小手拉大手 携手抗击病毒 治多县完全小学三年级3班在行动

རིམས་ནད་ཉིན་རེར་བཞིན་མཆེད་བཞིན་ཡོད་པ་དང་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་བརྙན་འཕྲིན་ནང་གི་བརྙན་རིས་རེ་རེ་དང་ཁ་པར་ནང་གི་འཕྲིན་ཐུང་རེ་རེ་ཡིས་ལྷིང་འཇགས་གི་དགུན་གནང་དེ་གཞི་ནས་གཏོར་ཞིང་མི་ཚང་མའི་སེམས་སུ་སྐྲག་སྣང་གིས་ཁེངས།

དུས་དེར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་བཀོད་སྒྲིག་གནང་བར་ལྟར་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་སྤྱི་ཚོགས་ཀྱི་ཚོགས་པ་ཆེ་ཆུང་། སློབ་གྲྭ་ཆེ་འབྲིང་ཆུང་སོགས་རང་རང་ནད་ཡམས་སྔོན་འགོག་གི་ལས་ལ་ཞུགས། ངེད་ལོ་རིམ་གསུམ་པའི་འཛིན་གྲྭ་གསུམ་པའི་ཁྱིམ་བདག་ཨུ་ཡོན་ལྷན་ཚོགས་ཀྱིས་ཀྱང་རང་སློབ་གྲྭའི་ནད་ཡམས་སྔོན་འགོག་གི་ཐབས་ཇུས་ལྟར་འཛིན་གྲྭའི་ནང་ཁུལ་ནས་ཉིན་རེར་སློབ་མའི་གནས་ཚུལ་ཐོ་འགོད་བྱེད་རྒྱུ་ལག་བསྟར་བྱས།

གནས་སྐབས་འདི་འདྲ་ལའང་རང་ཉིད་ཀྱི་སློབ་སྦྱོང་གི་ལས་འགན་དང་འགན་འཁྲི་འདོར་མི་རུང་བ་ངེད་འཛིན་གྲྭའི་སློབ་གྲོགས་ཚོས་དུས་དང་རྣམ་པ་ཀུན་དུ་རྟོགས་བཞིན་ཡོད།

རང་འཛིན་གྲྭའི་སློབ་མ་ཚོས་ནད་ཡམས་གྱིས་མནར་བའི་ནད་པ་དང་ལྷག་པར་དུ་རང་སྲོག་བློས་གཏོང་ནས་རིམས་ནད་ལ་རྒོལ་བཞིན་པའི་གོས་དཀར་ལྷའི་ཕོ་ཉ་རྣམས་ལ་ཕུལ་བའི་སྨོན་འདུན་དང་གུས་འདུད་མཚོན་ཡོད།

རང་ཉིད་ཀྱི་ལུས་ཁམས་གཙང་མ་བྱས་ནས་ནད་ཡམས་འགོག་བཞིན་པ།

ང་ཚོ་ལ་ནད་ཡམས་ལས་རྒྱལ་ཐུབ་པའི་ཡིས་ཆེས་ཡོད།