ཟླ་4ཚེས་27ཉིན་དགའ་བདེ་རྫོང་སློབ་གསོ་ཅུས་ཀྱིས་སྐབས་གཉིས་པའི་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་གཉེར་བ་རེད། རང་རེའི་སློབ་གྲྭའི་དགེ་རྒན་ཚངས་དབྱངས་རྒྱ་མཚོ་དང་། ལི་ཅན་ཅུན། ཚེ་རིང་འཕྲིན་ལས་བཅས་དགེ་རྒན་གྱི་འཐུས་ཚབ་དག་གི་གྲུབ་འབྲས་ཨང་གཉིས་པ་དང་གསུམ་པ་ཐོབ་པ་དང་། རང་རེའི་སློབ་གྲྭའི་སློབ་མ་བཀྲ་ཤིས་བཟང་བོ་དང་། བསྟན་ལྡན་ཚེ་རིང་། ཐང་རེས། དབྱངས་ཆེན་མེ་ཏོག སྒྲོལ་མ། ཡེ་ཤེས་རྡོ་རྗེ་བཅས་སོ་སོར་སློབ་མའི་འཐུས་ཚབ་དག་གི་ཨང་དང་པོ་དང་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།

4月27日,甘德县教育局举办了第二届全县中小学师生书法大赛。我校教师仓央尖措、李建军和才让成立分别荣获教师组的第二名和第三名的好成绩,我校学生扎西桑吾、日安多旦才让、唐热、央金梅朵、卓玛、叶西多杰分别荣获学生组的前三名和优秀奖!

ཐེངས་འདིར་དགའ་བདེ་རྫོང་སློབ་གསོ་ཅུས་ཀྱིས་གཉེར་བའི་དགེ་སློབ་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་དེས་རང་རེའི་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་སྦྱོང་བའི་སྤྲོ་སྣང་སྔར་བས་འཕེལ་ཡོད། སློབ་གྲྭའི་ནང་འཛིན་གྲྭ་ཁག་དང་སློབ་དཔྱོད་ཁང་སོ་སོ་ཚང་མར་ཡིག་གཟུགས་སྦྱོང་བའི་ཚ་རླབས་ཤིག་འཕྱུར་ཞིང་། འགྲན་བསྡུར་ནང་ཞུགས་མཁན་དགེ་སློབ་ཚོས་ཡིད་ཆེས་ཀྱིས་ཁེངས་ཤིང་། ཁོང་ཚོས་ཡིག་གཟུགས་སྦྱོང་རྒྱུར་སྔར་བས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། ཁོང་ཚོའི་དགེ་སློབ་དེ་བས་མང་བ་ཡིག་གཟུགས་སྦྱོང་བའི་གྲལ་དུ་རྒྱུན་ཆད་མེད་པར་ཞུགས་ཐུབ་པའི་ཡིད་ཆེས་ཡོད།

此次甘德县教育局举办的师生书法大赛,进一步激发了我校师生学习书法的兴趣。学校里,各个班级和各个教研组都掀起了一波学习书法的热潮。参赛获奖的师生们信心满满,纷纷表示,今后将更加努力练习书法。相信在他们的榜样力量下,甘德民小会不断有更多师生加入到学习书法的行列。

ཡིག་གཟུགས་ནི་མི་རིགས་རིག་གནས་ཀྱི་མཚོན་བྱེད་ཡིན་ཞིང་། ཡི་གེ་གཞི་རྟེན་དུ་བྱེད་པ་དང་། སྒྱུ་རྩལ་སྣ་མང་དང་ཟུང་འབྲེལ་བྱས་ཏེ། སྲོལ་རྒྱུན་གྱི་རིག་གནས་དང་མི་རིགས་ཀྱི་སྙིང་སྟོབས་མཚོན་ཡོད། ཡིག་གཟུགས་ཀྱིས་མིའི་ཀུན་སྤྱོད་ཀྱི་བྱང་ཚད་དང་མཛེས་དཔྱོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཐུབ་ལ། དངོས་སྤྱོད་དང་མཛེས་དཔྱོད་ཕྱོགས་གཉིས་ཀྱི་རིན་ཐང་ལྡན། ཡིག་གཟུགས་ཀྱིས་སེམས་ཁམས་ཀྱི་བྱང་ཚད་སྙོམས་སྒྲིག་དང་ཚད་ལྡན་དུ་གཏོང་ཐུབ། དེར་བརྟེན་སློབ་གྲྭའི་ནང་ཡིག་གཟུགས་སློབ་གསོ་ཁྱབ་གདལ་གཏོང་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། མི་རིགས་སློབ་ཆུང་གི་དགེ་སློབ་ཚོས་ད་ཐེངས་ཀྱི་འགྲན་བསྡུར་གོ་སྐབས་སུ་བྱས་ཏེ་སླད་ཕྱིན་སློབ་གྲྭ་ཡོངས་ཀྱི་ཁྱབ་ཁོངས་ནང་ཡིག་གཟུགས་སློབ་གསོ་མུ་མཐུད་ནན་ཏན་ངང་སྤེལ་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཡིན་པའི་ཡིག་གཟུགས་དེ་དར་སྤེལ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

书法是民族文化的象征,以文字为载体,与多种艺术相结合,承载着传统文化和民族精神;书法能够培养人的道德素质、审美能力,具有实用和审美两方面的价值;书法还可以调节心理素质、规范作为。因此,在学校中推广书法教育,意义极为重大。希望民小师生们,以此次比赛为契机,今后在全校范围内继续认真开展书法教育,让书法这一中国传统文化弘扬下去。