ཞིང་ཆེན་དང་།ཁུལ།རྫོང་བཅས་ཀྱི་ཏང་ཨུད་དང་སྲིད་གཞུང་ཀྱི་གློོ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་དང་།སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པ།དགེ་སློབ་ཀྱི་བདེ་ཐང་བདེ་འཇགས་དང་སློབ་འགོ་ཚུགས་པའི་རྒྱུན་གཏན་འགན་ལེན་བཅས་བྱས་ནས་རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐྱོན་བྲལ་དང་བརྟན་པོ་ཡོང་བའི་འགན་ལེན་བྱ་ཆེད།

为全面落实省、州、县党委、政府关于坚决打赢新冠肺炎疫情防控阻击战的决策部署,做好学校的疫情防控工作,保证师生健康安全及开学正常,确保全县疫情防控工作健康、平稳。

2020ལོའི་ཟླ་3ཚེས་18ཉིན་ངེད་གླིང་གི་སློབ་མ་རྣམས་བདེ་བླག་ངང་བདེ་འཇགས་དང་སྐྱོན་བྲལ་ངང་སློབ་འགོ་ཚུགས་ཐུབ་པ་དང་།རྫོང་ཨུད་ཀྱི་རྒྱུན་ཨུ་དང་།སྒྲིག་ཨུད་ཀྱི་ཧྲུའུ་ཅི།ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བློ་མཐུན་ཧུའུ་ཧང་ཀྲེང་།ཀྲེན་ཆིན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་དེ་བཞིན་རང་རེའི་གླིང་གི་སློབ་སྤྱི་དང་འགོ་ཁྲིད་གཙོ་བོའི་ཕེབས་རོགས་འོག་ངེད་གླིང་གི་གློ་ཚད་ཀྱི་རིམས་ནད་བྱུང་ཚུལ་གསར་པ་སྔོན་འགོག་ཚོད་འཛིན་དང་སློབ་འགོ་ཚུགས་པའི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་རྒྱུ་རེད

2020年3月18日为再一次保障和确定我园学生能够顺利、安全、健康地开学,县委常委、纪委书记、监委主任胡航正同志,在珍秦镇党委书记以及我园园长和主要领导的陪同下莅临我园检查指导新冠肺炎病毒疫情防控和开学准备工作。

གླིང་གཙོས་སྣེ་ཁྲིད་འོག་ཧུས་ཧྲུའུ་ཅུས་ཀྱིས་གླིང་ནང་གི་འཕྲོད་བསྟེན་འཕྲོད་སྦྱོར་ཁང་གི་ལས་ཀའི་གནས་ཚུལ་དང་།སྔོན་འགོག་ཚོད་འཛིན་དངོས་ཟོག་གྲབས་གསོག་བྱས་ཚུལ།བར་བཅད་ཁང་འཛུགས་ཚད་ལ་སླེབས་ཚུལ་བཅས་ལ་གཟིགས་སྐོར་གནང་བ་རེད།

在园长的带领下,胡书记参观了园内的卫生保健室的工作情况、防控物资储备情况、隔离室的设置达标情况。

ཧུས་ཧྲུའུ་ཅུས་ཀྱིས་ངེད་གླིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དང་སློབ་འགོ་ཚུགས་པའི་ལས་དོན་གྲ་སྒྲིག་གི་གནས་ཚུལ་ལ་གདེང་འཇོག་ཆེན་པོ་གནང་བ་དང་གླིང་དུ“འཚམ་པོ་བཞི་དང་གནས་ལ་འཁེལ་བ་བཅུའི”ལས་དོན་དོན་འཁྱོལ་གནང་ནས“ལམ་ལུགས་དྲུག་འཐུས་ཚང་དུ་གཏོང་བའི”བླང་བྱ་གཞིར་བཟུང་ནན་པོ་གནང་བ་རེད། བྱིས་སྐྱོང་གླིང་གིས་ཇུས་གཞི་དང་ལམ་ལུགས། དེ་བཞིན་འཕྲལ་སྡོམ་བརྒྱུད་རིམ་ཁག་ནང་སྦྱོང་བྱས་ཏེ་ལས་དོན་མཐའ་དག་དོན་དངོས་དང་མི་བྲལ་བར་བྱེད་དགོས། མི་ཚང་མའི་འབད་བརྩོན་འོག་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཡུལ་འགྱེད་དེ་རྒྱལ་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད།

胡书记针对我园疫情防控工作及开学各项工作准备的情况给予了高度的评价,园内做到了“四个妥善、10个到位”的落实,严格按照“六个制度完善”的要求。幼儿园进一步应该把方案制度及各项应急流程进行园内的演练,让所有的工作与实际不要脱节。相信在所有人的努力下,我们一定可以打胜疫情防控这个战役。

རིམ་ཁག་འགོ་ཁྲིད་ཀྱིས་བཏོན་པའི་རྩ་ཆེའི་བསམ་འཆར་ལ་ངེད་གླིང་གིས་འཕྲལ་དུ་བཅོས་སྒྲིག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་གྲ་སྒྲིག་ཡག་པོ་བྱས་ཏེ་་བྱིས་སྐྱོང་གླིང་གི་སློབ་འགོ་ཚུགས་པའི་ལས་དོན་ལ་གྲ་སྒྲིག་ཡག་པོ་བྱ་རྒྱུ་ཡིན།

对各级领导提出的宝贵的意见,我园将在第一时间内及时进行整改,为疫情防控工作做好准备,为幼儿园开学工作做好准备。