དུས་རབས་གསར་བའི་གཟའ་ཚང་།

རྩོམ་པ་པོ།………ཚོར་བ་ཁེར་ལབ།

སློབ་གྲྭའི་སྒོ་འགྲམ་བཟའ་ཚང་ཁྱུ་ཚོ་གཅིག །

ཕྲུ་གུ་སྐྱེལ་ཁ་མ་རྒན་མཚོན་རྩི་བྱུག །

ཕྲུ་གུ་བསུ་ཁ་ཕ་རྒན་གོས་སྣ་བརྗེ།།

བཟའ་ཚང་ཁ་བྲལ་འགྲོ་བའི་སྔ་ལྟས་རེད།།

འཚོ་བའི་ཁྲོད་དུ་བཟའ་ཚང་ཁྱུ་ཚོ་གཅིག །

ནང་གི་བཟའ་ཟླ་སྡིགས་རྡུང་གཡོ་འོག་བཙུད།།

ཕྱི་ཡི་དགའ་རོགས་ཁ་འཇམ་ཚིག་གིས་སླུ།།

ཁྱིམ་ཚང་ཁ་འཐོར་འགྲོ་བའི་གཞི་མ་རེད།།

ནང་མ་ཨར་ཁང་ནང་ནས་བཟའ་ཚང་འགའ།།

ཕྱི་ཚུལ་སྨྱོ་གཟུགས་དོད་ཀྱང་མཛེས་མདོག་ཆེ།།

ནང་སེམས་ཁྲེལ་མེད་ཡིན་ཡང་བཟང་ཉམས་བྱེད།།

བཟའ་ཟླ་ལྐོག་ཚོང་བྱས་པའི་རྟགས་མཚན་ཡིན།།

ཨ་ཕ་དྲང་བདེན་རིགས་ལ་རྒྱུག་ཁྱི་བྱེད།།

ཨ་མ་དྲང་བདེན་རིགས་ལ་གཡོག་མོ་བརྩི།།

བཟའ་ཚང་བདེ་སྐྱིད་མེད་པའི་རྒྱུ་རྐྱེན་དེ།།

དྲང་ལ་རྒྱབ་སྐྱོར་མེད་པའི་གནོད་སྐྱོན་རེད།།