校园之声广播电台 第8期

校园之声广播电台

本期主播:
西刀才让,合作市初级中学藏语文教师。毕业于西北民族大学,2013年参加工作。
དཔྱིད་ཟླ་རིང་མོ།
ཕྱག་རྡོར་ཚེ་རིང་།

མིག་ཆུ་དང་ཤེས་རབ་ཀྱིས་མ་ཐེག་པའི་ལོ་ཟླ་ནག་པོ།
སྐྱོ་ངལ་དང་སྡུག་ཡུས་ཀྱིས་བཞེངས་པའི་དུས་ཚོད་རལ་བོ།
འཇིགས་དངངས་དང་རླུང་འཚུབ་ཀྱིས་དེད་པའི་གཤིན་རྗེའི་ཁྲིམས་ར།
མེ་ཏོག་དང་འོ་ཞོ་གང་ཡང་མེད་པར་ལོ་ཟླ་ག་ཙམ་འགོར་སོང་།
དགུན་ཁ་ཨང་།
ཁྱེད་ཀྱིས་སྐྱེལ་འོངས་པ་དུས་མཐའི་མེ་རི་ཁོ་ན་ག་ལ་ཡིན།

དུས་ཀྱི་རིམས་ནད་རྩྭ་སྐྱ་མེ་ཤོར་བཞིན།
རི་རབ་དང་ཁང་ཁྱིམ་ཡོད་ཚད་ལའང་སྡིག་སྒྲུབ་ཕོག
དགེ་སློབ་ཟུང་གི་མིག་འོད་དང་རྨི་ལམ་ཡོད་ཚད་སྦྱིན་སྲེག་བྱས།
ཀེང་རུས་དང་དར་ལྕོག་ཡོད་ཚད་སྲ་གཟུགས་སུ་གྱུར།
གྲང་ངར་དང་སྨུག་པ་ལྟ་བུའི་ལམ་ཕྲན་ཡལ་བར་བོར།
ཁྱེད་ཀྱིས་དཔྱིད་འགོ་ལ་བྲིས་བའི་འཆར་འགོད་དེ་རྡུལ་དུ་བརླགས།
ཁྱེད་ཀྱིས་ད་དུང་ཡང་།
རང་གི་བྱས་ཉེས་ལ་འགྱོད་གཤགས་མི་བྱེད་དོན་ཅི་ཡིན།

འཆི་བདག་གི་མཆེ་བར་ན་རང་ཉིད་འབུལ་མཁན་གྱི་མི་བུ་དག
ཏག་ཏག་སྐབས་འདིར།
ཁྱེད་ཚོ་ནི་ད་གཟོད་གསོན་པོ་ངོ་མ་དེ་ཡིན།
ཁྱེད་ཚོ་ནི་ད་གཟོད་དུས་ཐོག་ཆར་བ་དེ་ཡིན།
ཁྱེད་ཚོ་ནི་ད་གཟོད་མི་ཡུལ་གྱི་ལྷ་ཚོགས་དེ་ཡིན།

ཁྱེད་ཡོད་པས།
ཕ་ཡུལ་ལ་དཔྱིད་ཀ་སླེབས་བྱུང་།
དཔྱིད་ཀ་ཁོ་ནས་ལྗང་མདོག་གི་ལྭ་བ་མནབས་ཏེ།
སློབ་གྲྭའི་ར་སྐོར་དུ་སླེབས་བྱུང་།
བྱིས་པ་ཚོའི་འཛུམ་མདངས་ཀྱི་ཁྲོད་དུ་སླེབས་བྱུང་།
དཔེ་ཁུག་དང་སྨྱུ་གུའི་རྩེ་ལ་སླེབས་བྱུང་།

སློབ་གྲོགས་ཚོ།
ཁྱེད་ཚོ་ཕ་ཡུལ་གྱི་ལམ་ཕྲན་ཀྱག་ཀྱོག་རྒྱུད་ནས།
སློབ་གྲྭའི་ར་སྐོར་དུ་ལོག་ཤོག
སློབ་རའི་གྲུ་ག་རེ་རེ་ན།
ང་ཚོས་སྨོན་གྱིན་པའི་དཔྱིད་ཀྱི་དུས་ཚིགས་བཞད་ཡོད།
སློབ་ཁང་གི་གྲུ་ཟུར་རེ་རེ་ན།
ཁྱེད་ཅག་གི་དཔེ་ཀློག་དབྱངས་རྟ་སྔར་བཞིན་འཁྱིལ་འདུག

སློབ་གྲོགས་ཚོ།
ད་ནི་ལེ་ལོའི་མེ་ཡིས་འཚིག་པའི།
འདས་སོང་གི་ཐག་པ་ཡང་བསྐྱར་སྡོམ་དང་།
དཔྱིད་ཀས་ང་ཚོ་ལ་སྦྱིན་འོས་བའི་ལེགས་སྐྱེས་བསྣམས་ཡོང་།

སློབ་གྲོགས་ཚོ།
ཁྱེད་ཚོ་བགྲོད་འོས་པའི་ལམ་ཐག་ཤིན་ཏུ་རིང་བས།
ཇ་མངར་མོ་དང་ཤ་ཚོན་པོ་ཟས་ནས་འདུག་ཁོམ་མེད་དེ།
སྐར་ཕྲན་ལྟ་བུའི་ཁྱེད་ཚོས།
རང་གི་མདུན་ལམ་གྱི་ནམ་མཁར་ཤོག་བྱ་སྤུར་འོས།

སློབ་གྲོགས་ཚོ།
དུས་མཐའི་རླུང་འཚུབ་ཀྱིས་མ་འཁྱེར་བའི་ང་ཚོ།
ལས་ཅན་དུ་གཏན་ནས་མ་འདོད།
ང་ཚོར་ད་དུང་བསྒྲུབ་མ་ཚར་བའི་ལས་འགན་མང་བས་ཡིན།
ང་ཚོ་བདེ་ལེགས་ཀྱིས་འཇིག་རྟེན་ཨ་མའི་པང་དུ།
གསོན་པའི་སྙིང་བོ་ཡང་དེ་ཡིན།

责任主编:华旦扎西

本期审核:华旦扎西

本期编辑:马虎赛