སློབ་ཕྲུག་དང་། ཁྱིམ་བདག་དགེ་རྒན་དང་ལས་བཟོ་པ་བཅས་ཡོངས་ལ་སྤྲིངས་པའི་འཕྲིན་ཡིག་ཅིག་

美友29028153

<h3>སློབ་མ་དང་ཁྱིམ་བདགདགེ་རྒན་དང་ལས་བཟོ་པ་བཅསལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་དང་ཁྱིམ་བདག་གིས་བདེ་འཇགས་འཆམ་མཐུན་དང་བདེ་ཐང་བདེ་འཇགས་ཀྱི་གུང་གསེང་ཞིག་སྐྱེལ་ཐུབ་ཆེདརྒྱལ་ཡོངས་ཀྱི་གསར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་འགོས་ནད་འགོག་པའི་གློ་ཚད་ཀྱི་འབྲེལ་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་རྒྱ་ཆེའི་སློབ་མ་དང་། ཁྱིམ་བདགདེ་བཞིན་དགེ་རྒན་དང་ལས་བཟོ་བཅས་ལ་གྲོས་འགོ་བཏོན་པ་གཤམ་གསལ། གཅིགདགོས་མེད་ཀྱི་འགྲོ་སྐྱོད་ཉུང་དུ་གཏོང་དགོས། ཕྱི་བཀག་ནང་སྡོམ་དང་མཁའ་རླུང་འཁོར་རྒྱུག་མི་བྱེད་པའི་སྤྱི་པའི་གནས་ཡུལ་དུ་མི་འགྲོ་བ་བྱེད་དགོས། ཚོང་ར་དང་། རླངས་འཁོར་འབབ་ཚུགས།གནམ་གྲུ་འབབ་ཐང་།སྨན་ཁང་སོགས་སྤྱི་པའི་འདུ་གནས་སུ་ཚན་རིག་དང་མཐུན་པའི་ངང་ཁ་རས་རྒྱག་དགོས། ཕྱི་ལ་སོང་རྗེས་དུས་ཐོག་ཏུ་ལག་པ་དང་སྣ་འཁྲུད་དགོས། གཉིས།འདུ་ཚོགས་རང་བཞིན་གྱི་བྱེད་སྒོར་ཞུགས་མི་དགོས།ཉེ་ཆར།རིམ་པ་ཁག་གི་སློབ་གྲྭ་རིགས་ཁག་ཚང་མས་གསབ་ཁྲིད་བྱེད་མི་ཆོག་པ་དང་། གཅིག་སྡུད་ཀྱི་བྱེད་སྒོ་གང་ཡང་སྤེལ་མི་ཆོགཁྱིམ་བདག་དང་དགེ་རྒན་རྣམ་པས་བྱིས་པ་རྣམས་སྤྱི་ཚོགས་ཀྱི་ལས་ཁུངས་གང་རུང་གིས་སྤེལ་བའི་གསབ་ཁྲིད་དང་།འགྲན་བསྡུར།འགྲེམས་སྟོན།དཔྱད་བསྡུར།རྒྱུགས་ལེན་སོགས་པའི་འདུ་འཛོམས་རང་བཞིན་གྱི་བྱེད་སྒོར་མི་ཞུགས་པར་ལྟ་སྐུལ་བྱ་དགོས། གསུམ།ལུས་པོའི་བདེ་ཐང་གི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་དགོས། དམིགས་བསལ་གྱི་གནས་ཚུལ་མེད་ན་བོད་ནས་དོན་མི་དགོས་པ་དང་ཕྲུ་གུ་ཁྲིད་ནས་བོད་ནས་དོན་པའི་ཁྱིམ་ཚང་གིས་འགོག་སྲུང་བྱ་ཐབས་ཁག་ཡག་པོ་སྒྲུབ་དགོས། བཞི།རང་ཉིད་ཀྱི་འཕྲོད་བསྟེན་དང་འགོག་སྲུང་ལ་དོ་སྣང་བྱེད་དགོས། མི་སྒེར་གྱི་གཙང་སྦྲ་ལ་དོ་སྣང་བྱེད་དགོས་ཏེ། གང་སར་ཁ་ལུད་མི་འཕེན་པར།ཧབ་སྦྲིད་རྒྱག་པའམ་ལུད་པ་ལུ་སྐབས་ཤོག་བུའམ་ཕུ་ཐུང་གིས་ཁ་སྣ་བཀབ་ནས། བེད་སྤྱོད་བྱས་རྗེས་ཀྱི་ཤོག་ཕྱིས་དང་ཁ་རས་དེ་དམ་པོར་བཏུམ་ནས་གནོད་ལྡན་གད་སྙིགས་བླུགས་སྒམ་དུ་བསྐྱུར་ནས། ཁྱིམ་ཚང་གི་གཙང་སྦྲ་སྲུང་འཛིན་དང་།ཁང་པའི་ནང་གི་མཁའ་རླུང་འགྲོ་རྒྱུག་ལ་དོ་སྣང་བྱེད་དགོས། རི་སྐྱེས་སྲོག་ཆགས་ལ་མི་རེག་པར།ཤ་རིགས་དང་སྒོ་ངའི་རིགས་བཙོས་ནས་ཚོས་སུ་འཇུག་དགོས། དགེ་སློབ་དང་ལས་བཟོ་ཡོངས་ཀྱིས་རང་འགུལ་ངང་བདེ་ཐང་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཆགས་པ་བྱེད་པ་དང་ཆབས་ཅིག་འཕྲོད་བསྟེན་བདེ་ཐང་དང་ཡ་རབས་ཀྱི་ཁྱབ་སྤེལ་བྱེད་མཁན་ཞིག་བྱས་ནས་གསར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཤེས་བྱ་དྲིལ་བསྒྲགས་ཧུར་ཐག་བྱེད་ཀྱི་ཡོད་པ་རེད། ལྔ།འབྲེལ་ཡོད་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས། སློབ་མ་དང་།ཁྱིམ་བདགདགེ་རྒན་དང་ལས་བཟོ་པ་བཅས་ཀྱིས་སློབ་གྲྭ་དང་འབྲེལ་ཡོད་སྡེ་ཁག་གིས་རིམས་ནད་བྱུང་ཚུལ་རྩད་ཞིབ་དང་ཐོ་འགོད་ཀྱི་ལས་དོན་སྤེལ་བར་གཞོགས་འདེགས་དང་རྒྱབ་སྐྱོར་བྱ་དགོས། གསར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚད་ཀྱི་འབྲེལ་ཡོད་ཤེས་བྱ་ཤེས་རྟོགས་བྱས་ནས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་།དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ།འཇིགས་སྣང་མི་བྱེད་པ་བཅས་བྱས་ཏེ་རིམས་ནད་ལ་ལྟ་སྟངས་ཡང་དག་འཛིན་གྱི་ཡོད། ཚང་མའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན། ང་ཚོས་ལག་གདང་སྦྲེལ་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་རིམས་ནད་མཉམ་འགོག་མཉམ་བཅོས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ལྷན་རྒྱས་དཔྱིད་གསར་དུས་ཆེན་སྤྲོ་པོ་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་གི་ཡིན།</h3>