渐行渐远

Kunga Gyatso

༡༼ ཇེ་འགྱངས་ཇེ་རིང་བྱེད་འགྲོ

བུ་མོ་ཞིག་ལ་སེམས་པ་དམར་རྗེན་དུ་ཕུལ་མྱོང་།

དེ་ནི་དབང་དང་འབྱོར་གྱིས་མ་བསླད་པའི་དུང་སེམས་གཙང་མ་ཞིག་ཡིན།

དེ་ནི་ཚིག་ཚོགས་དང་མངོན་བརྗོད་ཀྱིས་མ་བཅིངས་པའི་སྙན་ངག་རིང་མོ་ཞིག་ཡིན།

དེ་ནི་འབྲི་མོའི་འོ་མ་ལས་བསྲུབས་པའི་མར་དཀར་གྱི་གདུ་བུ་ཡིན།

དེ་ནི་སྤྱི་གཙུག་ཏུ་བཀུར་བའི་ལྷ་མཆོག་ལ་ཕུལ་བའི་མཆོད་རྫས་ཡིན།

དེ་ནི་ངའི་བློ་སེམས་གཉིས་འདུས་ཀྱིས་བསྐྲུན་པའི་གསེར་གྱི་ཨ་ལོང་ཡིན།

དངུལ་གྱི་མེ་ལོང་ཡིན།

ངའི་སྣང་བརྙན་གྱི་བར་སྟོང་ན་འཚོ་བའི་སྒྱུ་འཕྲུལ་གྱི་ལྷ་མོ།

ཁྱེད་ནི་ངའི་འཚོ་བའི་གར་ཁང་ཆུང་ཆུང་ནས་ལྡིང་བའི་མཛེས་སྡུག་གི་ཕྱེ་མ་ལེབ་ཆུང་ཆུང་དེ་ཡིན།

ཁྱེད་ནི་ངའི་རྨི་ལམ་གྱི་གཞིས་ཁྱིམ་དྲོད་མོ་ནས་སླད་མེད་ཀྱིས་འཛུམ་པའི་མཛངས་མ་བཞིན་བཟང་དེ་ཡིན།

ཁྱེད་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་ཀྱི་ཟླ་རུ་གྱུར་པའི་སེམས་ཀྱི་གསང་བ་ཡིན་ཞིང་ཡིད་ཀྱི་བདག་པོ་ཡིན།

ངས་ཁྱེད་ནི་ངའི་ལས་དབང་གི་བགོ་སྐལ་དུ་པའི་གྲུབ་མཐའ་མཇུག་གི་གདམ་ག་དེ་ཡིན་ན་དྲན།

ངས་ང་ནི་སྐྱེ་བ་སྔོན་མའི་བསགས་སྦྱང་ཡག་པས་ཁྱེད་ཀྱི་དཀྱུས་རིང་གི་མིག་ཟུང་ལ་ཐད་ཀར་བལྟ་ཆོག་པའི་བུ་ཕོ་བསོད་ནམས་ཅན་དེ་ཡིན་ན་དྲན།

ངས་ང་དང་ཁྱེད་ཅེས་པའི་ཐ་སྙད་གཉིས་གཅིག་ཏུ་བསྡུས་ཏེ་སྙན་ངག་གི་སྨྱུག་རྩལ་ཤོག་ངོས་སུ་འཇོག་ཆོག་མཁན་གྱི་ཕོ་སར་ལས་ཅན་དེ་ཡིན་ན་དྲན།

ངས་ཁྱེད་ནི་ངའི་ཡིད་སེམས་གཉིས་ཀྱིས་གཅིག་ཅར་དུ་ལོངས་སུ་སྤྱོད་ཆོག་ཅིང་།

ང་ཁོ་ནར་དབང་བའི་ཆེས་མཛེས་སྡུག་གི་གཟུགས་རིས་མཐར་ཐུག་དེ་ཡིན་ན་དྲན།

རེད་དེ།

(མུ་འགོད)

དབལ་ཤུལ། ཀུན་དགའ་རྒྱ་མཚོ།

༢༠༢༠/༠༦/༣༠