རེབ་གོང་རྫོང་ཆུ་ཁོག་ཞང་ལྟེ་བའི་བཅའ་སྡོད་སློབ་ གྲྭའི་ན་གཞོན་ཕོ་བྲང་། 同仁县曲库乎乡中心寄校少年宫

བསེ་དོ་རིའི་བུ།

དེ་ཡང་།  སློབ་གྲྭའི་སློབ་ཕྱིའི་འཚོ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།  སློབ་མ་དཀྱིལ་སྙིང་ཡིན་པའི་སློབ་གསོ་སློབ་ཁྲིད་ཀྱི་རྩ་གནད་རྒྱུན་འཁྱོངས་ཀྱིས།  འཆམ་མཐུན་གྱི་སློབ་རའི་རིག་གནས་ཤེས་བྱའི་མཁའ་དབུགས་དང་དུས་རབས་གསར་བའི་ཚན་རྩལ་བཅས་སུ་དམིགས་ནས། ཆུ་ཁོག་ལྟེ་བའི་བཅའ་སྡོད་སློབ་གྲྭས་2015ལོ་ནས་བཟུང་སློབ་ཕྱིའི་སློབ་གསོའི་རྣམ་པ་གསར་བ་ཞིག་སྟེ། ཞིང་སྡེ་སློབ་གྲྭའི་ན་གཞོན་ཕོ་བྲང་སྒྲིག་འཛུགས་བྱས་པ་དང་། 2017ལོར་ཞིང་སྡེ་སློབ་གྲྭའི་ལོ་ཆུང་ན་གཞོན་ཕོ་བྲང་གི་སློབ་ཁྲིད་ཟླ་9་པའི་ཚེས་གཉིས་ནས་བཟུང་འགོ་བརྩམས་པ་རེད།

རེབ་གོང་རྫོང་ཆུ་ཁོག་ཞང་བཅའ་སྡོད་སློབ་གྲྭའི་ན་གཞོན་ཕོ་བྲང་གི་དགའ་ཕྱོགས་སྐྱེད་སྲིང་འཛིན་གྲྭའི་སློབ་ཁྲིད་ཀྱི་ནང་དོན་ལ། བོད་ཀྱི་ཡིག་གཟུགས་དགའ་ཕྱོགས་འཛིན་གྲྭ་དང་དཔེ་ཀློག་དགའ་ཕྱོགས་འཛིན་གྲྭ། རྡོ་ཚོན་རི་མོ་དགའ་ཕྱོགས་འཛིན་གྲྭ། རྩིས་འཁོར་དགའ་ཕྱོགས་འཛིན་གྲྭ། བོད་འགྱིག་དགའ་ཕྱོགས་འཛིན་གྲྭ། གློག་རྡུལ་རོལ་ཆས་དགའ་ཕྱོགས་འཛིན་གྲྭ། སྤོ་ལོ་རུ་ཁག ཐག་རྩེད་རུ་ཁག། ཞབས་བྲོ་རུ་ཁག ཕིའུ་ཕིང་སྤོ་ལོ་རུ་ཁག་བཅས་ཡོད་པ་དང་། ད་ལོ་སླར་ཡང་རྐང་རྩད་སྤོ་ལོ་རུ་ཁག་དང་སྙན་ངག་གྱེར་འདོན་རུ་ཁག་གཉིས་གསར་དུ་བཙུགས་ཡོད།

མཛུབ་སྟོན་དགེ་རྒན། ལྕགས་མོ་བྱམས།

མཛུབ་སྟོན་དགེ་རྒན། སྙིང་མོ་སྐྱིད།

མཛུབ་སྟོན་དགེ་རྒན། པདྨ་འཚོ།

མཛུབ་སྟོན་དགེ་རྒན། ལྕགས་མོ་ཚེ་རིང་།

མཛུབ་སྟོན་དགེ་རྒན། ཁྲིན་ཞིག་ཧྥང་།

མཛུབ་སྟོན་དགེ་རྒན། འཚོ་སྐྱིད།

མཛུབ་སྟོན་དགེ་རྒན། འབྲུག་བྱམས།

མཛུབ་སྟོན་དགེ་རྒན། བློ་བཟང་། རྟ་རྦ།

སྦེ་ག་འགྲན་རེས།

འཛུབ་སྟོན་དགེ་རྒན། ཚེ་རིང་སྐྱིད།

མཛུབ་སྟོན་དགེ་རྒན། འབྲུག་བྱམས། སྨན་ཕྲུག་སྐྱབས།

མཛུབ་སྟོན་དགེ་རྒན། ཡུམ་སྐྱིད།

མཛུབ་སྟོན་དགེ་རྒན། བསོད་ནམས་སྐྱིད།

མདོར་ན།   ཞིང་སྡེའི་སློབ་གྲྭའི་ན་གཞོན་ཕོ་བྲང་གིས་སློབ་གྲྭ་གཅིག་ལ་ནུས་པ་གཉིས་ལྡན་དང་སློབ་ཁང་གཅིག་ཕྱོགས་གཉིས་སུ་བཀོལ་བའི་རྣམ་པས།  སློབ་གྲྭའི་ད་ཡོད་ཀྱི་ཁོར་ཡུག་དང་སྒྲིག་ཆས།  དགེ་རྒན་སོགས་ཀྱིས་སློབ་གསོའི་རྣམ་པ་གསར་བ་ཞིག་བསྐྲུན་པ་སྟེ།   བྱེད་སྒོའི་ནང་དོན་དང་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཞིང་གྲོང་གི་བྱིས་པ་རྣམས་བདེ་ཐང་དང་བདེ་སྐྱིད་ངང་འཚར་ལོངས་འབྱུང་བ་དང་།  ཞིང་སྡེའི་སློབ་གསོ་དེ་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཙུགས་པ་མ་ཟད།  སྤུས་ཚད་སློབ་གསོ་སྲ་བརྟན་དང་གོང་འཕེལ་ཡོང་བར་ཡང་ཕན་ནུས་ངེས་ཅན་ལྡན་ནོ།།