合作市初级中学七、八年级复学公告

合作市初级中学政教处

༄༅།། གཙོས་གྲོང་ཁྱེར་དམའ་རིམ་སློབ་འབྲིང་གི་

སློབ་མགོ་ཚུགས་པའི་སྤྱི་བསྒྲགས།

གུས་པར་འོས་པའི་ཁྱིམ་བདག་དང་མཛའ་བརྩེ་ལྡན་པའི་སློབ་གྲོགས་རྣམ་པ།

ཁམས་བཟང་།

དཔྱིད་ཀྱི་རླུང་བུ་འཇམ་པོ་ཡངས་པའི་འཛིན་མའི་ཁྱོན་ལ་རྒྱས་པའི་དུས་བཟང་འདིར། ཏོག་གསར་གློ་ཚད་ནད་དུག་གི་མཆེད་འགྱེད་ཀྱིས་འུ་ཅག་གི་སློབ་སྦྱོང་དང་འཚོ་བ་ལ་སྐད་ཅིག་མའི་བར་ཆད་བཏང་ཡང་། སློབ་གསོ་དོ་དམ་སྡེ་ཁག་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་། རང་རེའི་སློབ་གྲྭའི་དོན་དངོས་ལ་བསྟུན་ཏེ་སློབ་མགོ་ཚུགས་པའི་བྱ་བའི་བཀོད་སྒྲིག་གི་སྤྱི་བསྒྲགས་གཤམ་གསལ་ལྟར། ཁྱེད་ཅག་གིས་མོས་པས་དང་དུ་ལེན་པར་འཚལ།

དང་པོ། དུས་ཚོད་བཀོད་སྒྲིག

རང་རེའི་སློབ་གྲྭས་ཐག་བཅད་ལྟར་ན༢༠༢༠ལོའི་ཟླ༤ཚེས༡༨(ལུགས་རྙིང་གི་ཟླ༣ཚེས༢༦)ཉིན་ལོ་རིམ་བརྒྱད་པའི་སློབ་མའི་མིང་ཐོ་འགོད་པ་དང་ཟླ༤ཚེས༡༩ཉིན་རྒྱུན་ལྡན་ལྟར་སློབ་ཁྲིད་དངོས་སུ་འཚོགས་རྒྱུ་ཡིན། ༢༠༢༠ལོའི་ཟླ༤ཚེས༢༠(ལུགས་རྙིང་གི་ཟླ༣ཚེས༢༨)ཉིན་ལོ་རིམ་བདུན་པའི་སློབ་མའི་མིང་ཐོ་འགོད་པ་དང་ཟླ༤ཚེས༢༡ཉིན་རྒྱུན་ལྡན་ལྟར་སློབ་ཁྲིད་དངོས་སུ་འཚོགས་རྒྱུ་ཡིན།

གཉིས་པ། མིང་ཐོ་འགོད་སྟངས།

རིམས་ནད་འགོག་བཅོས་བྱ་རྒྱུ་ནི་མི་རེ་རེའི་བདེ་ཐང་ལ་འབྲེལ་བས་ཚང་མས་ངེས་པར་སྔོན་འགོག་བྱ་དགོས། རྒྱ་ཆེའི་དགེ་སློབ་ཡོངས་དང་ཁྱིམ་བདག་རྣམས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོའི་བདེ་ཐང་ལ་ཁག་ཐེག་དང་ནད་ཡམས་སྔོན་འགོག་བྱ་ཆེད། ལོ་རིམ་སོ་སོ་རིམ་པ་གསུམ་དུ་བཀར་ཏེ་མིང་ཐོ་འགོད་རྒྱུ་ཡིན།

སྔ་དྲོའི་ཆུ་ཚོད༨:༣༠—༡༠:༠༠བར་གཙོས་གྲོང་ཁྱེར་གྱི་སྣ་བུག་གྲོང་རྡལ་དང་སྲང་ལམ་དོན་གཅོད་ཁང་བཞིའི་སློབ་མའི་མིང་ཐོ་འགོད་པ་དང་། ཆུ་ཚོད༡༠:༠༠—༡༡:༣༠བར་གཙོས་གྲོང་ཁྱེར་གྱི་ཀླུ་ཤོད་དང་མཛོད་དགེ་སྟོད་སྨད། ཁ་གྱ་སྟོད་སྨད་བཅས་ཞང་དང་གྲོང་རྡལ་ལྔའི་སློབ་མའི་མིང་ཐོ་འགོད་རྒྱུ། ཕྱི་དྲོ་ཆུ་ཚོད༢:༣༠—༥:༠༠བར་རྫོང་ཁག་གཞན་གྱི་སློབ་མའི་མིང་ཐོ་འགོད་རྒྱུ་ཡིན།

གསུམ་པ། མིང་ཐོ་འགོད་དུས་ཀྱི་རེ་འདུན།

༡ རིམས་འགོག་ནན་སྲུང་གི་རེ་འདུན།

(1) མིང་ཐོ་འགོད་སྐབས་སློབ་གྲོགས་ཚང་མས་ཁ་རས་བརྒྱག་དགོས་པ་མ་ཟད། ཕྱི་ནད་ཚན་ཁག་གི་སྨན་པས་སྤྱོད་པའི་ཚད་ལྡན་གྱི་ཁ་རས་འགའ་གྲ་སྒྲིག་བྱ་དགོས།

(2) རིམས་འགོག་ནན་སྲུང་གི་སྒྲིག་ལམ་ལྟར། སློབ་གྲོགས་ཚང་མས《གཙོས་གྲོང་ཁྱེར་དམའ་རིམ་སློབ་འབྲིང་གི་སློབ་མ་སྒེར་གྱི་རིམས་འགོག་ནན་སྲུང་བྱེད་པའི་དོན་ཚན་རེའུ་མིག》བསྐངས་ནས་ཁྱིམ་བདག་གིས་མིང་བཀོད་པའི་རེའུ་མིག་འདྲ་པར་གྱི་ལམ་ནས་འཛིན་བདག་ལ་བསྐུར་དགོས། རེའུ་མིག་བསྐུར་མེད་པའི་སློབ་མའི་མིང་ཐོ་འགོད་མི་ཆོག རེའུ་མིག་བསྐུར་པའི་སློབ་མ་རྣམས་ཕོ་མོ་དབྱེ་སྟེ་སྨི་གཅིག་གི་བར་ཐག་བཞག་ནས་གྲལ་སྒྲིག་སྟེ་ཡུལ་དངོས་སུ་ལུས་དྲོད་གཞལ་རྒྱུ། ལུས་དྲོད་རྒྱུན་ལྡན་ཡིན་ན་མིང་ཐོ་འགོད་ཆོག

(3)མིང་ཐོ་འགོད་སྐབས་ཁྱིམ་བདག་སློབ་གྲྭའི་ནང་དུ་འོང་མི་ཆོག་པ་དང་སློབ་མས་མིང་ཐོ་བཀོད་རྗེས་ཕྱིར་རྒྱ་སྲང་དུ་མངག་རྒྱུ་མིན་པས་འཚོ་བ་དང་སློབ་སྦྱོང་ལ་མཁོ་དངོས་ཆ་ཚང་གྲ་སྒྲིག་གང་ལེགས་བྱ་དགོས།

༢ སློབ་མའི་ཆ་བྱད་ཀྱི་ཚད།

(1)མི་སྒེར་གྱི་གཙང་སྦྲ་ལེགས་ཤིང་སློབ་ལྭ་གཙང་མ་གྱོན་དགོས་པ།

(2)སྐྲ་རིང་བོར་མི་འཇོག་པ་དང་སྐྲ་རྩི་མི་བྱུགས་པ། རྒྱན་ཆ་དང་ཕྲེང་བ་སོགས་མི་འདོགས་པ། སློབ་གྲོགས་བུ་མོ་ཚོས་སྐྲ་ལོ་གཙང་མར་བཀྲུས་ཏེ་བསྡམས་དགོས།

(3)གནད་འཁེལ་དབུལ་སྐྱོར་ཁྱིམ་ཚང་དང་དམའ་སྐྱོང་ཁྱིམ་ཚང་། བུ་གཅིག་ཁྱིམ་ཚང་། བུ་མོ་གཉིས་ཅན། དབང་བོ་སྐྱོན་ཅན་དག་གིས་མིང་ཐོ་འགོད་སྐབས་འབྲེལ་ཡོད་ཡིག་ཚགས་ཀྱི་མ་ཡིག་དང་དཔར་མ་འཁྱེར་འོང་དགོས།

༣ གཏན་འགོག་དངོས་རྫས །

ཞོར་ཟས་དང་མཚོན་ཆའི་རིགས། ཁ་པར། འབར་གས་སླ་བའི་དངོས་པོ་སོགས་སློབ་གྲྭར་ཁྱེར་ཡོང་མི་ཆོག

༤ དགུན་གནང་ལས་བྱ།

དགུན་གནང་སྐབས་ཀྱི་ལས་བྱ་རྣམས་ཡོབས་གྲུབ་བྱས་ཏེ་འཁྱེར་འོང་དགོས་པ་དང་དགེ་རྒན་གྱི་ཞིབ་བཤེར་ལ་སྟབས་བདེ་བསྐྲུན་དགོས།

བཞི་བ། གསལ་འདེབས།

༡ སློབ་གྲོགས་ཚོས་འཚོ་བའི་ངལ་གསོ་ལེགས་སྒྲིག་དང་ཟ་འཐུང་གོམས་གཤིས་ལ་སྣང་འཇོག་བྱ་དགོས།

༢ སློབ་སྦྱོང་གི་འདུ་ཤེས་གོང་མཐོར་གཏོང་བ་དང་རྣམ་པ་སླར་གསོ་བྱས་ཏེ་སློབ་སྦྱོང་མཁོ་ཆས་གྲ་སྒྲིག་འཐུས་ཚང་བྱ་དགོས།

༣ སློབ་གྲྭར་ཕྱིར་ལོག་སྐབས་བདེ་འཇགས་ལ་དོ་སྣང་བྱས་ཏེ་བསམ་བློའི་གྲ་སྒྲིག་ལེགས་པོས་སློབ་སྦྱོང་གི་དམིགས་འབེན་གཏན་འབེབས་དང་སློབ་སྦྱོང་ལ་བརྩོན་པ་བསྐྱེད་པའི་འདུན་པ་བཅིང་དགོས།

༤ རིམས་འགོག་གི་ཆེད་དུ་ཁྱིམ་བདག་དང་སློབ་མས་ལམ་ཐག་ཡོངས་ལ་ཁ་རས་བརྒྱག་དགོས་པ་མ་ཟད། མི་ཚོགས་མང་ས་དང་འདུ་འཛོམས་ཆེ་ས་རུ་མི་འགྲོ་བར་རང་ཉིད་ཀྱི་བདེ་ཐང་ལ་ཐུགས་འཇོག་གནང་བར་མཁྱེན།

༥ ཁྱིམ་བདག་དང་བུ་ཕྲུག་གི་འགྲིམ་འགྲུལ་བདེ་འཇགས་ཀྱི་ཆེད་དུ། འཛིན་ཡིག་མེད་པའི་རླངས་འཁོར་དང་རྐང་གསུམ་འཁོར་ལོ་སོགས་བསྐོར་མི་འོང་པ། བྱིས་པ་བསྐྱལ་དུས་སློབ་གྲྭའི་སྒོ་འགྲམ་གྱི་རྨིད ༢༠༠ ནང་ཚུད་དུ་རླངས་འཁོར་མི་འཇོག་ལ། ལམ་བར་གྱི་འགྲིམ་འགྲུལ་བདེ་འཇགས་ལ་ཡིད་གཟབ་བྱ་རྒྱུ་མཁྱེན།

གཙོས་གྲོང་ཁྱེར་དམའ་རིམ་སློབ་འབྲིང་གིས།

༢༠༢༠ ལོའི་ཟླ ༤ ཚེས༡༣ ཉིན་ལ།

合作市初级中学七、八年级复学公告

尊敬的各位家长、亲爱的同学们:

你们好!

我们和您一样焦急又欣喜地迎来了七、八年级学生返校复学。为认真贯彻落实甘肃省《关于做好2020春季学期全省学校开学工作的通知》精神,结合我校实际,现就我校七、八年级学生开学复课事宜通知如下:

一、开学报名时间安排

按上级教育部门部署,我校八年级学生于4月18日(农历3月26日)报到,4月19日正常上课;七年级学生于4月20日(农历3月28日)报到,4月21日正常上课。(全体学生严格按照返校报到时间进入校园,不得到市区内扎堆聚集。)

二、报名形式

根据疫情防控工作需要,我校施行分年级和分地域错峰报到注册。

上午8:30-10:00 合作籍那吾镇、四街道

上午10:00-11:30 合作籍勒秀、多玛、曼玛、卡加道、卡加曼

下午14:30-17:00 外县籍

三、做好返校准备,加强途中防护

1.根据国务院、省教育厅及甘南州、合作市预防新冠肺炎疫情应急指挥部规定,所有外出史返校学生均须在返校截止日期前居家隔离至少14天。

2.在准备返校期间,应做好个人的疫情防控措施,若出现发热、咳嗽、咽痛、乏力、肌肉酸痛、胸闷、呼吸困难等症状,应继续居家隔离并马上到指定医院就医,不得到校报名。

3. 根据疫情防控工作需要,全体学生要如实填写《合作市初级中学学生个人防控事项情况表》,此表上由家长签字后,以照片形式上传至班主任处,报到当天现场测量体温,体温正常者方可入学报到。无此表者一律不予报到。

4.学校建议由家长护送学生到校,尽量乘坐私家车返校,途中注意车内的通风换气,佩戴好口罩,做好个人防护措施;学生进校须登记乘车路线和车牌号(乘坐客车的同学请保留好车票)。

5.所有学生返校前14天内有以下情况不予返校报名。

(1)曾前往疫情防控重点地区的;

(2)接触过疫情防控重点地区高危人员的;

(3)接触过疑似、确诊人员的;

(4)有发热、干咳、乏力等症状的;

(5)返校当天在家进行体温自测,体温 ≥37.3℃者不得返校并及时向班主任请假。

6.所有学生一律佩戴口罩,自备一定数量的医用外科口罩。

7.学生进入校园后实行封闭式管理只进不出,故学生进校前购置好生活用品及学习用品。

四、报到流程

1.学生有序从校门进校,所有家长一律不得进入校内,报名期间始终保持1.5m以上的距离排队。

2.学生进入校门第一关,就是体温检测、洗手消毒、更换口罩、行李消杀、违禁物品排查。第二关按照《合作市初级中学入学流程图》进入宿舍楼一楼进行热成像测温,体温无异常者在生活指导老师的安排进入宿舍,整理床铺,搞好宿室卫生,晚餐后进入教室报到。

3.学生报名工作结束后,疫情期间学校严格落实全封闭式管理,所有学生一律住校,进校之后,非经特许,不得出校。

五、报到要求

1.仪容仪表要求

(1)要保持良好的个人卫生,统一着校服,保持服装整洁。(2)要求学生不得染发、烫发。男同学不得留长发,女同学要将头发梳理整齐扎辫子。不得佩戴首饰、佛珠等。

(3)精准扶贫户(建档立卡户)、低保户、独生子女户、两女户、残疾学生注册报到时需携带相应证件的原件及复印件。

2.违禁物品要求

不得携带零食、管制刀具、水银温度计、手机、易燃易爆等违禁物品进校园。

3.寒假作业

准备好寒假作业以备检查。

六、温馨提示

1.全体学生要提前调整好生活作息,注意饮食习惯,恢复学习状态,备好学习用具,注意返校安全,制定学习目标,做好心理准备。

2.全程带好口罩,注意个人卫生,不集聚不串班,养成良好习惯。

3. 为了学生和家长朋友们的安全,送子女报到时不准乘坐“三无”车辆或兰驼车,车辆不准停放在学校周边200米以内,一定要注意交通安全。

学生是我们最大的牵挂,家长是我们前行的力量。经过漫长的等待,敬请广大家长正确看待延迟开学,树立必胜信心,陪伴孩子度过人生中最特殊的时期!同时带领孩子认真阅读开学通知,督促孩子严格遵守学校的各项管理措施,在学校健康快乐成长!

合作市初级中学

2020年4月13日

返校

学生

初级中学

疫情

家长

防控

进校

我校

报名

开学