བོད་ཡིག་སློབ་དཔྱོད་ཙུའུ་ཡི་བྱེད་སྒོ་

✨协雄小学教务✨

<p>  ༢༠༢༠ལོའི་༤པའི་ཚེས་༡༥ཕྱི་དྲོའི་ཚོག་ཐུན་དང་པོ་དང་གཉིས་པར་ངེད་སློབ་གྲྭའི་བོད་ཡིག་སློབ་དཔྱོད་ཙུའུ་ཡི་ཁོངས་མི་ཡོངས་ནས་སློབ་པྱོད་ཙུའུ་ཡི་ཙུའུ་ཀྲང་ཡེ་ཤེས་ཆོས་འཕེལ་གྱིས་སྣེ་ཁྲིད་འོག་སློབ་ལོ་འདིའི་སློབ་ཁྲིད་གླེང་བརྗོད་ཀྱི་བྱེད་སྒོའི་ནང་དོན་དང་ཁ་ཕྱོགས་རེ་བ་སོགས་ལ་གྲོས་གཞི་དང་སྒྲིག་འཛུགས་གསལ་སྟོན་བྱེད་པའི་བྱེད་སྒོ་ཞིག་སྤེལ་ཡོད།</p> <p>  བྱེད་སྒོའི་ནང་དོན་གཙོ་བོ་ནི་གླེང་བརྗོད།ཁྲིད་དང་སློབ་ཁྲིད་འགྲན་སྡུར་ཐད་སྔོན་འགྲོའི་གྲ་སྒྲིག་དང་གོ་རིམ་འདེམས་ཤོག་བཅས་བྱས་མཐར་གཙོ་བོ་དགེ་རྒན་རྣམས་ཀྱི་སློབ་ཁྲིད་སྤུས་ཚད་གོང་འཕེལ་གཏོང་བ་དང་མཉམ་དུ་རང་སོའི་ཆེད་ཚན་བྱང་གོམས་ནུས་པ་གང་ལེགས་ཡོང་བར་རམ་འདེགས་ཡོང་བའི་ཆེད་དུ་ཡིན།</p> <p>  ད་ཐེངས་གི་བྱེད་སྒོ་དེ་བརྒྱུད་ཁོངས་མིའི་དགེ་རྒན་ཡོངས་ནས་རང་སོ་སོའི་ལྟ་བ་དང་ཉམས་མྱོང་སྤེལ་རེས་ཕན་ཚུན་དབར་སློབ་སྦྱོང་སོགས་ཟབ་མོ་བྱུང་ཡོད་ལ་སློབ་ཚན་འཆད་ཁྲིད་ཐད་ལ་གཅིག་གྱུར་འཆར་གཞི་དང་དམིགས་རེ་ཡང་གསལ་པོ་བྱུང་ཡོད།</p>