རྫ་སྟོད་རྫོང་བྱིས་སློབ་ཁང་གསུམ་པའི“རིམས་ནད་སྔོན་འགོག་དང་བདེ་ཐང་འགན་ལེན་བྱེད་པའི”ཁོར་ཡུག་འཕྲོད་བསྟེན་གཙང་བདར་དང་། བྱིས་པའི་བདེ་ཐང་ཁོར་ཡུག་འགན་ལེན་བྱ་ཆེད་མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

杂多县第三幼儿园“防疫情、保健康”环境卫生大扫除、为保障幼儿健康环境护航、共同创造美好的家园。

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནད་བྱུང་བ་དེས་རྒྱལ་ཡོངས་མི་དམངས་ཀྱི་སེམས་ལ་ཤུགས་རྐྱེན་ཐེབས་ཡོད་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་གཡུལ་འགྱེད་དེར་རྒྱལ་ཁ་ལེན་ཆེད། རྫ་སྟོད་རྫོང་བྱིས་སློབ་ཁང་གསུམ་པའི་དགེ་རྒན་གྱིས་སློབ་གླིང་ནང་གི་ཁོར་ཡུག་འཕྲོད་བསྟེན་གྱི་དུག་སེལ་ལས་དོན་ཐེངས་གཅིག་སྤེལ་ནས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་བྱིས་སློབ་ཁང་ཡོངས་ཀྱི་དུག་སེལ་ལས་དོན་བྱེད་འགོ་ཚུགས། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་ཏོག་དབྱིབས་ནད་དུག་རིམས་ནད་བཀག་འགོག་དང་། བྱིས་པ་ཡོངས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱས་ཏེ། བྱིས་པའི་བདེ་ཐང་ལ་སྲ་བརྟན་ནུས་ལྡན་གྱི་འགོག་སྲུང་ཐིག་ཅིག་བསྐྲུན་ནས། བྱིས་པར་སྤུས་ལེགས་དང་གཙང་སྦྲ་དོད་པའི་འཕྲོད་བསྟེན་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད།

新型冠状病毒感染肺炎疫情,牵动着全国人民的心。为打赢疫情防控这场特殊战役。杂多县第三幼儿园老师在园内开展了一次环境卫生消杀工作,用自己的实际行动打响全园消毒战。科学有效地抵御新型冠状病毒感染的肺炎疫情,保障全体幼儿的身体健康,为幼儿的健康筑起一道坚实有效的防护线。为幼儿提供优质舒适整洁的卫生环境。

ཁོར་ཡུག་འཕྲོད་བསྟེན་གཙང་བཤེར་བཅོས་སྒྲིག་དང་དུག་སེལ་ལས་དོན་སྤེལ་རིང་། དགེ་རྒན་ཚོས་ཐོག་ཁང་མདུན་གྱི་ཅ་དངོས་སྣ་ཚོགས་གཙང་སེལ་ཧུར་ཐག་བྱས་པ་དང་། སློབ་ཁང་ནང་གི་རྩེད་ཆས་དང་། ཆ་སྒམ། གསོལ་ཆས་མཁོ་ཆས། འཐུང་ཆུའི་འཕྲུལ་ཆས། བྱེད་སྒོ་སྤེལ་སའི་ས་ཁོངས། ས་ངོས། བར་ཁྱམས་ནས་ཁང་པའི་ནང་དུ་ཆུ་གཏོར་བ་ལས་ཁུག་ཀྱོག་གཅིག་ཀྱང་མ་ལུས་པར་དུག་སེལ་མཐར་ཕྱིན་བྱས་ཏེ་འཕྲོད་བསྟེན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན།

在环境卫生清理整治和消毒工作中,老师们积极清理楼前杂物,教室内玩具、橱柜、餐具用品、饮水机、区域活动、地面等进行疫情防控环境卫生大消杀、大扫除。 从走廊到室内进行彻底喷洒,不放掉任何一个死角,确保消毒彻底,营造良好的卫生环境。

ང་ཚོས་མཉམ་དུ་བྱ་སྤྱོད་སྤེལ་ནས་བྱིས་པ་དང་དགེ་རྒན་རྣམས་ལ་གཙང་སྦྲ་དང། གཙང་མ། བདེ་འཇགས། བདེ་སྐྱིད་བཅས་ཀྱི་ཁོར་ཡུག་ཅིག་ཡོད་པའི་འགན་ལེན་བྱས་ཡོད།

我们一起行动,确保幼儿与教职工们有一个整洁、干净、安全、舒适的园所环境。💪

རིམས་ནད་ནི་བཀའ་དང་སྔོན་འགོག་ཚོད་འཛིན་ནི་འགན་འཁྲི་ཡིན། ད་ཐེངས་ཀྱི་སློབ་གྲྭའི་ཁྱོན་ཡོངས་རང་བཞིན་གྱི་གཙང་སྦྲ་དང་དུག་སེལ་བྱས་པ་བརྒྱུད་ཏོག་དབྱིབས་ནད་དུག་གསར་པ་མཆེད་རྒྱུ་བཀག་འགོག་བྱེད་པར་ནུས་པ་ཡག་པོ་ཐོན་ཡོད། དེ་དང་ཆབས་ཅིག་རང་གླིང་གིས་ཀྱང་སློབ་གྲྭའི་གཙང་སྦྲ་མུ་མཐུད་ཡག་པོ་བྱེད་པ་དང་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཕྲུ་གུ་ཚོར་དྭངས་གཙང་དང་། གཙང་མ། བག་ཕེབས། བདེ་འཇགས་བཅས་ཀྱི་སློབ་གྲྭའི་ཁོར་ཡུག་ཅིག་བཏོད་དེ་ཕྲུ་གུ་ཚོའི་བདེ་ཐང་དང་བདེ་འཇགས་ཆེད་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རེད།

疫情就是命令,防控就是责任。通过此次的校园全面性打扫卫生及消毒,为阻断新型冠状病毒的传播起到了一个很好的作用。同时,我园也将会继续做好校园清洁,做好防控的各项工作,切实为幼儿营造一个清洁、干净、舒适、安全的校园环境,为孩子们的健康安全保驾护航!

གཅེས་སེམས་ཤིག་ཡོད་ན་སྒྲོན་མེ་ཞིག་ཡོད་ལ།

མཉམ་དུ་འབད་བརྩོན་བྱ་བ་དང་།

བློ་རྩ་བརྟན་པོར་གནས་ན།

མཉམ་དུ་རྒྱལ་ཁ་ལེན་ཐུབ།

རིམས་ནད་སྔོན་འགོག་ཚོད་འཛིན་དང་ཏོག་དབྱིབས་ཀྱི་ནད་དུག་འགོག་པར།

ང་ཚོས་འགུལ་སྐྱོད་བྱེད་བཞིན་ཡོད།

有一颗爱心就有一盏灯🌹,

唯有一起努力🌻,

坚定信念💪,

一起面对才能赢得胜利💪!

防控疫情,抵抗冠状病毒,

😷😷我们在行动😷😷