困家庭资助政策,真正让建档立卡贫困户、家庭贫困的孩子享受到国家的政策,真正给家庭贫困的孩子送去温暖。本次宣传活动把学前教育资助政策落到了实处,让该项惠民政策深入人心,更为贫困幼儿家庭解决了实际困难。