Wish you, happy birthday is more than that !!! 💮

倪☆

ད་ལྟ་ཆུ་ཚོད་བཅུ་གཅིག་སྐར་མ་ང་དགུ་རེད་འདུག དེ་རིང་གི་ཉི་མ་ཕར་ལ་བསྐྱལ་ཞིང་སང་ཉིན་གྱི་ཉི་གཞོན་ཚུར་ལ་བསུ་བའི་དུས་ཚོད་ཁྱད་པར་བ་ཞིག་ཡིན་འདུག ཁྱོད་ནི་སྔར་བཞིན་ངའི་སྙིང་ཁོང་དུ་འཛུམ་དམུལ་དམུལ་དུ་གནས---བསམ་གཏན་ཆོས་སྒྲོན། ♛

ཤར་གྱི་ཟླ་བ་ཁེར་འགྲོ།།

དམ་བེ་ནང་དུ་ལྷུངས་བྱུང་།།

འོད་ཟེར་ཤེལ་གྱི་སྐུད་པ།།

ཆང་གི་རོ་ལ་འཐིམ་ནས་།།

སེམས་ཀྱི་དར་ཐག་བརྒྱུད་དེ།།

ཧུབ་གསུམ་རྔམ་བཏུངས་ཤོར་བྱུང་།།

སྐྱེས་མ་བསམ་གཏན་ཆོས་སྒྲོན། །

ཁྱོད་ལ་བཅང་བའི་བརྩེ་བ། །

ཤ་གསེང་རུས་ལ་འཐིམ་ཡོད། །

ནམ་མཁའི་ཟླ་བ་ཁེར་འགྲོ། །

ཁོ་མོའི་ཕྱོགས་སུ་འགྲོ་ན། །

སྐྱེས་སྐར་ཉིན་བཟང་འདི་ལ། །

བཀྲ་ཤིས་མཆོད་གཡང་ཕུལ་རོགས། །

བརྩེ་བ་ཕྱི་ཐག་རིང་བའི། །

དངོས་གྲུབ་ངེད་ལ་བསྩོལ་ཞིག།