美廊

Kunga Gyatso

མེ་ལོང་ངོགས་ཀྱི་ཁྱེད།

མེ་ལོང་གོར་གོར་དེ་མཚེའུའི་གཟུགས་རིས།།

མགོ་བོ་ལྕོག་ལྕོག་དེ་མཚེའུའི་རླབས་རིས།།

བསིལ་རླུང་ཤུར་ཤུར་དེ་དལ་གྱིས་ལྡང་ཚེ།།

སེམས་པ་ལྷོད་ལྷོད་དེ་དལ་གྱིས་འགུལ་ལམ།།

རྒྱང་ལམ་རིང་རིང་གི་བར་དུ་བཅད་པའི།།

གམ་འགྲོས་ལྡེམ་ལྡེམ་གྱི་རྒྱང་བཞུད་བུ་མོ།།

མེ་ལོང་ཆུང་ཆུང་གི་ཟུར་ཁ་དེ་ན།།

སུ་ཞིག་མདོག་མདོག་གིས་ཙོག་པུར་བསྡད་ཡོད།།

ཆར་བ་ཤག་ཤག་གིས་སྡོང་ལོ་འཁྲུད་དུས།།

མཚན་མོ་རིང་རིང་གིས་སྙན་ངག་གྱེར་རམ།།

རོལ་དབྱང་ཧྲུལ་ཧྲུལ་ཞིག་སེམས་ལ་འཐོར་རམ།།

སེམས་བྱུང་ཐན་ཐུན་དེ་ང་ལ་དབང་ངམ།།

སྡོང་ལོ་ལྷབ་ལྷུབ་ཏུ་རླུང་གིས་གཡོ་དུས།།

ཆར་བ་ཤག་ཤག་གིས་སྨྲེང་བ་འདོན་ཡོང་།།

སེམས་སོང་གཅེས་གཅེས་ཀྱི་ན་མཉམ་བུ་མོ།།

ད་ལྟ་གང་གང་ནས་བདེ་བར་བཞུགས་སམ།།

གཤོག་སྟེབས་མྱུར་མྱུར་གྱི་ཕྱེ་ལེབ་ཁེར་རྒྱུ།།

སེམས་པ་ཐར་ཐོར་གཏོར་བྱེད་ཡིན་འགྲོ།

མེ་ཏོག་ཚོམ་ཚོམ་གྱི་འདབ་མ་གྲོལ་དུས།།

གཞིས་ཀྱི་མ་མ་ཡི་ལང་ཚོ་དྲན་འོང་།།

འབྲོག་པ།

༢༠༡༢༠/༠༦/༡༨